ཉིན་ གཉིས་ གོང་ རྒྱ་ ནག་ གི་ མཚོ་ ཁུལ་ ལས་ དོན་ ལྷན་ ཁང་ གིས་ རྩོད་ རྙོག་ ཆེ་ བའི་ ཤར་ ལྷོ་ རྒྱ་ ནག་ རྒྱ་ མཚོའི་ ནང་ མཚོ་ ངོགས་ རྟོག་ ཞིབ་ ས་ ཚིགས་ གསར་ རྒྱག་ བྱ་ འཆར་ ཡོད་ ཚུལ་ བསྒྲགས་ འདུག
ཟླ་ འདིའི་ ཚེས་ ༡༧ ཉིན་ རྒྱ་ ནག་ གི་ མཚོ་ ཁུལ་ ལས་ དོན་ ལྷན་ ཁང་ གིས། ༢༠༢༠ ལོའི་ སྔོན་ དུ་ རྩོད་ རྙོག་ ཆེ་ བའི་ ཤར་ ལྷོ་ རྒྱ་ ནག་ རྒྱ་ མཚོའི་ མཚོ་ གླིང་ ཁག་ གི་ ཁུལ་ དུ་ མཚོ་ ངོགས་ རྟོག་ ཞིབ་ ས་ ཚིགས་ ཤིག་ གསར་ འཛུགས་ བྱ་ རྒྱུ་ དང་ ། ལྷག་ པར་ དུ་ རྒྱ་ ནག་ གིས་
རྒྱ་ ནག་ མཚོ་ ཁུལ་ ལས་ དོན་ ལྷན་ ཁང་ གིས་ མཚོ་ ངོགས་ རྟོག་ ཞིབ་ ས་ ཚིགས་ གསར་ རྒྱག་ བྱས་ ན་ རང་ བྱུང་ མཚོ་ རླབས་ འཕྱུར་ བའི་ གོད་ ཆག་ སྔོན་ འགོག་ དང་ མཚོ་ འགྲམ་ ཁུལ་ གྱི་ དཔལ་ འབྱོར་ ཡར་ རྒྱས། རྒྱ་ ནག་ ལ་ བདག་ དབང་ ཡོད་ པའི་ ཤར་ ལྷོ་ རྒྱ་ ནག་ རྒྱ་ མཚོའི་ མཚོ་ གླིང་ ཁག་ ལ་ སྲུང་ སྐྱོབ་ བྱེད་ པར་ དགེ་ མཚན་ ཡོད་ སྐོར་ བརྗོད་ འདུག
རྒྱ་ ནག་ གིས་ ལྷོ་ རྒྱ་ ནག་ རྒྱ་ མཚོའི་ ནང་ རྩོད་ རྙོག་ ཡོད་ པའི་ སི་ པུ་ རད་ ཊི་ ལེ་ མཚོ་ གླིང་ (Spratly Islands)གཙོས་ ཁ་ འཐོར་ མཚོ་ གླིང་ (Paracel Islands)དང་ ། བྱེ་ གླིང་ ཧྥེ་ རེའུ་ ཁུ་ རོབ་ སི་ རེ་ ཧྥི་ (Fiery Cross Reef)བཅས་ རྒྱ་ ནག་ གི་ རྒྱལ་ ཁོངས་ ཡིན་ པར་ བརྗོད་ སྟབས། ཧྥི་ ལི་ ཕིན་ དང་ ཝེ་ ཋི་ ནམ། ཐའེ་ ཝན། མ་ ལཱ་ ཤི་ ཡ། སྦར་ ནེ་ (Brunei) བཅས་ ཀྱིས་ ཀྱང་ རྒྱལ་ ཁོངས་ སོ་ སོའི་ ཡིན་ ཚུལ་ བརྗོད་ དེ་ རྩོད་ རྙོག་ འབྱུང་ བཞིན་ ཡོད། དེ་ ནི་ ཚན་ རིག་ པས་ མཚོ་ གླིང་ འདི་ དག་ ཁུལ་ དུ་ རྡོ་ སྣུམ་ དང་ སོལ་ རླངས་ ཀྱི་ ཐོན་ ཁུངས་ ཡག་ པོ་ ཡོད་ པ་ བསྒྲགས་ སྟབས། རྒྱ་ ནག་ གཙོས་ རྒྱལ་ ཁབ་ སོ་ སོས་ མཚོ་ གླིང་ འདི་ དག་ གི་ བདག་ དབང་ བརྩད་ དེ། རྒྱལ་ ཁབ་ ཁག་ གི་ བར་ ཛ་ དྲག་ གི་ གནས་ ཚུལ་ ཡང་ ཡང་ ཡོང་ གི་ ཡོད་ འདུག
ཤར་ རྒྱ་ ནག་ རྒྱ་ མཚོའི་ ནང་ དུའང་ རྒྱ་ ནག་ གིས་ ཏོབ་ ཡུ་ (Diaoyu) ཟེར་ བ་ དང་ ཉི་ ཧོང་ གི་ སན་ ཁཱ་ ཁོ་ (Senkaku) ཟེར་ བའི་ གླིང་ ཕྲན་ དེའི་ བདག་ དབང་ རྒྱ་ ནག་ ལ་ ཡོད་ ཚུལ་ བརྗོད་ སྟབས། རྒྱ་ ནག་ དང་ ཉི་ ཧོང་ བར་ གྱི་ ཕྱི་ སྲིད་ འབྲེལ་ ལམ་ ཇེ་ སྡུག་ ཏུ་ སོང་ སྟེ། རྒྱ་ ནག་ གིས་ ཡང་ ཡང་ ནན་ ཅིན་ དམར་ གསོད་ དོན་ རྐྱེན་ ཁ་ ལ་ འཁྱེར་ ཏེ་ ཉི་ ཧོང་ གིས་ དམར་ གསོད་ དོན་ རྐྱེན་ ལ་ དགོངས་ དག་ ཞུ་ དགོས་ པ་ མ་ ཟད། ཁོ་ ཚོའི་ ཤུལ་ ལུས་ ནང་ མི་ ལ་ གུན་ གསབ་ སྤྲོད་ དགོས་ ཚུལ་ བརྗོད་ པ་ དང་ ། ཉི་ ཧོང་ གིས་ རྒྱ་ ནག་ གི་ བཤད་ སྤྱོད་ དེ་ དག་ ལ་ སྣང་ མེད་ ཐོག་ སྲིད་ བློན་ ཨ་ བྷེ་ ཡིས་ འཛམ་ གླིང་ དམག་ ཆེན་ གཉིས་ པའི་ སྐབས་ ཉི་ ཧོང་ གི་ དམག་ མི་ བསད་ པའི་ རྗེས་ དྲན་ ལྷ་ ཁང་ ལ་ ཡང་ ཡང་ སོང་ སྟེ་ མཆོད་ འབུལ་ བྱེད་ ཀྱི་ ཡོད་ བྱས་ སྟབས། རྒྱལ་ ཁབ་ གཉིས་ ཀྱི་ ཕྱི་ སྲིད་ འབྲེལ་ ལམ་ ཇེ་ སྡུག་ ཏུ་ སོང་ ཡོད་ འདུག
ཨ་ རིས་ ཀྱང་ ཉི་ ཧོང་ དང་ ཧྥི་ ལི་ ཕིན། ཝེ་ ཋི་ ནམ་ བཅས་ ལ་ ཕྱི་ སྲིད་ འབྲེལ་ ལམ་ ཇེ་ ཡག་ ཏུ་ བཏང་ སྟེ། ཚོང་ ལས་ དང་ དམག་ དོན་ ཐོག་ གྲོས་ ཆོད་ འཇོག་ གི་ ཡོད་ ལ། རྒྱ་ གར་ སྲིད་ བློན་ མུ་ དྷི་ ཡིས་ ཀྱང་ ཤར་ ཕྱོགས་ སུ་ ལྟ་ བའི་ སྲིད་ བྱུས་ ལག་ བསྟར་ གྱིས་ ལྷོ་ ཨེ་ ཤ་ ཡའི་ རྒྱལ་ ཁབ་ ཚོའི་ བར་ དམག་ དོན་ དང་ ཚོང་ ལས་ འབྲེལ་ ལམ་ སྔར་ ལས་ ཡག་ ཏུ་ གཏོང་ གི་ ཡོད་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།།
