རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཐའེ་ཝན་གྱི་འོས་བསྡུའི་ཁྲོད་གོ་མིན་ཏང་ཕམ་ཉེས་ཆེན་པོ་ཤོར།

5E4A8A25-B3EB-4811-987D-7B69EB23E50D_mw1024_s_nཐའེ་ཝན་ས་གནས་ཀྱི་གཞུང་འཛིན་ལས་བྱེད་མི་སྣའི་འོས་བསྡུ་ཁྲོད་གོ་མིན་ཏང་ཕམ་ཉེས་ཆེན་པོ་ཤོར་ཏེ། ནང་ཁུལ་གྱི་གནོན་ཤུགས་འོག་སྲིད་འཛིན་མཱ་དབྱི་ཅུས་ཀྱིས་ཚོགས་པའི་ཚོགས་གཙོ་ནས་དགོངས་པ་ཞུ་དགོས་ཁེལ་སྲིད་པ་ཞིག་ཡིན་འདུག་ལ། ཁོང་གི་སྲིད་གཞུང་གིས་སྲིད་བྱུས་འཛིན་སྟངས་ལ་བསྐྱར་དུ་བསམ་གཞིགས་དགོས་པའི་དུས་ལ་སླེབས་ཡོད་འདུག

ཐའེ་ཝན་ས་གནས་ཀྱི་གལ་ཆེའི་གཞུང་འཛིན་ལས་བྱེད་མི་སྣའི་ཞབས་སྟེགས་དགུ་དུས་གཅིག་ཏུ་འོས་འདེམས་བྱེད་པའི་འོས་བསྡུ་དེ་ཕྱི་ཟླ་༡༡ པའི་ཚེས་༢༩ ཉིན་མཇུག་སྒྲིལ་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་ཐའེ་ཝན་གྱི་རྫོང་ཁག་༢༢ ཀྱི་གྲོང་ཁྱེར་སྤྱི་ཁྱབ་ལས་གོ་མིན་ཏང་ལ་ཞབས་སྟེགས་༦ ཁོ་ན་མ་གཏོགས་མ་ཐོོབ་པར། ཁ་གཏད་ཀྱི་མང་གཙོ་ཡར་ཐོན་ཚོགས་པར་ཞབས་སྟེགས་༡༣ དང་། ཐའེ་པན་གྱི་གྲོང་ཁྱེར་སྤྱི་ཁྱབ་ཚུད་པའི་ཞབས་སྟེགས་གཞན་༣ དེ་ཆབ་སྲིད་ཚོགས་པ་གང་དུའང་མི་གཏོགས་པའི་འོས་མི་ལ་ཐོབ་ཡོད་པ་དང་། ཐེངས་འདིའི་འོས་བསྡུ་དེ་ནི་ཕྱི་ལོ་༢༠༠༨ ལོར་གོ་མིན་ཏང་གིས་སྲིད་དབང་བཟུང་བ་ནས་ད་ལྟའི་བར་ཕམ་ཉེས་ཆེ་ཤོས་སུ་གྱུར་ཡོད་པ་རེད།
ཉིན་དེའི་དགོང་མོར་མང་གཙོ་ཡར་ཐོན་ཚོགས་པའི་ཚོགས་གཙོ་ལྕམ་ཚེ་དབྱི་ཝན་གྱིས་གཏམ་བཤད་ཅིག་སྤེལ་ཡོད་པའི་ནང་། ཐེངས་འདིའི་འོས་བསྡུའི་གྲུབ་འབྲས་ནི་ཐའེ་ཝན་མི་མང་ཡོངས་ཀྱི་རྒྱལ་ཁ་ཞིག་ཡིན་ལ། གཞོན་སྐྱེས་མི་རབས་གསར་པ་ཚོས་འགན་ཁུར་པའི་འགོ་ཚུགས་པ་ཞིག་ཀྱང་ཡིན་པ་མ་ཟད། ཚང་མས་གོ་མིན་ཏང་གི་ཕམ་ཁ་ལ་དཔེ་བླངས་ཏེ། གོམ་གང་མདུན་སྤོས་ཀྱིས་ཐའེ་ཝན་དེ་རྒྱལ་ཁའི་ཕྱོགས་སུ་ཁྲིད་བར་འབད་བརྩོན་བྱ་དགོས་ཞེས་བརྗོད་འདུག སྲིད་འཛིན་མཱ་དབྱི་ཅུས་ཀྱིས་ཀྱང་ཉིན་དེའི་དགོང་མོའི་ཆུ་ཚོད་༩ པའི་ཐོག་གཏམ་བཤད་ཅིག་སྤེལ་ཏེ་རྒྱབ་སྐྱོར་བ་རྣམས་ལ་དགོངས་སེལ་ཞུས་ཡོད་པ་མ་ཟད། ཐེངས་འདིའི་འོས་བསྡུ་དེ་གོ་མིན་ཏང་གི་ངོས་ནས་བཤད་ན་ཕམ་ཁ་ཆེ་པོ་ཞིག་ཡིན་པ་དང་། མགྱོགས་མྱུར་ངང་བཅོས་བསྒྱུར་གྱི་ལས་འཆར་སྤེལ་ཏེ་མི་མང་གི་བསམ་འདུན་བསྒྲྲུབ་རྒྱུ་ཡིན་ཞེས་བརྗོད་འདུག
དེ་བཞིན་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཐེངས་འདིའི་འོས་བསྡུ་ཁྲོད་གཞུང་འཛིན་ཆབ་སྲིད་ཚོགས་པ་གོ་མིན་ཏང་ཕམ་ཉེས་ཆེན་པོ་ཤོར་བའི་རྒྱུ་རྐྱེན་གཙོ་བོ་གཅིག་ནི། རྒྱ་ནག་དང་མཉམ་དུ་ཚོང་འབྲེལ་ཤུགས་ཆེར་གཏོང་པ་ལ་བརྟེན་ནས་བྱུང་ཡོད་པ་དང་། ད་ལོའི་ཕྱི་ཟླ་༣ པའི་ནང་ཐའེ་ཝན་སློབ་ཕྲུག་གཙོས་པའི་མི་མང་ཁྲི་༥༠ ལྷག་གིས་ཁྲིམས་བཟོ་ལྷན་ཁང་བཙན་བཟུང་གི་ལས་འགུལ་སྤེལ་ཏེ། <<མཚོ་འགག་གཉིས་ཀྱི་ཚོང་འབྲེལ་གྲོས་ཆོད་>> ལ་ངོ་རྒོལ་བྱེད་སྐབས། མཱ་དབྱི་ཅུས་སྲིད་གཞུང་གིས་མི་མང་གི་རེ་འདུན་ལ་ལན་འདེབས་ཡག་པོ་བྱས་མེད་པ་མ་ཟད། སློབ་ཕྲུག་གི་ལས་འགུལ་དེར་བརྟེན་ནས་སྲིད་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་འགྱུར་བ་གཏན་ནས་བཏང་མེད་སྟབས། ཐེངས་འདིའི་འོས་བསྡུའི་ཁྲོད་མང་ཚོགས་ཀྱིས་རང་གི་འོས་ཤོག་བེད་སྤྱོད་དེ་མཱ་སྲིད་གཞུང་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན
བང་ཆེན་དྲ་བ་ནས།།