གཟའ་ ཕུར་ བའི་ ཉིན་ རྔ་ པའི་ གླུ་ བ་ པདྨ་ རིག་ འཛིན་ ལགས་ སུ་ རྒྱ་ གཞུང་ གིས་ ཆབ་ དང་ འབྲེལ་ བ་ ཡོད་ པའི་ གླུ་ གཞས་ ཕབ་ སྐྲུན་ བྱས་ པའི་ ཉེས་ མིང་ འོག་ ལོ་ གཉིས་ དང་ ཕྱེད་ ཀྱི་ ཁྲིམས་ ཐག་ བཅད་ འདུག
ཟླ་ སྔོན་ མའི་ ཚེས་ ༢༧ ཉིན་ རྒྱ་ ནག་ ཁྲིན་ ཏུའུས་ གྲོང་ ཁྱེར་ གྱི་ ཅེན་ ཉོས་ ཆས་ འབྲིང་ རིམ་ མི་ དམངས་ ཁྲིམས་ ཁང་ ཟེར་ བས། རྔ་ པའི་ གླུ་ བ་ རང་ ལོ་ ༤༤ ཡིན་ པའི་ པདྨ་ རིག་ འཛིན་ ལགས་ སུ། ཆབ་ སྲིད་ དང་ འབྲེལ་ བ་ ཡོད་ པའི་ བོད་ སྐད་ གླུ་ གཞས་ འོད་ སྡེར་ སྒྲིག་
སྦྱོར་དང་ པར་ སྐྲུན་ བྱས་ པའི་ ཉེས་ མིང་ འོག་ ལོ་ ༢ དང་ ཟླ་ ༦ གི་ བཙོན་ འཇུག་ ཁྲིམས་ ཐག་ དང་ ། རྒྱ་ སྒོར་ ༥༠༠༠༠ ། ཉེས་ ཆད་ བཅད་ ཡོད་ འདུག
ཁོང་ ཕྱི་ ལོ་ ༢༠༡༣ ཟླ་ ༥ ཚེས་ ༧ ཉིན་ ཁྲིན་ ཏུའུས་ ནས་ འཛིན་ བཟུང་ བྱས་ ཤིང་ ། ད་ བར་ བཀག་ ཉར་ ཁང་ དུ་ ལྷག་ ཡོད་ འདུག ཁོང་ ལ་ ཁྲིམས་ ཐག་ གཅོད་ སྐབས་ ནང་ མི་ རེ་ ཟུང་ ཁྲིམས་ རར་ འགྲོ་ བཅུག་ ཡོད་ ཀྱང་ ནང་ མིར་ ཁྲིམས་ རྩོད་ པ་ གླ་ རྒྱུའི་ གོ་ སྐབས་ སྤྲད་ མི་ འདུག གླུ་ བ་ པདྨ་ རིག་ འཛིན་ ལགས་ ནི་ དམངས་ ཁྲོད་ ཀྱི་ གཞས་ པ་ ཞིག་ ཡིན་ པ་ དང་ ། ༡༩༨༢ ལོ་ ནས་ བཟུང་ ཁོང་ གིས་ (གངས་ ལྗོངས་ དྲན་ གླུ།) དང་ (མིག་ ཆུ།) སོགས་ བོད་ མི་ རིགས་ ཀྱི་ གནས་ བབ་ མཚོན་ པའི་ གླུ་ གཞས་ མང་ པོ་ ལེན་ མགོ་ བརྩམས་ ཤིང་ ། ཁོང་ གི་ ཕ་ སྐད་ གླུ་ གཞས་ སྒྲ་ ཐག་ དང་ འོད་ སྡེར་ དག་ ལ་ མང་ ཚོགས་ ཀྱི་ དགའ་ བསུ་ ཐོབ་ ཆེན་ པོ་ ཡོད་ པ་ དང་ ། ༢༠༠༨ ལོ་ ཙམ་ ནས་ ཁོང་ གིས་ རྒྱུན་ ལྡན་ གྱི་ གླུ་ གཞས་ གཏོང་ མཚམས་ བཞག་ སྟེ། སི་ ཁྲོན་ ཁྲིན་ ཏུའུ་ གྲོང་ ཁྱེར་ དུ་ གློག་ བརྙན་ སྒྲིག་ བཟོ་ ཁང་ ཞིག་ གསར་ འཛུགས་ ཀྱིས། བོད་ ཁམས་ ཀྱི་ གཞས་ བ་ གཞས་ མ་ མང་ པོའི་ མི་ རིགས་ ཀྱི་ ལས་ དབང་ དབྱངས་ སུ་ གྱེར་ བའི་ གླུ་ གཞས་ ཆེད་ བསྒྲིགས་ མང་ པོ་ སྒྲིག་ བཟོ་ བྱས་ ཡོད་ ཅིང་ ། རྒྱ་ གཞུང་ གི་ ཉེན་ རྟོག་ པས་ དེ་ སྔོན་ པདྨ་ རིག་ འཛིན་ ལགས་ སུ། གློག་ བརྙན་ སྒྲིག་ བཟོ་ ཁང་ དེ་ སྒོ་ རྒྱག་ དགོས་ པའི་ ཉེན་ བརྡ་ ཐེངས་ མང་ བཏང་ ཡོད་ འདུག
ཁོང་ གི་ ཕ་ ཡུལ་ ནི་ རྔ་ པ་ རྫོང་ རྨེ་ རུ་ མ་ ཡུལ་ ཚོའི་ རུ་ ཆེན་ ༤ པ་ ནས་ ཡིན་ ཞིང་ ། ཁོང་ རང་ ཆུང་ དུས་ ནས་ རྔ་ པ་ རྫོང་ གནམ་ མཚོ་ དགོན་ པ་ རུ་ གྲྭ་ བ་ བྱས་ ཏེ། གསེར་ རྟ་ བླ་ རུང་ ལྔ་ རིག་ ནང་ བསྟན་ སློབ་ གླིང་ དུ་ སློབ་ གཉེར་ གནང་ མྱོང་ ལ། ཕྱིས་ སུ་ སྐྱ་ སར་ བབས་ ཏེ་ བཟའ་ ཟླ་ བཀྲ་ ཤིས་ ཆོས་ སྒྲོན་ དང་ གཉེན་ སྒྲིག་ གིས་ ད་ ལྟ་ བུ་ ༢ དང་ བུ་ མོ་ ༡ བཅས་ ཡོད་ འདུག ཁོང་ གི་ ཕ་ མ་ གཉིས་ གྲོངས་ ཟིན་ འདུག ཅེས་ ཀིརྟིའི་ བྱེས་ པ་ གྲྭ་ ཚང་ གི་ བོད་ གནས་ འབྲེལ་ མཐུད་ པ་ བློ་ བཟང་ ཡེ་ ཤེས་ དང་ ཀ་ ཉག་ ཚེ་ རིང་ གཉིས་ ཀྱིས་ གནས་ ཚུལ་ བཏང་ འབྱོར་ བྱུང་ ། དུས་བབ་དྲ་བ་ནས།།
