ཉིན་ འདི་ གར་ རྒྱལ་ སྤྱིའི་ བརྒྱུད་ ལམ་ ཁག་ གི་ གནས་ ཚུལ་ ཆེ་ ཤོས་ རྒྱ་ ནག་ དབུས་ སྲིད་ ཁྲིམས་ ལྷན་ ཁང་ གི་ མགོ་ གཙོ་ ཟུར་ བ་ ཀྲུའུ་ ཡོང་ ཁང་ དང་ རྒྱ་ ནག་ གི་ སྲིད་ འཛིན་ ཟུར་ བ་ ཅང་ ཙེ་ མིན་ ཕྱོགས་ གཏོགས་ ཀྱི་ གནས་ ཚུལ་ དག་ ཡིན་ ཞིང་ ། དེའི་ ཁྲོད་ ནས་ པའོ་ ཞི་ ལེ་ དང་ ཝང་ ལིའི་ ཅུན་ དང་ ཀྲུའུ་ ཡོང་ ཁང་ ། ཉེ་ ལམ་ རང་ ལ་ ཐོན་ པའི་ ལིན་ ཅི་ ཧྭ་
ཟླ་ འདིའི་ ཚེས་ ༢༢ ཉིན་ ཝུན་ ཞའེ་ ཁྲིན་ (Wen Xuecheng)ཞེས་ པའི་ རྒྱ་ ཡིག་ གསར་ ལམ་ ཐོག་ གནས་ ཚུལ་ ཐོན་ པ་ ལྟར་ ན། དེ་ སྔའི་ རྒྱ་ ནག་ དབུས་ སྲིད་ ཁྲིམས་ ལྷན་ ཁང་ གི་ འགན་ འཛིན་ ཀྲུའུ་ ཡོང་ ཁང་ གིས་ འདས་ པའི་ ལོ་ བརྒྱད་ རིང་ རྒྱལ་ ཁབ་ ཀྱི་ གསང་ བ་ ཐེངས་ ༡༡ ཙམ་ ལ་ ཕྱི་ གྱར་ བྱས་ ཡོད་ པ་ དང་ ། དེ་ དག་ ལས་ ༢༠༠༤། ༢༠༠༧། ༢༠༡༠། ༢༠༡༡། ༢༠༡༢ བཅས་ སུ་ རྒྱལ་ ཁབ་ ཀྱི་ གསང་ བ་ གལ་ ཆེན་ ཕྱིར་ བསྐྱལ་ ཡོད། དེ་ དག་ ཁྲོད་ གསང་ བ་ ༧ ནི་ རྒྱལ་ ཁབ་ གཞན་ གྱི་ ཁེ་ དབང་ དང་ འབྲེལ་ བ་ ཡོད་ པའི་ གསང་ བ་ ཡིན་ ཚུལ་ སོགས་ འཁོད་ འདུག
ཟླ་ འདིའི་ ཚེས་ ༦ ཉིན་ ནས་ བཟུང་ རྒྱ་ ནག་ གཞུང་ གིས་ ཀྲུའུ་ ཡོང་ ཁང་ གི་ གྱོད་ དོན་ ཕྱི་ བསྒྲགས་ བྱས་ ཡོད་ ཅིང་ ། སྐབས་ དེར་ ཁོང་ ལ་ ལྐོག་ ཟ་ རུལ་ སུངས་ དང་ དབང་ ཆ་ སྒེར་ སྤྱོད། རྒྱལ་ ཁབ་ ཀྱི་ གསང་ བ་ ཕྱིར་ བསྒྲགས་ བྱས་ པ། བུད་ མེད་ མང་ པོར་ ཆགས་ སྲེད་ ལྐོག་ འབྲེལ་ བྱས་ པ་ སོགས་ ཀྱི་ ནག་ ཉེས་ དོན་ ཚན་ དྲུག་ བཙུགས་ ཏེ་ ཁྱབ་ བསྒྲགས་ བྱས་ ཡོད།
ཆབ་ སྲིད་ དཔྱད་ བརྗོད་ པ་ ཚོས་ ཀྲུའུ་ ཡོང་ ཁང་ གིས་ རྒྱ་ ནག་ གི་ གསང་ བ་ ཕྱི་ གྱར་ བྱས་ པ་ ཁག་ ལས་ གནད་ དོན་ ཆེ་ ཤོས་ གཉིས་ ནི། ༢༠༡༢ ལོར་ དེ་ སྔོན་ ཁྲོན་ ཆིན་ གྲོང་ ཁྱེར་ སྤྱི་ བདེ་ འགན་ འཛིན་ ཝང་ ལེའི་ ཅུན་ ཁྲིན་ ཏུའུ་ ཨ་ རིའི་ གཞུང་ ཚབ་ ཁང་ དུ་ བྲོས་ པའི་ གནས་ ཚུལ་ པའོ་ ཞེ་ ལེ་ ལ་ བཤད་ པ་ དང་ ། རྒྱ་ ནག་ གི་ དཔོན་ རིགས་ ཁག་ ཅིག་ གི་ དཔལ་ འབྱོར་ གནས་ སྟངས་ དང་ ཚོང་ འབྲེལ་ རྒྱུ་ ནོར་ སོགས་ ཕྱིའི་ གསར་ ལམ་ ནེའུ་ ཡོག་ དུས་ བབ་ སོགས་ ལ་ སྤྲད་ པ་ གཉིས་ ཡིན་ པའི་ ཚོད་ དཔག་ བྱེད་ བཞིན་ ཡོད་ འདུག
ཟླ་ ༡༢ ཚེས་ ༧ ཉིན་ བྷེ་ བྷེ་ སེ་ BBC གསར་ ཁང་ གིས་ གཟའ་ ཉི་ མའི་ དུས་ བབ་ "Sunday Times"ཀྱི་ གནས་ ཚུལ་ ལུང་ འདྲེན་ བྱས་ པའི་ ནང་ ། ཀྲུའུ་ ཡོང་ ཁང་ གིས་ ཏང་ དང་ རྒྱལ་ ཁབ་ ཀྱི་ གསང་ བ་ ཕྱི་ གྱར་ བྱས་ པ་ དེ་ དག་ ནི། ནུབ་ ཕྱོགས་ ཀྱི་ ཆབ་ སྲིད་ པ་ ཚོས་ ཧ་ ཅང་ ཤེས་ འདོད་ ཆེ་ བའི་ གནས་ ཚུལ་ དག་ ཡིན་ པ་ དང་ ། རྒྱ་ ནག་ སྲིད་ ཁྲིམས་ ལྷན་ ཁང་ གི་ མགོ་ གཙོར་ བསྡད་ མྱོང་ བའི་ ཀྲུའུ་ ཡོང་ ཁང་ གིས་ རྒྱ་ ནག་ གི་ གསང་ བ་ ཡོད་ ཚད་ ཤེས་ ཡོད་ སྟབས། ཐེངས་ འདིར་ རྒྱ་ ནག་ གཞུང་ གིས་ ཀྲུའུ་ ཡོང་ ཁང་ གི་ ཉེས་ གསོག་ ལྟར་ ཁྲིམས་ ཆད་ ལག་ བསྟར་ བྱས་ ཚེ་ ཁོ་ ལ་ སྲོག་ ཁྲིམས་ གཅོད་ རྒྱུ་ ལས་ ལམ་ ཁ་ གཞན་ མེད་ ཚུལ་ སོགས་ འཁོད་ འདུག
ཟླ་ འདིའི་ ཚེས་ ༡༥ ཉིན། ཨ་ རིར་ གནས་ སྡོད་ རྒྱ་ རིགས་ སྲིད་ དོན་ དཔྱད་ བརྗོད་ པ་ ཁྲིན་ ཕའོ་ ཁོན་ གྱིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ༢༠༡༤ ལོ་ ཟླ་ ༤ ཚེས་ ༣༠ ཉིན་ ཞིན་ ཅང་ ཡུ་ གུར་ མེ་ འཁོར་ ས་ ཚིགས་ ནས་ འགད་ རྫས་ དོན་ རྐྱེན་ བྱུང་ བ་ ནི་ ཀྲུའུ་ ཡོང་ ཁང་ གིས་ ཞི་ ཅིན་ ཕིན་ ལྐོག་ གསོད་ ཀྱི་ འཆར་ གཞི་ ཡིན་ པ་ དང་ ། ཟླ་ ༤ བ་ ནས་ ཀྲུའུ་ ཡོང་ ཁང་ གི་ རང་ དབང་ བཀག་ སྡོམ་ བྱས་ ཡོད་ ཀྱང་ སྲིད་ ཁྲིམས་ ཁང་ དུ་ ཁོ་ ལ་ མི་ ཡོད་ སྟབས། ཁོ་ ཚོས་ ཞི་ ཅིན་ ཕིན་ གྱི་ འགྲོ་ འདུག་ གསང་ བའི་ ངང་ ཡུ་ གུར་ ངོ་ ལོག་ ཚོགས་ ཁག་ ལ་ སྤྲད་ དེ་ ཞི་ ཅིན་ ཕིན་ རྩ་ མེད་ བྱ་ འཆར་ ཡོད་ ཀྱང་ ། ཟླ་ ༤ ཚེས་ ༢༧ ནས་ ༣༠ བར་ ཞི་ ཅིན་ ཕིན་ ཡུ་ གུར་ ནང་ ལྟ་ སྐོར་ དུ་ བསྐྱོད་ རྗེས་ མེ་ འཁོར་ ནང་ ཕྱི་ ལོག་ ནས་ ཆུ་ ཚོད་ ཁ་ ཤས་ རྗེས་ འགད་ རྫས་ དོན་ རྐྱེན་ དེ་ བྱུང་ ཡོད་ སྟབས། ལྐོག་ གསོད་ འཆར་ གཞི་ དེ་ ལེགས་ འགྲུབ་ བྱུང་ མེད།
ཁྲིན་ ཕའོ་ ཁོན་ གྱིས། རྒྱ་ ནག་ གཞུང་ གིས་ ཀྲུའུ་ ཡོང་ ཁང་ ལ་ སྲོག་ ཁྲིམས་ གཅོད་ རྒྱུའི་ གཉེན་ ཁ་ ཡོད་ པའི་ དཔེ་ མཚོན་ གཉིས་ བགྲང་ ཡོད་ པ་ ནི། ༡ ༽ བདུན་ ཕྲག་ ཁ་ ཤས་ སྔོན་ ལ་ རྒྱ་ ནག་ གཞུང་ འབྲེལ་ མཐོ་ རིམ་ མགོ་ གཙོ་ ༢༠༠ ལྷག་ གིས་ “ཧོང་ ཁུ་ ཀོན་ (Huang kegong) གྱི་ གྱོད་ དོན” ཞེས་ བའི་ བརྙན་ འཕྲིན་ ཞིག་ ལ་ བལྟས་ ཡོད་ པ་ དང་ ། ཧོང་ ཁུ་ ཀོན་ ནི་ མཐོ་ རིམ་ དམག་ དཔོན་ ཞིག་ ཡིན་ ཡང་ ། རྗེས་ སུ་ སློབ་ མ་ བུ་ མོ་ ཞིག་ བསད་ པའི་ ཉེས་ མིང་ འོག་ སྲོག་ ཁྲིམས་ བཅད་ ཡོད་ འདུག
༢ ༽ མི་ དམངས་ དྲ་ རྒྱ་ (Renming Wang) ནས་ གནས་ ཚུལ་ སྤེལ་ བར། ཀྲུའུ་ ཡོང་ ཁང་ གི་ བྱ་ སྤྱོད་ ནི་ ངོ་ ལོག་ པ་ དང་ གཅིག་ མཚུངས་ ཡིན་ པ་ དང་ ། ངོ་ ལོག་ པ་ ལྔའི་ ནང་ གཉིས་ གོ་ མིན་ ཏང་ གིས་ བསད་ ཡོད་ པ་ དང་ ། གསུམ་ གུང་ ཁྲན་ ཏང་ རང་ གིས་ བསད་ ཡོད་ ཅེས་ སོགས་ བརྗོད་ འདུག
ཁྲིན་ ཕའོ་ ཁོན་ གྱིས་ ཞི་ ཅིན་ ཕིན་ ལ་ དཔྱད་ ཞིབ་ གཞན་ ཞིག་ ནི། ཞི་ ཅིན་ ཕིན་ ནི་ མའོ་ ཙེ་ ཏུང་ དང་ ཏིན་ ཞའོ་ ཕན་ གཉིས་ ལས་ ལྷག་ ཡིན་ ཞིང་ ། རྒྱུ་ མཚན་ ནི་ མའོ་ ཙེ་ ཏུང་ དང་ ཐོག་ དཔལ་ འབྱོར་ རྩ་ གཏོར་ བཏང་ ཡོད་ པ་ དང་ ། ཏིན་ ཞའོ་ ཕིན་ གྱིས་ མའོ་ ཡི་ ནོར་ འཁྲུལ་ ཡོ་ བསྲང་ བྱས་ ཏེ། དཔལ་ འབྱོར་ བཅོས་ སྒྱུར་ བྱས་ ཡོད་ འདུག ཏིན་ ཞའོ་ ཕིན་ གྱིས་ དཔལ་ འབྱོར་ བཅོས་ བསྒྱུར་ བཅོས་ པ་ ལས་ ཆབ་ སྲིད་ བཅོས་ བསྒྱུར་ བྱས་ མེད་ སྟབས། ད་ བར་ ལྐོག་ ཟ་ རུལ་ སུངས་ གྱི་ གནས་ ཚུལ་ རྒྱ་ ཡན་ དུ་ བཏང་ ཡོད་ སྟབས། ད་ ཆར་ ཞི་ ཅིན་ ཕིན་ གྱི་ གོ་ སྐབས་ ནི་ ལྐོག་ ཟ་ རུལ་ སུངས་ རྩ་ མེད་ བཟོ་ རྒྱུ་ དེ་ རེད། ཅེས་ དབྱེ་ ཞིབ་ བྱས་ འདུག
ཁྲིན་ ཕའོ་ ཁོན་ གྱིས་ བཤད་ རྒྱུར། ཞི་ ཅིན་ ཕིན་ གྱིས་ རྒྱལ་ ཆེ་ ས་ ནས་ ལྐོག་ ཟ་ རུལ་ སུངས་ མེད་ པ་ བཟོ་ བཞིན་ ཡོད་ ཀྱང་ ། ཁོའི་ ངར་ ཤུགས་ ཆེ་ རུ་ འགྲོ་ མིན་ དེ་ ཁོས་ ཀྲུའུ་ ཡོང་ ཁང་ གསོད་ ཐུབ་ མིན་ ལ་ རག་ ལས་ ཡོད། གལ་ སྲིད་ ཞི་ ཅིན་ ཕིན་ གྱིས་ དབུས་ རྒྱུན་ ལས་ ཨུ་ ཡོན་ ཞིག་ བསད་ པ་ ཡིན་ ན། ཁོའི་ ངར་ ཤུགས་ དེས་ རྒྱལ་ ཁབ་ ཕྱི་ ནང་ ཀུན་ ལ་ གཡོ་ འགུལ་ ཆེན་ པོ་ གཏོང་ པ་ མ་ ཟད། ཅང་ ཙེ་ མིན་ གྱིས་ ཀྱང་ ལག་ པ་ བསྲིང་ མི་ ཐུབ་ པས་ གཞུང་ གི་ དབང་ ཆ་ ཡོད་ ཚད་ ཞི་ ཅིན་ ཕིན་ ལ་ དབང་ ངེས་ ཡིན། གལ་ སྲིད་ ཞི་ ཅིན་ ཕིན་ གྱིས་ ཀྲུའུ་ ཡོང་ ཁང་ མ་ བསད་ ཚེ། ཞི་ ཅིན་ ཕིན་ གྱིས་ ཀྲུའུ་ ཡོང་ ཁང་ གི་ རྒྱབ་ ལོགས་ ཀྱི་ སྟག་ རྒན་ ཅང་ ཙེ་ མིན་ ལ་ དམིགས་ ཡོད་ པ་ རྟོགས་ ཐུབ། གང་ ཡིན་ ཞེ་ ན། ཀྲུའུ་ ཡོང་ ཁང་ མ་ བསད་ པར་ མུ་ མཐུད་ བཙོན་ འཇུག་ བྱས་ ཏེ་ བཞག་ ན། ཁོ་ དང་ འབྲེལ་ ཡོད་ ཀྱི་ མི་ མང་ པོ་ ཞིག་ ཕྱིར་ འདོན་ ཐུབ་ པ་ མ་ ཟད། ལྷག་ པར་ དུ་ ཅང་ ཙེ་ མིན་ ཁུང་ བུ་ ནས་ ཕྱིར་ འདོན་ བྱེད་ ཐུབ་ པས་ ཡིན། ཞེས་ སོགས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༡༤ ཉིན་ ཞིན་ ཐཱང་ རིན་ (xintangren)ཞེས་ པའི་ དྲ་ ཚིགས་ སྟེང་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཀྲུའུ་ ཡོང་ ཁང་ ཚེས་ ༡༣ ཉིན་ རྒྱ་ ནག་ དྲག་ ཆས་ དམག་ མིས་ འདྲི་ གཅོད་ བྱེད་ ཡུལ་ ནས་ ཆིན་ ཁྲིན་ བཙོན་ ཁང་ དུ་ ཁྲིད་ ཡོད་ པའི་ གནས་ ཚུལ་ སྤེལ་ ཡོད་ སྟབས། ཆབ་ སྲིད་ དཔྱད་ བརྗོད་ པ་ ཚོས། གལ་ སྲིད་ གནས་ ཚུལ་ དེ་ དངོས་ སུ་ བྱུང་ ཡོད་ པ་ ཡིན་ ན་ ཀྲུའུ་ ཡོང་ ཁང་ དང་ ། རྒྱ་ ནག་ ཁྲོན་ ཆིན་ གྲོང་ ཁྱེར་ གྱི་ དེ་ སྔའི་ ཉེན་ རྟོག་ འགན་ འཛིན་ ཟུར་ བ་ ཝང་ ལིའི་ ཅུན་ དང་ ། དེ་ སྔའི་ ཁྲོན་ ཆེན་ གྲོང་ ཁྱེར་ ཨུ་ ཡོན་ མགོ་ གཙོ་ པའོ་ ཞི་ ལེ་ བཅས་ “སྐྱིད་ སྡུག་ མཉམ་ མྱོང་ གི་ སྤུན་ གྲོགས་ གསུམ་ ” ཆིན་ ཁྲིན་ ནས་ ལྷན་ འཛོམས་ བྱུང་ འདུག་ ཅེས་ ཟུར་ ཟ་ བྱས་ འདུག
ཟླ་ འདིའི་ ཚེས་ ༡༣ ཉིན་ ཧོང་ ཀོང་ རྨ་ བྱ་ གསར་ ཁང་ གི་ གསར་ འགོད་ པ་ ཚོན་ ནའི་ མིན་ (Cong Niming) གྱིས་ གནས་ ཚུལ་ སྤེལ་ པ་ ལྟར་ ན། ཟླ་ ༡༢ ཚེས་ ༥ ཉིན་ དྲག་ ཆས་ དམག་ མས་ ཀྲུའུ་ ཡོང་ ཁང་ འདྲི་ གཅོད་ ཁང་ ནས་ ཆིན་ ཁྲེན་ བཙོན་ ཁང་ དུ་ གནས་ སྤོར་ བྱས་ ཡོད་ པའི་ ཚོད་ དཔག་ བྱས་ ཡོད་ ཀྱང་ ། ཀྲུའུ་ ཡོང་ ཁང་ གི་ འདྲི་ གཅོད་ བྱེད་ ཡུལ་ གང་ ཡིན་ གསལ་ བོ་ ཤེས་ མེད་ ཀྱང་ ། ཉེ་ ཆར་ དྲ་ ལམ་ དུ་ ཀྲུའུ་ ཡོང་ ཁང་ ལ་ ས་ གནས་ མི་ འདྲ་ བ་ གསུམ་ ནང་ འདྲི་ གཅོད་ བྱས་ ཡོད་ པ་ དང་ ། ས་ གནས་ དེ་ དག་ ནི་ ཧྲན་ ཏོན་ ཀོ་ ཡང་ རྫོང་ དང་ ། ནང་ སོག ཐེན་ ཅིན་ བཅས་ ཡིན་ སྐོར་ ཚོད་ དཔག་ བྱས་ ཀྱང་ ཁུངས་ ལྡན་ ར་ སྤྲོད་ བྱེད་ མཁན་ སུ་ ཡང་ བྱུང་ མི་ འདུག་ ཅེས་ སྤེལ་ ཡོད་ འདུག
སྲིད་ དོན་ དཔྱད་ བརྗོད་ པ་ ཚོས། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ། ཝང་ ལིའི་ ཅུན་ གསུམ་ གྱི་ གྱོད་ དོན་ ལ་ མི་ འདྲ་ བའི་ ཆ་ ཡོད་ ཀྱང་ ། དོན་ དངོས་ སུ་ དེ་ ནི་ ཕན་ ཚུན་ འབྲེལ་ བ་ ཡོད་ པ་ དང་ ། དེ་ ནི་ ཀྲུའུ་ ཡོང་ ཁང་ དང་ ཝང་ ལིའི་ ཅུན། པའོ་ ཞི་ ལེ་ གང་ རུང་ གི་ ནག་ ཉེས་ མིན་ པར། ཀྲུའུ་ ཡོང་ ཁང་ གི་ རྒྱབ་ ཏུ་ ཅང་ ཙེ་ མིན་ ཡོད་ སྟབས། ནག་ ཉེས་ གཙོ་ བོ་ ཅང་ ཙེ་ མིན་ ལ་ ཡོད་ པ་ དང་ ། ཅང་ ཙེ་ མིན་ གྱི་ ནག་ ཉེས་ དེ་ གུང་ ཁྲན་ ཏང་ གི་ ནག་ ཉེས་ ཆགས་ ཡོད་ སྟབས། ཀྲུའུ་ ཡོང་ ཁང་ མེད་ པར་ བཟོས་ ཏེ་ ཅང་ ཙེ་ མིན་ གྱི་ ནག་ ཉེས་ འགེབས་ ཐུབ་ བྱ་ རྒྱུ་ ཡིན་ པའི་ ཚོད་ དཔག་ བྱས་ ཡོད།
རྨ་ བྱ་ གསར་ ཁང་ གིས་ ཕྱི་ སྡོད་ རྒྱ་ རིགས་ སྲིད་ དོན་ དབྱེ་ ཞིབ་ པ་ ཚོས་ དཔྱད་ བརྗོད་ བྱས་ པའི་ གནས་ ཚུལ་ འཁོད་ པའི་ ནང་ ། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ། ཝང་ ལིའི་ ཅུན་ གསུམ་ གྱི་ གྱོད་ དོན་ ཕྱོགས་ བསྡུས་ དབྱེ་ ཞིབ་ བྱས་ ཡོད་ པའི་ ནང་ ། ཝང་ ལིའི་ ཅུན་ གྱི་ གྱོད་ གཞི་ ནི་ པའོ་ ཞི་ ལེ་ ཡི་ སྐྱེས་ དམན་ ཀོ་ ཁེད་ ལའེ་ (GuKailai) ཡིས་ དབྱིན་ ཇིའི་ ཚོང་ པ་ ནེད་ ཧེ་ ཝོ་ ཌི་ (Neil Heywood)ཟེར་ བ་ ཞིག་ ལྐོག་ གསོད་ བྱས་ རྗེས། ཝང་ ལིའི་ ཅུན་ ཁྲིན་ ཏུའུ་ ཨ་ རིའི་ གཞུང་ ཚབ་ ཁང་ དུ་ བྲོས་ པ་ དེ་ ནས་ མགོ་ བཙུགས་ འདུག
༢༠༡༡ ལོ་ ཟླ་ ༡༡ ཚེས་ ༡༢ ཉིན། (Neil Heywood) དང་ ཀོ་ ཁེད་ ལའེ་ གཉིས་ ཀྱིས་ རང་ ཉིད་ ཀྱི་ ནག་ ཚོང་ འགེབས་ སྲོང་ བྱེད་ ཆེད། དབྱིན་ ཇིའི་ ཚོང་ པ་ ནེལ་ ཧེ་ བོ་ ཊི་ ལྐོག་ གསོད་ བྱ་ རྒྱུའི་ ངན་ གྲོས་ བྱས་ ཡོད་ པ་ དང་ ། ཚེས་ ༡༣ ཉིན་ ཀོ་ ཁེད་ ལའེ་ ཡིས་ མོའི་ འོག་ གི་ མི་ ཞིག་ ལ་ ནེལ་ ཧེ་ བོ་ ཊི་ ལ་ དུག་ བླུད་ དེ་ ལྐོག་ གསོད་ བྱས་ བཅུག་ ཡོད་ འདུག
༢༠༡༡ ལོ་ ཟླ་ ༡༡ ཚེས་ ༡༤ ཉིན་ གུང་ ། ཀོ་ ཁེད་ ལའེ་ ཡིས་ ནེལ་ ཧེ་ བོ་ ཊི་ ལྐོག་ གསོད་ ཀྱི་ གནས་ ཚུལ་ ཝང་ ལིའི་ ཅུན་ ལ་ བཤད་ སྐབས་ ཁོས་ ལྐོག་ ནས་ སྒྲ་ འཇུག་ བྱས་ ཡོད་ པ་ དང་ ། ཁོ་ གཉིས་ ཀྱིས་ སྒྲུབ་ པའི་ བྱ་ བ་ ཀོ་ ཁེད་ ལའེ་ ཡིས་ གསང་ བ་ བྱ་ རྒྱུའི་ ཁས་ ལེན་ བྱས་ རྗེས། ཁྲོན་ ཆིན་ གྲོང་ ཁྱེར་ ཉེན་ རྟོག་ པས་ ནེལ་ ཧེ་ བོ་ ཊི་ ཆང་ གིས་ བཟི་ ནས་ ཤི་ བ་ གསལ་ བསྒྲགས་ བྱས་ ཡོད་ འདུག
གནས་ ཚུལ་ དེ་ དག་ བྱུང་ རྗེས་ ཝང་ ལིའི་ ཅུན་ དང་ ཀོ་ ཁེད་ ལའེ་ གཉིས་ ཀྱིས་ ཕན་ ཚུན་ དོགས་ པ་ བྱས་ མཐར། ༢༠༡༢ ལོ་ ཟླ་ ༡ ཚེས་ ༢༨ ཉིན་ ཝང་ ལིའི་ ཅུན་ གྱིས་ པའོ་ ཞི་ ལེ་ ལ་ ཁྱེད་ ཚང་ གི་ གལ་ ཆེའི་ གྱོད་ དོན་ ཞེས་ སྙན་ སེང་ ཞུས་ ཡོད་ ཀྱང་ ། པའོ་ ཞི་ ལེ་ ཡིས་ སྐབས་ དེར་ ཁོ་ ལ་ འགྲམ་ ལྕག་ ཅིག་ གཞུས་ ཡོད་ འདུག
ཟླ་ ༢ ཚེས་ ༢ ཉིན་ ཝང་ ལིའི་ ཅུན་ སྤྱི་ བདེ་ འགན་ འཛིན་ གྱི་ གོ་ གནས་ ནས་ སྤོར་ པ་ དང་ ། གྱོད་ དོན་ རྩད་ ཞིབ་ པ་ ཚོས་ ཝང་ ལིའི་ ཅུན་ གྱི་ ལས་ བྱེད་ མི་ སྣ་ དང་ ཀོ་ ཁེད་ ལའེ་ ཡི་ གྱོད་ གཞི་ ཞིབ་ བཤེར་ བྱེད་ སྐབས། ཝང་ ལིའི་ ཅུན་ ལའང་ འཇིགས་ སྣང་ བྱུང་ སྟེ། ༢༠༡༢ ལོ་ ཟླ་ ༢ ཚེས་ ༦ ཉིན་ ཝང་ ལིའི་ ཅུན་ རང་ ཉིད་ སྲུང་ སྐྱོབ་ ཆེད་ ཨ་ རིའི་ གཞུང་ ཚབ་ ཁང་ དུ་ བྲོས་ ཡོད་ འདུག
༢༠༡༢ ལོ་ ཟླ་ ༢ ཚེས་ ༩ ཉིན་ རྒྱ་ ནག་ ཕྱི་ སྲིད་ ལྷན་ ཁང་ གིས་ ཨ་ རིའི་ གཞུང་ ཚབ་ ཁང་ ལ་ ཁ་ པར་ བཏང་ སྟེ་ ཝང་ ལིའི་ ཅུན་ རྩད་ གཅོད་ བྱས་ མཐར། ཁོ་ ཡོང་ ནས་ ཉིན་ གཅིག་ གི་ རྗེས་ སུ་ གཞུང་ ཚབ་ ཁང་ དང་ ཁ་ བྲལ་ ཡོད་ པ་ ཤེས་ རྟོགས་ བྱུང་ ཞིང་ ། དེའི་ རྗེས་ མུ་ མཐུད་ རྩད་ ཞིབ་ བྱས་ འདུག
༢༠༡༢ ལོ་ ཟླ་ ༩ ཚེས་ ༥ ཉིན་ གྱི་ དགོང་ མོ་ ཞིན་ ཧཱ་ གསར་ ཁང་ གི་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ ནག་ ཁྲིན་ ཏུའུ་ གྲོང་ ཁྱེར་ ཞིབ་ བཤེར་ ཁང་ གིས་ ཝང་ ལིའི་ ཅུན་ གྱི་ གྱོད་ གཞི་ སི་ ཁྲོན་ ཞིང་ ཆེན་ ཁྲིན་ ཏུའུ་ གྲོང་ ཁྱེར་ འབྲང་ རིམ་ ཁྲིམས་ ཞིབ་ ཁང་ དུ་ ཞུ་ གཏུག་ བྱས་ པ་ གསལ་ བསྒྲགས་ སྤེལ་ འདུག
༢༠༡༢ ལོ་ ཟླ་ ༩ ཚེས་ ༢༤ ཉིན་ གྱི་ སྔ་ དྲོར། ཁྲིན་ ཏུའུ་ འབྲང་ རིམ་ ཁྲིམས་ ཞིབ་ ཁང་ ནས་ ཝང་ ལིའི་ ཅུན་ གྱིས་ དབང་ ཆ་ སྒེར་ སྤྱོད་ དང་ ། གཉེན་ ཉེ་ འགེབས་ སྲུང་ ། བྲོས་ བྱོལ་ རྒྱབ་ འགལ། ལྐོག་ ཟ་ རུལ་ སུངས། བུད་ མེད་ མང་ པོར་ ལྐོག་ འབྲེལ་ བྱས་ པ་ སོགས་ ཀྱི་ ཉེས་ མིང་ བཙུགས་ ཏེ་ ལོ་ ༡༥ བཙོན་ འཇུག་ བྱ་ རྒྱུ་ དང་ ། ལོ་ ༡ ལ་ ཆབ་ སྲིད་ དབང་ ཆ་ ཕྱིར་ བསྡུ་ བྱ་ རྒྱུའི་ གསལ་ བསྒྲགས་ བྱས་ འདུག
པའོ་ ཞི་ ལེ་ ཡི་ གྱོད་ གཞི་ ནི། ༢༠༡༢ ལོ་ ཟླ་ ༢ ཚེས་ ༦ ཉིན་ ཝང་ ལིའི་ ཅུན་ ཁྲིན་ ཏུའུ་ ཨ་ རིའི་ གཞུང་ ཚབ་ ཁང་ དུ་ བྲོས་ བྱོལ་ བྱས་རྗེས། ཟླ་ ༣ ཚེས་ ༩ ཉིན་ པེ་ ཅིན་ དུ་ མི་ དམངས་ ཨུ་ ཡོན་ ཚོགས་ འདུའི་ གསར་ འགོད་ གསལ་ བསྒྲགས་ ཤིག་ གི་ སྐབས་ སུ། པའོ་ ཞི་ ལེ་ ཡིས་ རང་ ནུས་ གང་ ཐུབ་ ཀྱིས་ ཁོ་ དང་ ཁོའི་ ཆུང་ མ་ ཀོ་ ཁེད་ ལའེ་ གཉིས་ ཀྱི་ ནག་ ཉེས་ འགེབས་ སྲུང་ བྱས་ ཡོད་ འདུག
༢༠༡༢ ལོ་ ཟླ་ ༣ ཚེས་ ༡༤ ཉིན་ རྒྱ་ ནག་ གི་ སྲིད་ བློན་ ཝུན་ ཅ་ པོ་ ཡིས་ གསར་ འགོད་ གསལ་ བསྒྲགས་ སྟེང་ ། ཁྲོན་ ཆིན་ གྲོང་ ཁྱེར་ ཨུ་ ཡོན་ དང་ གྲོང་ ཁྱེར་ སྲིད་ གཞུང་ གཉིས་ ཀྱིས་ ཝང་ ལིའི་ ཅུན་ གྱི་ གྱོད་ གཞི་ དེ་ བསྐྱར་ ཞིབ་ བྱ་ རྒྱུ་ ཡིན་ པ་ བསྒྲགས་ ཡོད།
༢༠༡༢ ལོ་ ཟླ་ ༣ ཚེས་ ༡༥ ཉིན། པའོ་ ཞི་ ལེ་ ཡི་ ཁྲོན་ ཆིན་ གྲོང་ ཁྱེར་ ཨུ་ ཡོན་ མགོ་ གཙོ་ དང་ རྒྱུན་ ལས་ ཨུ་ ཡོན་ གྱི་ གོ་ གནས་ ཕྱིར་ བསྡུ་ བྱས་ ཡོད་ པ་ དང་ ། སྐབས་ དེར་ ཁོའི་ སྐྱེས་ དམན་ ཀོ་ ཁེད་ ལེ་ དང་ མོའི་ འོག་ གི་ ལས་ བྱེད་ ཀྲོང་ ཞའོ་ ཅིན་ (Zhang Shaojun) གཉིས་ ལ་ དབྱིན་ ཇིའི་ ཚོང་ པ་ ནེལ་ ཧེ་ བོ་ ཊི་ ལྐོག་ གསོད་ བྱས་ པའི་ དོགས་ གཞིའི་ འོག་ ཞིབ་ བཤེར་ བྱ་ རྒྱུའི་ ཁྱབ་ བསྒྲགས་ བྱས་ འདུག
༢༠༡༢ ལོ་ ཟླ་ ༤ ཚེས་ ༡༠ ཉིན། པའོ་ ཞི་ ལེ་ ཡིས་ དབུས་ ཆབ་ སྲིད་ ཁང་ དང་ དབུས་ ཨུ་ ཡོན་ གྱི་ ལས་ གནས་ ནས་ མཚམས་ འཇོག་ བྱ་ དགོས་ པ་ དང་ ། དབུས་ སྒྲིག་ ཁྲིམས་ ཞིབ་ བཤེར་ ཨུ་ ཡོན་ གྱིས་ གྱོད་ གཞི་ རྩད་ ཞིབ་ དང་ ། ཀོ་ ཁེད་ ལའེ་ དང་ ཀྲོང་ ཞའོ་ ཅིན་ གཉིས་ ལ་ མི་ གསོད་ དོགས་ གཞིའི་ འོག་ ཁྲིམས་ འཛིན་ ཁང་ ནས་ རྩད་ ཞིབ་ བྱ་ རྒྱུ་ ཐག་ གཅོད་ བྱས་ འདུག
༢༠༡༢ ལོ་ ཟླ་ ༩ ཚེས་ ༢༨ ཉིན། པའོ་ ཞི་ ལེ་ ཏང་ དང་ རྒྱལ་ ཁབ་ ཀྱི་ གོ་ གནས་ ནས་ ཕབ་ པ་ དང་ ། ནག་ ཉེས་ ལ་ དོགས་ གཞི་ ཡོད་ པའི་ ཐོག་ ཁྲིམས་ འཛིན་ ཁང་ དུ་ འདྲི་ གཅོད་ བྱ་ རྒྱུ་ དང་ ། ཝང་ ལིའི་ ཅུན་ དང་ ཀོ་ ཁེད་ ལའེ་ གཉིས་ ཀྱི་ མི་ གསོད་ དོན་ རྐྱེན་ ཐོག་ པའོ་ ཞི་ ལེ་ ཡིས་ དབང་ ཆ་ སྒེར་ སྤྱོད་ བྱས་ པ་ དང་ ། གཞན། ཁོས་ དམངས་ དངུལ་ སྒེར་ སྤྱོད། ལྐོག་ ཟ་ རུལ་ སུངས་ བཅས་ ཀྱི་ ནག་ ཉེས་ བསྒྲགས།
༢༠༡༢ ལོ་ ཟླ་ ༡༠ ཚེས་ ༢༦ ཉིན། པའོ་ ཞི་ ལེ་ ཡི་ རྒྱལ་ ཡོངས་ མི་ དམངས་ འཐུས་ མི་ ཚོགས་ ཆེན་ སྐབས་ བཅུ་ གཅིག་ པའི་ ཐོབ་ ཐང་ ཕྱིར་ བསྡུ་ བྱས་ རྗེས་ ཁོ་ ཁྲིམས་ འཛིན་ ཁང་ དུ་ བསྐྱལ་ ཡོད།
༢༠༡༢ ལོ་ ཟླ་ ༡༡ ཚེས་ ༧ ཉིན། རྒྱ་ ནག་ གུང་ ཁྲན་ ཏང་ སྐབས་ བཅུ་ བདུན་ པའི་ དབུས་ ཨུ་ ཡོན་ གྱི་ ཚོགས་ ཆེན་ ཐེངས་ བདུན་ པའི་ ཐོག་ པའོ་ ཞི་ ལེ་ ཏང་ གི་ ནང་ ནས་ ཕྱིར་ འཕུད་ གཏོང་ རྒྱུའི་ ཐག་ གཅོད་ བྱས།
༢༠༡༣ ལོ་ ཟླ་ ༧ ཚེས་ ༢༥ ཉིན། རྒྱ་ ནག་ ཧྲན་ ཏུང་ ཞང་ ཆེན་ ཅི་ ནན་ གྲོང་ ཁྱེར་ ཞིབ་ བཤེར་ ཁང་ གིས་ པའོ་ ཞི་ ལེ་ ཡི་ གྱོད་ གཞི་ ཅི་ ནན་ འབྲང་ རིམ་ ཁྲིམས་ ཞིབ་ ཁང་ ཏུ་ ཞུ་ གཏུག་ བྱས།
༢༠༡༣ ལོ་ ཟླ་ ༨ ཚེས་ ༢༢ ནས་ ༢༦ ཉིན་ ཧྲན་ ཏུང་ ཞང་ ཆེན་ ཅི་ ནན་ གྲོང་ ཁྱེར་ འབྲང་ རིམ་ ཁྲིམས་ ཞིབ་ ཁང་ གི་ ཁྲིམས་ ཁང་ ལྔ་ བའི་ ནང་ དུ་ པའོ་ ཞི་ ལེ་ ཡི་ གྱོད་ གཞི་ འདྲི་ གཅོད་ བྱས་ ཤིང་ ། ཅི་ ནན་ འབྲང་ རིམ་ ཁྲིམས་ ཞིབ་ ཁང་ གི་ གཞུང་ འབྲེལ་ མི་ སྣས་ བེའུ་ པོའོ་ (Weibo) དྲ་ ཐོག་ ལ་ འདྲི་ གཅོད་ ཀྱི་ བརྒྱུད་ རིམ་ ཁྱབ་ བསྒྲགས་ བྱས་ ཡོད་ འདུག
༢༠༡༣ ལོ་ ཟླ་ ༨ ཚེས་ ༢༤ ཉིན། པའོ་ ཞི་ ལེ་ ཡི་ འདྲི་ གཅོད་ ཉིན་ གསུམ་ སོང་ རྗེས། ཝང་ ལིའི་ ཅུན་ རྐུབ་ སྟེགས་ འཁོར་ ལོ་ ཅན་ ཞིག་ ཏུ་ བསྡད་ དེ་ པའོ་ ཞི་ ལེ་ ལ་ ཁ་ གཏད་ དུ་ ཡོང་ སྟེ། པའོ་ ཞི་ ལེ་ ཡིས་ ང་ ལ་ འགྲམ་ ལྕག་ གཞུས་ པ་ དེ་ ནི་ འགྲམ་ ལྕག་ ཞིག་ གི་ གནད་ དོན་ རྩ་ བ་ ནས་ མིན་ ཞེས་ བརྗོད་ ཡོད།
༢༠༡༣ ལོ་ ཟླ་ ༩ ཚེས་ ༢༢ ཉིན་ ཅི་ ནན་ གྲོང་ ཁྱེར་ འབྲང་ རིམ་ ཁྲིམས་ ཁང་ གིས་ པའོ་ ཞི་ ལེ་ ལ་ ལྐོག་ ཟ་ རུལ་ སུངས་ དང་ ། དབང་ ཆ་ སྒེར་ སྤྱོད་ ཀྱི་ ཉེས་ མིང་ འོག་ བཙོན་ འཇུག་ དང་ ། ཚེ་ གང་ བོར་ ཆབ་ སྲིད་ ཀྱི་ དབང་ ཆ་ ཕྱིར་ བསྡུ་ ཐག་ གཅོད་ བྱས་ ཡོད་ ཀྱང་ ། ཁོའི་ སྒེར་ གྱི་ རྒྱུད་ ནོར་ གཞུང་ བཞེས་ བཏང་ མེད།
༢༠༡༢ ལོ་ ཟླ་ ༩ ཚེས་ ༢༨ ཉིན་ ཞིན་ ཧྭ་ གསར་ ཁང་ གིས། པའོ་ ཞི་ ལེ་ ཡི་ གྱོད་ དོན་ ཞིབ་ བཤེར་ བྱས་ སྐབས་ ཁོས་ བུད་ མེད་ མང་ པོར་ ཁྲིམས་ འགལ་ བྱ་ སྤྱོད་ སྤེལ་ བ་ ཤེས་ རྟོགས་ བྱུང་ ཡོད་ ཅེས་ ཕྱི་ བསྒྲགས་ བྱས།
ཀྲུའུ་ ཡོང་ ཁང་ གི་ གྱོད་ དོན་ ནི། ཨ་ རིའི་ ནེའོ་ ཡོག་ དུས་ བབ་ (The New York Times) ཀྱིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ༢༠༡༢ ལོ་ ཟླ་ ༣ ཚེས་ ༧ ཉིན་ རྒྱ་ ནག་ དབུས་ རྒྱུན་ ལས་ ཆབ་ སྲིད་ ཨུ་ ཡོན་ ལྷན་ ཚོགས་ ཐོག་ སྲིད་ འཛིན་ ཧུའུ་ ཅིན་ ཐོ་ དང་ ། ཝུན་ ཅ་ པོ། ཞི་ ཅིན་ ཕིན། ལི་ ཁེ་ ཆིང་ བཅས་ ཀྱིས་ པའོ་ ཞི་ ལེ་ ཆབ་ སྲིད་ ཨུ་ ཡོན་ ལྷན་ ཁང་ ནས་ ཕྱིར་ འཕུད་ བྱ་ རྒྱུའི་ ཐག་ གཅོད་ སྐབས་ ཀྲུའུ་ ཡོང་ ཁང་ གིས་ ངོ་ རྒོད་ བྱས་ ཡོད་ འདུག
ཉི་ ཧོང་ གི་ གསར་ ཤོག་ ཡའོ་ མེའོ་ རེ་ ཞའི་ ཕང་ (Yomiuri Shimbun)གིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཀྲུའུ་ ཡོང་ ཁང་ དང་ པའོ་ ཞི་ ལེ་ གཉིས་ ལ་ ལྐོག་ འབྲེལ་ དམ་ པོ་ ཡོད་ པ་ དང་ ། ཝང་ ལིའི་ ཅུན་ གྱི་ གྱོད་ གཞི་ ཐག་ གཅོད་ སྐབས་ ཀྲུའུ་ ཡོང་ ཁང་ གིས་ གསང་ བའི་ ཡིག་ ཆ་ པའོ་ ཞི་ ལེ་ ལ་ སྤྲད་ ཡོད་ མེད་ ཀྱི་ གནས་ ཚུལ་ ཞིབ་ བཤེར་ བྱས་ འདུག
༢༠༡༢ ལོ་ ཟླ་ ༣ ཚེས་ ༡༥ ཉིན། རྒྱ་ ནག་ སྲིད་ འཛིན་ ཧུའུ་ ཅིན་ ཐོ་ ཡིས་ དམག་ ཁག་ ༣༨ བའི་ དམག་ དཔོན་ ཝང་ ཞའེ་ ཞིན་ (Wang Xuxin) དམག་ དཔོན་ གྱི་ གོ་ གནས་ ཕབ་ སྟེ། དམག་ སྤྱི་ ཆུང་ བ་ ཞོའི་ ལིན་ ཕིན་ (Xu Linping) ལ་ དམག་ དཔོན་ ཆེན་ མོའི་ གོ་ གནས་ སྤྲད། ཉིན་ དེར་ པའོ་ ཞི་ ལེ་ ལ་ འབྲེལ་ འདྲིས་ ཟབ་ མོ་ ཡོད་ པའི་ ཚོང་ པ་ དང་ རྒྱ་ ནག་ གི་ ཕྱུག་ བདག་ ཆེན་ མོ་ ཞའོ་ མིན་ (Xu Ming)ལ་ དཔལ་ འབྱོར་ གྱོད་ དོན་ དོགས་ གཞི་ ཡོད་ པའི་ བཀག་ ཉར་ བྱས།
རྒྱ་ ནག་ གི་ ཕྱི་ ལོགས་ ཀྱི་ གསར་ ལམ་ ཁག་ ཏུ་ གནས་ ཚུལ་ སྤེལ་ བར། ༢༠༡༢ ལོ་ ཟླ་ ༣ ཚེས་ ༡༩ ཉིན་ ཀྲུའུ་ ཡོང་ ཁང་ གི་ དྲག་ ཆས་ དམག་ མིས་ པའོ་ ཞི་ ལེ་ ཡི་ གལ་ ཆེའི་ དཔང་ མི་ ཞའོ་ མིན་ བཙན་ འཁྲིད་ བྱས། ཧུའུ་ ཅིན་ ཐོ་ ཡིས་ གསར་ དུ་ བསྐོ་ བཞག་ བྱས་ མ་ ཐག་ པའི་ དམག་ སྤྱི་ ཞོའི་ ལིན་ ཕིན་ གྱིས་ ཧོ་ པེ་ ཡི་ དམག་ ཁག་ ༣༨ པེ་ ཅིན་ ལ་ སྤོར་ ཡོད་ པ་ དང་ ། དམག་ མི་ ཚོས་ སྲིད་ འཛིན་ ཧུའུ་ ཅིན་ ཐོ་ ཡི་ བཀའ་ དང་ ལེན་ བྱས་ ཏེ། ཀྲུའུ་ ཡོང་ ཁང་ གི་ དྲག་ ཆས་ དམག་ མི་ ལ་ ཁ་ གཏད་ གཏོག་ ཐབས་ བྱས་ ཡོད་ འདུག ཀྲུའུ་ ཡོང་ ཁང་ གི་ དྲག་ ཆས་ དམག་ མིས་ ཧོ་ པེ་ ནས་ ཡོང་ བའི་ ཞོ་ ལིན་ ཕིན་ གྱི་ དམག་ མི་ ཕྱིར་ འཐེན་ བྱ་ དགོས་ པའི་ འཇིགས་ སྐུལ་ བྱས་ ཡོད་ ཀྱང་ ། ཅུང་ མ་ འགོར་ བར་ ཞོ་ ལིན་ ཕིན་ གྱི་ དམག་ མིས་ ཀྲུའུ་ ཡོང་ ཁང་ གི་ དྲག་ ཆས་ དཔུང་ དམག་ ལ་ དབང་ སྒྱུར་ བྱས་ ཐུབ་ ཡོད་ འདུག
༢༠༡༢ ལོ་ ཟླ་ ༨ ཚེས་ ༢༩ ཉིན། རྒྱ་ ནག་ ཏང་ གི་ ཚོགས་ ཆེན་ བཅོ་ བརྒྱད་ པའི་ སྟེང་ སྲིད་ ཁྲིམས་ ཀྱི་ མགོ་ གཙོ་ འཛུལ་ བཞུགས་ མི་ ཆོག་ པ་ བཟོས་ ཡོད་ པ་ དང་ ། དེ་ སྔོན་ ཆབ་ སྲིད་ སྡེ་ ཚན་ གྱི་ མགོ་ གཙོ་ མི་ དགུ་ ཚང་ དགོས་ པའི་ གྲོས་ ཚོགས་ དེ་ མི་ བདུན་ དུ་ བཟོས་ ཏེ་ སྲིད་ ཁྲིམས་ ཨུ་ ཡོན་ ལྷན་ ཁང་ གི་ གོ་ གནས་ དེ་ མེད་ པ་ བཟོས་ ཡོད་ འདུག
༢༠༡༢ ལོ་ ཟླ་ ༡༡ ཚེས་ ༡༩ ཉིན། ཀྲུའུ་ ཡོང་ ཁང་ རྒྱ་ ནག་ དབུས་ སྲིད་ ཁྲིམས་ མགོ་ གཙོའི་ གོ་ གནས་ ནས་ ཕབ།
༢༠༡༣ ལོ་ ཟླ་ ༡༢ ཚེས་ ༡ ཉིན། རྒྱ་ ནག་ དབུས་ ཆབ་ སྲིད་ རྒྱུན་ ལས་ ཨུ་ ཡོན་ ཚོགས་ འདུའི་ སྟེང་ ། དབུས་ སྒྲིག་ ཁྲིམས་ ཨུ་ ཡོན་ ལྷན་ ཁང་ གིས་ ཀྲུའུ་ ཡོང་ ཁང་ གི་ ནག་ ཉེས་ ཚོགས་ ཐོག་ ཏུ་ སྙན་ སེང་ ཞུས་ རྗེས། དེ་ དག་ གསལ་ བོ་ རྩད་ ཞིབ་ བྱ་ རྒྱུའི་ ཐག་ གཅོད་ བྱུང་ །
༢༠༡༤ ལོ་ ཟླ་ ༧ ཚེས་ ༢༩ ཉིན་ རྒྱ་ ནག་ དབུས་ ཆབ་ སྲིད་ ལྷན་ ཁང་ གི་ ཚོགས་ འདུའི་ སྐབས། དབུས་ སྒྲིག་ ཁྲིམས་ ཞིབ་ བཤེར་ ཨུ་ ཡོན་ ལྷན་ ཁང་ གིས། ཀྲུའུ་ ཡོང་ ཁང་ གི་ གྱོད་ དོན་ ཞིབ་ བཤེར་ བརྒྱུད་ རིམ་ སྙན་ སེང་ ཞུས་ རྗེས། ཀྲུའུ་ ཡོང་ ཁང་ ལ་ འདྲི་ གཅོད་ བྱ་ རྒྱུ་ གཏན་ ཁེལ་ བྱས།
༢༠༡༤ ལོ་ ཟླ་ ༡༢ ཚེས་ ༦ ཉིན་ གྱི་ ཞོགས་ པར་ རྒྱ་ ནག་ གཞུང་ གིས་ ཀྲུའུ་ ཡོང་ ཁང་ ཏང་ ནས་ ཕྱིར་ ཕུད་ བྱས་ ཚུལ་ བསྒྲགས་ པ་ དང་ ། ཀྲུའུ་ ཡོང་ ཁང་ ཉིན་ དེར་ འཛིན་ བཟུང་ བྱས་ ཡོད་ འདུག ཁོའི་ ནག་ ཉེས་ ཁྲིམས་ འཛིན་ ཁང་ ནས་ ཐག་ གཅོད་ བྱ་ དགོས་ ཀྱང་ ། ཆེས་ མཐོ་ ཁྲིམས་ ཞིབ་ པས་ ལྐོག་ ནས་ ཞིབ་ བཤེར་ བྱས་ ཟིན་ སྟབས། ཁོ་ ལ་ ལྐོག་ ཟ་ རུལ་ སུངས་ དང་ དབང་ ཆ་ སྒེར་ སྤྱོད། རྒྱ་ ནག་ གཞུང་ དང་ ཏང་ གི་ གསང་ བ་ ཕྱིར་ བསྒྲགས། བུད་ མེད་ མང་ པོར་ ཆགས་ སྲེད་ ཀྱིས་ ལྐོག་ འབྲེལ་ བྱས་ པ་ སོགས་ ཀྱི་ ནག་ ཉེས་ དང་ ། དེ་ མིན་ གྱི་ ནག་ ཉེས་ གཞན་ ལའང་ དོགས་ གཞི་ ཡོད་ པ་ བཅས་ ཀྱི་ ཉེས་ མིང་ བགྲང་ སྟེ་ ཕྱི་ བསྒྲགས་ བྱས་ འདུག དུས་བབ་དྲ་བ་ནས།









