ཉེ་
ཟླ་ འདིའི་ ཕྱི་ ཚེས་ ༧ ཉིན་ འཇར་ མན་ མེན་ ཅིན་ གསར་ ཁང་ གི་ དཔལ་ འབྱོར་ དུས་ དེབ་ སྟེང་ ། རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ གྱི་ དབང་ ཤུགས་ གཅིག་ སྡུད་
གནས་ ཚུལ་ དེ་ ཕྱི་ ཕྱོགས་ ཀྱི་ བརྒྱུད་ ལམ་ ཁག་ ཏུ་ ཁྱབ་ རྗེས། རྒྱ་ ནག་ ཤིན་ ཧྭ་ གསར་ ཁང་ གིས་ ཟླ་ འདིའི་ ཕྱི་ ཚེས་ ༡༤ ཉིན་ ནས་ བཟུང་ ཉིན་ གྲངས་ ༧ རིང་ སྲིད་ བློན་ ལི་ ཁེ་ ཆིང་ གིས་ ཡ་ གླིང་ གི་ རྒྱལ་ ཁབ་ གསུམ་ དུ་ རྒྱལ་ དོན་ སྐོར་ སྐྱོད་ མགོ་ བཙུགས་ བྱས་ ཡོད་ པ་ དང་ ། ཐེངས་ འདིའི་ སྐོར་ སྐྱོད་ སྐབས་ རྒྱལ་ སྤྱིའི་ ཚོགས་ ཆེན་ ཐོག་ མཉམ་ ཞུགས་ ཀྱིས་ རྒྱལ་ ཁབ་ ༢༢ ཀྱི་ མགོ་ ཁྲིད་ དང་ མཇལ་ འཕྲད་ གནང་ རྒྱུ་ དང་ ། ཕྱི་ འབྲེལ་ གྱི་ བྱེད་ སྒོ་ ཁག་ ༧༠ ཉེ་ བ་ ཡོད་ སྐོར་ དང་ ། ལི་ ཡི་ མངོན་ གསལ་ གྱི་ སྤྱོད་ ཚུལ་ དང་ དབང་ ཤུགས་ ཀྱིས་ སྔར་ ལས་ འཛམ་ གླིང་ གི་ སྐྱེས་ བུ་ མང་ པོའི་ ཡིད་ དབང་ འགུག་ རྒྱུ་ ཡིན་ ལུགས་ བསྒྲགས་ འདུག
ཨ་ རིའི་ རླུང་ འཕྲིན་ ཁང་ གི་ རྒྱ་ སྐད་ སྡེ་ ཚན་ གྱིས་ མེན་ ཅིན་ གསར་ ཁང་ གི་ སྤྱི་ གཉེར་ བ་ ཧེ་ ཕིན་ ལགས་ སུ་ གནས་ ཚུལ་ དེའི་ སྐོར་ བཅར་ འདྲི་ བྱེད་ སྐབས་ ཁོང་ གིས། གནས་ ཚུལ་ དེས་ ལི་ ཁེ་ ཆིང་ ད་ ལྟ་ སྲིད་ སྟེགས་ ནས་ ཕབ་ རྒྱུ་ རེད་ ཟེར་ གྱི་ ཡོད་ པ་ མ་ རེད། ཐེངས་ རྗེས་ མའི་ རྒྱ་ ནག་ དམར་ ཤོག་ ཚོགས་ པའི་ རྒྱུན་ ལས་ འཕོ་ འགྱུར་ སྐབས་ ལི་ ཁེ་ ཆིང་ སྔར་ བཞིན་ སྲིད་ བློན་ དུ་ འདུག་ མི་ ཐུབ་ པ་ མ་ ཟད། ཁོ་ བོའི་ གོ་ གནས་ མངོན་ གསལ་ གྱིས་ མར་ ཆག་ སྟེ། རྒྱལ་ ཡོངས་ དམངས་ ཆེན་ རྒྱུན་ ལས་ ལྷན་ ཁང་ གི་ དབང་ ཆ་ ཅི་ ཡང་ མེད་ པའི་ མགོ་ ཁྲིད་ རིམ་ པ་ གཉིས་ པ་ ཞིག་ ཏུ་ བསྐོ་ བཞག་ བྱེད་ སྲིད་ པ་ དང་ ། དེ་ ལ་ རྒྱུ་ མཚན་ གཉིས་ ཡོད། གཅིག་ ནས་ ཁོ་ བོའི་ དཔལ་ འབྱོར་ རིག་ པའི་ ཤེས་ ཚད་ ཀྱིས་ འདང་ གི་ མེད་ པ་ དང་ ། དཔལ་ འབྱོར་ དོ་ དམ་ ནུས་ པ་ ཧ་ ཅང་ ཞན་ པ། གཉིས་ ནས་ ཁོ་ བོའི་ གཟུགས་ པོའི་ གནས་ སྟངས་ ཀྱིས་ ཡོང་ གི་ མེད་ པ་ རེད། གནས་ ཚུལ་ དེ་ སྔ་ ས་ ནས་ རྒྱ་ ནག་ གི་ མཐོ་ རིམ་ སྤྱི་ ཚོགས་ དང་ དཔོན་ རིགས་ ནང་ ཁུལ་ དུ་ ཁྱབ་ ཟིན་ པ་ རེད། ཅེས་ བརྗོད་ འདུག
པེ་ ཅིན་ གྲོང་ ཁྱེར་ གྱི་ སྲིད་ གཞུང་ ལྟེ་ གནས་ ཀྲུང་ ནན་ ཧེ་ རུ་ གནས་ སྡོད་ བྱེད་ མཁན་ ཞིག་ གིས་ གསར་ འགོད་ པར། སྲིད་ བློན་ ལི་ ཁེ་ ཆིང་ ལ་ དེ་ སྔོན་ ནས་ གཅིན་ པ་ མངར་ འགྱུར་ གྱི་ ན་ ཚ་ ཡོད་ པ་ དང་ ། སྲིད་ བློན་ དུ་ བསྐོ་ བཞག་ བྱས་ རྗེས་ ཕྱི་ ནང་ གི་ ལས་ ཀའི་ གནོན་ ཤུགས་ ཀྱིས་ ཁོ་ བོའི་ ན་ ཚ་ ཇེ་ སྡུག་ ཇེ་ སྡུག་ ཏུ་ འགྲོ་ བཞིན་ ཡོད་ ལ། འདས་ པའི་ ལོ་ ༢ ནང་ ལི་ ཡི་ ལུས་ ཁམས་ གནད་ དོན་ ཐད་ ཀྲུང་ ནན་ ཧེ་ རུ་ ལབ་ གླེང་ མང་ པོ་ བྱུང་ བཞིན་ ཡོད་ པ་ དང་ ། ཡོངས་ ཁྱབ་ ཀྱི་ བྱེད་ སྒོ་ མ་ གཏོགས་ རྒྱུན་ དུ་ སྒོ་ ཕྱི་ རུ་ འགྲོ་ བའང་ ཧ་ ཅང་ ཉུང་ ཉུང་ ཡིན་ སྐོར་ བརྗོད་ འདུག
རྒྱ་
གནད་ དོན་ དཔྱད་ ཞིབ་ པ་ ཚོས། ད་ ལྟ་ རྒྱ་ ནག་ དམར་ ཤོག་ ཚོགས་ པའི་ དབང་ ཆ་ ཡོད་ ཚད་ ཞི་ ཅིན་ ཕིན་ གྱིས་ བདག་ བཟུང་ བྱས་ ཏེ། ལི་ ཁེ་ ཆིང་ ལ་ དམག་ དོན་ དང་ དཔལ་ འབྱོར་ སོགས་ ལ་ དོ་ དམ་ གྱི་ དབང་ ཆ་ ཅི་ ཡང་ མེད་ སྟབས། རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ གི་ སྲིད་ བློན་ གྱི་ མིང་ དེ་ དགོས་ མཁོ་ མེད་ པ་ ཞིག་ ཏུ་ གྱུར་ ཡོད་ ཀྱང་ ། ཞི་ ཅིན་ ཕིན་ གྱིས་ ཁོ་ རང་ གི་ སྒྲིག་ འཛུགས་ དེ་ སྲ་ བརྟན་ དུ་ གཏོང་ བར་ ཐབས་ ཇུས་ ཡོད་ རྒུ་ འདོན་ བཞིན་ ཡོད་ སྟབས། ལི་ ཁེ་ ཆིང་ སྲིད་ བློན་ ནས་ འཕོ་ འགྱུར་ བཏང་ བ་ ཡིན་ ན། སྒྲིག་ འཛུགས་ ནང་ ཁུལ་ དུ་ གཡོ་ སྐྱོམ་ ཆེན་ པོ་ བྱུང་ རྒྱུ་ ཡིན་ པས། ད་ ལྟ་ ཁོ་ བོ་ སྲིད་ བློན་ ནས་ འཕོ་ འགྱུར་ གཏོང་ མི་ སྲིད་ ཀྱང་ ། སྲིད་ བློན་ ལས་ འཁུར་ གྱི་ དུས་ ཡུན་ རྫོགས་ རྒྱུར་ ད་ དུང་ ལོ་ ༣ ཙམ་ ཡོད་ པས་ ཉེན་ ཁ་ ཆེན་ པོ་ ཡོད་ སྐོར་ དང་ ། མ་ འོངས་ རྒྱུན་ ལས་ འཕོ་ འགྱུར་ སྐབས་ སྲིད་ བློན་ འོས་ མིར་ ཁྲུང་ ཆིན་ གྲོང་ ཁྱེར་ གྱི་ དམར་ ཤོག་ དྲུང་ ཆེ་ སུན་ ཀྲིན་ ཚེ་ དང་ ། རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ གི་ སྲིད་ བློན་ གཞོན་ པ་ ཝང་ ཡཱང་ ། ཧྲང་ ཧེ་ གྲོང་ ཁྱེར་ གྱི་ དམར་ ཤོག་ དྲུང་ ཆེ་ ཧན་ ཀྲིན་ བཅས་ བསླེབ་ སྲིད་ པ་ དང་ ། གལ་ སྲིད་ ཞི་ ཅིན་ ཕིན་ གྱིས་ རང་ ཕྱོགས་ ཀྱི་ མི་ ཞིག་ དམིགས་ འབེན་ དུ་ བཟུང་ ཡོད་ ན། ཧན་ ཀྲིན་ ཟེར་ བ་ སྔོན་ ཆད་ ཁོ་ རང་ གི་ ལག་ རོགས་ ཤིག་ ཡིན་ པས་ སྲིད་ བློན་ གྱི་ རྐུབ་ སྟེགས་ ཁོ་ བོར་ སྤྲོད་ སྲིད་ སྐོར་ བརྗོད་ ཀྱི་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
