རྒྱ་ ནག་ གི་ མི་ སེར་ ཡིན་ པའི་ ཏུར་ ཀི་ སི་ ཐན་ ཁ་ ཆེ་ ལས་ འགུལ་ ཚོགས་ པའི་ ཚོགས་ མི་ ༣༠༠ ལྷག་ དཀྱུལ་ ཤར་ ཁ་ ཆེ་ འཇིགས་ སྐུལ་ ཚོགས་ པ་ (ISIS)ཞེས་ པའི་ ནང་ ཞུགས་ ཏེ་ ཨི་ རག་ དང་ སི་ རེ་ ཡའི་ གཞུང་ དམག་ ལ་ འཐབ་ འཁྲུག་ རྒྱག་ གི་ ཡོད་ འདུག
ཕྱི་ ཚེས་ ༡༦ ཉིན་ རྒྱལ་ སྤྱིའི་ གསར་ ལམ་ ཁག་ ཅིག་ ནང་ གནས་ ཚུལ་ སྤེལ་ བར། ད་ ལྟའི་ རྒྱ་ ནག་ འོག་ ཡོད་ པའི་ ཡུ་ གུར་ ཁ་ ཆེ་ ལས་ འགུལ་ ཚོགས་ པ་ (ETIM) ཡི་
རྒྱ་ ནག་ གཞུང་ འབྲེལ་ གོ་ ལའི་ དུས་ བབ་ (Global Times)ཞེས་ པའི་ ཐོག ཨི་ རག་ གི་ སི་ རེ་ ཡ། ལེ་ བྷན་ ནོན་ བཅས་ ཀྱི་ འབྲེལ་ ཡོད་ བདེ་ སྲུང་ ལས་ ཁུངས་ ཀྱིས།ཡུ་ གུར་ ཁ་ ཆེ་ འཇིགས་ སྐུལ་ པ་ ༣༠༠ ལྷག་ གིས་ ཁ་ ཆེ་ འཇིགས་ སྐུལ་ དྲག་ སྤྱོད་ ཚོགས་ པའི་ ཁོངས་ སུ་ ཞུགས་ ཏེ། ཨི་ རག་ དང་ སི་ རེ་ ཡར་ དམག་ འཁྲུག་ རྒྱག་ གི་ ཡོད་ པའི་ གནས་ ཚུལ་ རྒྱ་ གཞུང་ ལ་ མཁོ་ སྤྲོད་ བྱས་ ཡོད། ཅེས་ འཁོད་ ཡོད།
རྒྱ་ ནག་ ཕྱི་ སྲིད་ ལྷན་ ཁང་ གི་ མགྲིན་ ཚབ་ པ་ ཆིན་ ཀང་ གིས་ གསར་ འགོད་ པར། ཨི་ རག་ དང་ སི་ རེ་ ཡའི་ ནང་ རྒྱ་ ནག་ གི་ མི་ སེར་ ཡིན་ པའི་ འཇིགས་ སྐུལ་ པ་ ག་ ཚོད་ ཡོད་ མེད་ ཏག་ ཏག་ བརྗོད་ དཀའ་ ཡང་ ། ད་ ལྟའི་ གནས་ སྟངས་ འོག་ འཇིགས་ སྐུལ་ པ་ མང་ པོ་ ཞིག་ རྒྱལ་ མཚམས་ གང་ རུང་ བརྒྱུད་ དཀྱིལ་ ཤར་ ཨེ་ ཡ་ ཤའི་ ནང་ འགྲོ་ བའི་ ལམ་ ཁ་ མང་ པོ་ ཡོད་ སྟབས། རྒྱལ་ ཁབ་ ཚང་ མས་ འཛམ་ གླིང་ གི་ ཞི་ བདེ་ དང་ བརྟན་ བརླིང་ སྲུང་ སྐྱོབ་ བྱེད་ ཆེད་ མཉམ་ འབྲེལ་ བྱས་ ཏེ་ འཇིགས་ སྐུལ་ པ་ ཚར་ གཅོད་ བྱེད་ པར་ རོགས་ འདེགས་ བྱ་ རྒྱུ་ ཧ་ ཅང་ གལ་ ཆེ། ཞེས་ བརྗོད་ འདུག
ད་ ལོའི་ ཕྱི་ ཟླ་ ༧ ཚེས་ ༡༩ ཉིན། རྒྱ་ ནག་ གི་ དཀྱིལ་ ཤར་ ཨེ་ ཤ་ ཡའི་ སྐུ་ ཚབ་ ཝའོ་ སེ་ ཁུ་ ཡིས་ གསར་ ལམ་ ཐོག རྒྱ་ ནག་ གི་ མི་ སེར་ ཡིན་ པའི་ ཤར་ ཏུའུ་ ཀི་ སི་ ཐན་ གྱི་ ཁ་ ཆེ་ ལས་ འགུལ་ ཚོགས་ པའི་ ཚོགས་ མི་ ༡༠༠ ལྷག་ དཀྱིལ་ ཤར་ ཨེ་ ཤ་ ཡའི་ ནང་ སོང་ སྟེ་ ཁ་ ཆེ་ འཇིགས་ སྐུལ་ དྲག་ སྤྱོད་ པར་ དམག་ རོགས་ བྱེད་ ཀྱིན་ ཡོད། ཅེས་ ངོས་ ལེན་ བྱས་ ཡོད་ འདུག
ལོ་ གཉིས་ གོང་ ནས་ བཟུང་ རྒྱ་ གཞུང་ གིས། པེ་ ཅིན་ དུ་ རྟེན་ གཞི་ བྱས་ པའི་ ཀྲར་ ཀེ་ གཞུང་ ཚབ་ ཁང་ གིས་ ཡུ་ གུར་ པ་ ཚོར་ ཐོངས་ མཆན་ གང་ འདོད་ སྤྲད་ པ་ དང་ ། ཁག་ ཅིག་ གིས་ ཁྲིམས་ འགལ་ ཐོག་ ལྷོ་ ཨེ་ ཤ་ ཡའི་ རྒྱལ་ ཁབ་ ཁག་ བརྒྱུད་ ནས་ ཀྲར་ ཀེའི་ ནང་ བསླེབས་ རྗེས། ཨི་ རག་ དང་ སི་ རེ་ ཡའི་ ནང་ སོང་ སྟེ་ ཁ་ ཆེ་ འཇིགས་ སྐུལ་ ཚོགས་ ཁངས་ སུ་ ཞུགས་ ཡོད་ པའི་ སྐྱོན་ བརྗོད་ བྱེད་ ཀྱི་ ཡོད་ འདུག
པེ་ ཅིན་ ཀྲར་ ཀེ་ གཞུང་ ཚབ་ ཀྱིས། རྒྱ་ ནག་ གཞུང་ གི་ སྐྱོན་ བརྗོད་ ནི་ གཞི་ རྩ་ མེད་ པ་ ཞིག་ ཡིན་ པ་ མ་ ཟད། རྒྱ་ ནག་ རང་ གི་ ནང་ དུ་ ཤར་ ཏུར་ ཀི་ སི་ ཐན་ གྱི་ ཁ་ ཆེ་ ལས་ འགུལ་ ཚོགས་ པའི་ ཚོགས་ མི་ ཚོར་ ཕྱི་ སྐྱོད་ ལག་ འཁྱེར་ རྫུན་ མ་ སྤྲད་ དེ་ ཀྲར་ ཀེའི་ ནང་ ཡོང་ རྗེས་ ཨི་ རག་ དང་ སི་ རེ་ ཡའི་ ནང་ འགྲོ་ བཞིན་ ཡོད་ ཅིང་ ། གལ་ སྲིད་ ས་ གནས་ དེ་ དག་ ནང་ གི་ ཕྱི་ སྐྱོད་ ལག་ འཁྱེར་ དང་ ཐོངས་ མཆན་ རྫུན་ མ་ སྤྲོད་ མཚམས་ བཞག་ ཚེ་ དཀའ་ ཉོག་ དེལ་ སེལ་ ཐུབ། ཅེས་ བརྗོད་ འདུག
གནད་ དོན་ དབྱེ་ ཞིབ་ པ་ ཚོས། རྒྱ་ ནག་ གཞུང་ གིས་ དུས་ རྒྱུན་ ཤིན་ ཅང་ ནང་ མི་ གསོད་ དང་ འབར་ གས་ དོན་ རྐྱེན་ གང་ བྱུང་ བ་ དག་ ཤར་ ཏུར་ ཀི་ སི་ ཐན་ གྱི་ ཁ་ ཆེ་ ལས་ འགུལ་ ཚོགས་ པ་ (ETIM) ཡིས་ བཟོས་ པ་ ཡིན་ པའི་ སྐྱོན་ འཛུགས་ བྱེད་ ཀྱིན་ ཡོད་ ཀྱང་ ། དོན་ དངོས་ ཐོག་ རྒྱ་ ནག་ གིས་ ཡུ་ གུར་ ཁ་ ཆེ་ འཇིགས་ སྐུལ་ པ་ ག་ ཚོད་ དཀྱིལ་ ཤར་ ཨེ་ ཤ་ ཡའི་ ཁ་ ཆེ་ འཇིགས་ སྐུལ་ དྲག་ སྤྱོད་ ཚོགས་ པའི་ ནང་ ཞུགས་ ཡོད་ མེད་ ཤེས་ མེད་ ཚུལ་ བརྗོད་ ཡོད་ འདུག
གསར་ འགོད་ པ། ལྷ་ སྐྱབས་ རྒྱལ།
དུས་བབ་དྲ་བ་ནས།།

