ཕྱི་ཟླ་༡༢ པའི་ཚེས་༡༤ ཉིན་ཕྱི་ལོ་༢༠༡༤ ལོའི་འཛམ་གླིང་མཛེས་མའི་མཐའ་མའི་མགྲན་སྡུར་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་ཤར་ཕྱོགས་སུ་ཡོད་པའི་
ExCel ཞེས་པའི་འདུ་འཛོམས་ལྟེ་གནས་སུ་འཚོགས་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་༡༢༠ ཙམ་ནས་སླེབས་པའི་མཛེས་མ་རྣམས་ཀྱིས་ངོ་མཚར་ཆེ་བའི་མགྲན་རྩོད་ཀྱི་འཁྲབ་སྟོན་བྱས་ཏེ། མཇུག་མཐར་ལྷོ་ཨ་ཧྥི་རི་ཁའི་བུ་མོ་Rolene Strauss ཞེས་པར་ཕྱི་ལོ་༢༠༡༤ ལོའི་འཛམ་གླིང་མཛེས་མའི་དབུ་རྒྱན་ཐོབ་ཡོད་པ་རེད།
མཛེས་གླིང་མཛེས་མའི་མཚན་སྙན་ཐོབ་མཁན་གྱི་ལྷོ་ཨ་ཧྥི་རི་ཁའི་བུ་མོ་Rolene Strauss རང་ལོ་༢༢ དང་། གཟུགས་པོའི་རིང་ཚད་ལ་Cm177 ཡོད་ཅིང་། ལྷོ་ཨ་ཧྥི་རི་ཁའི་ཧྥི་རི་(རང་དབང་)མངའ་སྡེའི་སློབ་གྲྭ་ཆེན་མོའི་(University of the Free State) ནང་ཕྱི་ལུགས་གསོ་བ་རིག་པའི་ཞིབ་འཇུག་ཆེད་ལས་ཀྱི་སློབ་སྦྱོང་བྱེད་བཞིན་ཡོད་འདུག་ལ། མོ་ནི་བྱད་གཟུགས་མཛེས་པ་གཅིག་པུ་མ་ཡིན་པར་བློ་རིག་བཀྲ་བའི་མཛེས་མ་ཞིག་ཡིན་འདུག
ཐེངས་འདིའི་འཛམ་གླིང་མཛེས་མའི་མགྲན་སྡུར་ཁྲོད་ཁྱོན་མགྲན་ཞུགས་པ་༡༢༡ ཡོད་པའི་ཁྲོད། ཧན་གྷི་རི་(Hungary) ཡི་བུ་མོ་Edina Kulcsar ལ་ཨང་གཉིས་པ་དང་། ཨ་རི་ནས་ཡིན་པའི་བུ་མོ་Elizabeth Safrit ཨང་གསུམ་པ་བཅས་ཐོབ་ཡོད་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།

