ཕྱི་ ཚེས་ ༡༤ ཉིན་ གནས་ མཆོག་ རྡོ་ རྗེ་ གདན་ དུ་ དཔལ་ རྒྱལ་ བ་ ཀརྨ་ པ་ མཆོག་ གིས་ ཀུན་ གསལ་ མེ་ ལོང་ ཞེས་ པའི་ གསུང་ རབ་ མཉེན་ ཆས་ ཤིག་ དབུ་ འབྱེད་ གནང་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༡༤ ཉིན་ གནས་ མཆོག་ རྡོ་ རྗེ་ གདན་ གྱི་ ཉེ་ འཁྲིས་ སུ་ ཡོད་ པའི་ གཏེར་ སྒར་ དགོན་ གྱི་ བླ་ གྲྭ་ མང་ པོ་ འདུ་ འཛོམས་ ཐོག དཔལ་ རྒྱལ་ བ་ ཀརྨ་ པ་ མཆོག་
མཉེན་ ཆས་ དབུ་ འབྱེད་ ཐོག་ རྒྱལ་ བ་ ཀརྨ་ པ་ མཆོག་ གིས་ དམ་ ཆོས་ བང་ མཛོད་ ཅེས་ པའི་ ལས་ འཆར་ གྱི་ དགོས་ དམིགས་ སྐོར་ གསུངས་ དོན། དུས་ རབས་ ཉེར་ གཅིག་ པ་ འདིར་ ཆ་ འཕྲིན་ གྱི་ དུས་ རབས་ ཟེར་ གྱི་ ཡོད་ པ་ དང་ ། ཆ་ འཕྲིན་ དུས་ རབས་ འདིར་ དྲ་ རྒྱ་ དང་ སྤྱི་ ཚོགས་ འབྲེལ་ ལམ་ ངོ་ དེབ་ སོགས་ འདྲ་ མིན་ སྣ་ ཚོགས་ ཤིག་ ཡོད་ སྟབས། དེ་ ཚོ་ བརྒྱུད་ ནས་ གནས་ ཚུལ་ མང་ པོ་ ཞིག་ ཕན་ ཚུན་ གཏོང་ སྤེལ་ བྱེད་ པའི་ དུས་ ཚོད་ ཅིག་ ཏུ་ སླེབ་ བསྡད་ ཡོད་ པ་ རེད། སྔོན་ མ་ ཡིན་ ན་ བཀའ་ བསྟན་ བཅོས་ ཀྱི་ གསུང་ རབ་ དེ་ ཚོ་ གོས་ ཆེན་ གྱིས་ དཀྲིས་ ཏེ་ མཆོད་ བཤམས་ ནང་ བཞག་ ཡོད་ ཀྱང་ ། དེང་ སང་ གསུང་ རབ་ ལྟ་ ཀློག་ བྱེད་ པར་ ངེས་ པར་ དུ་ དཔེ་ མཛོད་ ཁང་ དུ་ འགྲོ་ མི་ དགོས་ པར་ སོ་ སོའི་ ལག་ ཐོགས་ ཁ་ པར་ དང་ གློག་ ཀླད་ སོགས་ ཀྱི་ ནང་ ནས་ ལྟ་ ཀློག་ ཐུབ་ པ་ ཞིག་ བཟོ་ དགོས་ པ་ དེ། དེང་ སང་ གི་ འགྲོ་ སྟངས་ འདྲ་ བོ་ ཆགས་ བསྡད་ ཡོད་ པ་ རེད། ཡིན་ ནའང་ ། བོད་ བརྒྱུད་ ནང་ པ་ སངས་ རྒྱས་ པའི་ ངོས་ ནས་ དེ་ ཚོའི་ ཕྱོགས་ ལ་ ཏོག་ ཙམ་ རྗེས་ ལུས་ འདྲ་ བོ་ ཐེབས་ བསྡད་ ཡོད་ པ་ རེད། ང་ ཚོའི་ བོད་ ཡིག་ གི་ དྲ་ རྒྱ་ དེ་ ཚོ་ ཡིན་ ནའང་ གཞན་ དག་ ལ་ བལྟས་ པ་ ཡིན་ ན་ རྒྱ་ ཆུང་ ཆུང་ དང་ གྲངས་ འབོར་ ཉུང་ ཉུང་ རེད། དེའི་ ནང་ ནས་ བཀའ་ བསྟན་ འགྱུར་ དང་ གསུང་ རབ་ སྐོར་ ནས་ དེ་ བས་ ཀྱང་ ཉུང་ ཉུང་ ཆགས་ ཡོད། དུས་ རབས་ ཀྱི་ རྗེས་ ཟིན་ པ་ བྱས་ ནས་ འགྲོ་ མ་ ཐུབ་ ན་ དེང་ དུས་ ཀྱི་ མིའི་ དགོས་ མཁོ་ དང་ འདོད་ བློ་ སྐོང་ མ་ ཐུབ་ པ་ ཆགས་ ཡོད་ དུས། དེང་ དུས་ ཀྱི་ མི་ ཚོས་ ང་ ཚོའི་ སྲོལ་ རྒྱུན་ གྱི་ གསུང་ རབ་ ལ་ དབྱིངས་ ཞེ་ དྲག་ མེད་ པར་ གསུང་ རབ་ རིན་ ཐང་ བྲལ་ བ་ དེ་ ཚོ་ རིམ་ གྱིས་ ལྟ་ ཀློག་ དང་ སློབ་ སྦྱོང་ བྱེད་ མཁན། དེ་ ལ་ ཞིབ་ འཇུག་ བྱེད་ མཁན་ ཉུང་ དུ་ ཉུང་ དུ་ འགྲོ་ བའི་ ཉེན་ ཁ་ ཡོད་ སྟབས། ང་ ཚོས་ ༼དམ་ ཆོས་ བང་ མཛོད༽ཅེས་ པའི་ ལས་ འཆར་ དེའི་ ཐོག་ ནས་ རྒྱལ་ བའི་ བཀའ་ འགྱུར་ དང་ བསྟན་ འགྱུར་ གཙོ་ བོར་ གྱུར་ བའི་ བོད་ བརྒྱུད་ ནང་ པ་ སངས་ རྒྱས་ པའི་ གསུང་ རབ་ ཆ་ ཚང་ བ་ ཞིག་ དང་ ། དེ་ ཙམ་ མ་ ཟད་ ཆོས་ དང་ མ་ འབྲེལ་ བའི་ བོད་ ཀྱི་ རིག་ གཞུང་ སྐད་ ཡིག་ དང་ འབྲེལ་ བའི་ ཡིག་ ཆ་ དེ་ ཚོའང་ ། དེང་ དུས་ ཀྱི་ ཐབས་ ལམ་ གསར་ པའི་ ཐོག་ ནས་ འཛམ་ གླིང་ སྤྱི་ ཡོངས་ ཀྱིས་ ཞིབ་ འཇུག་ དང་ སློབ་ སྦྱོང་ བྱེད་ པར་ སྟབས་ བདེ་ པོ་ དང་ ལས་ སླ་ པོ། བེད་ སྤྱོད་ ཆེན་ པོ་ ཡོང་ སླད་ དུ་ ལས་ འཆར་ འདི་ སྤེལ་ བ་ ཡིན་ ལ། དེ་ རིང་ གི་ ལས་ འཆར་ འདི་ ཚོད་ ལྟའི་ དཔེ་ མཚོན་ ཙམ་ དུ་ དབུ་ འབྱེད་ བྱེད་ ཀྱི་ ཡོད་ པ་ རེད། ཅེས་ གསུངས་ འདུག


གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

