འདས་ པའི་ ལོ་ ༥༤ ཙམ་ རིང་ ཨ་ རི་ དང་ ཁིའུ་ བྷ་ རྒྱལ་ ཁབ་ གཉིས་ བར་ འབྲེལ་ ལམ་ ཆད་ ཡོད་ པ་ དེ་ ཁ་ སང་ བསྐྱར་ མཐུད་ བྱུང་ སྟེ་ རྒྱལ་ ཁབ་ གཉིས་ ཀྱི་ སྲིད་ འཛིན་ བཀར་ གྲོས་ མོལ་ བྱས་ ཡོད་ འདུག
ཁ་ ཉིན་ ལྷོ་ ཨ་ མི་ རི་ ཀའི་ རྒྱལ་ ཁབ་ ཁིའུ་ བྷ་ གཞུང་ གིས། ལོ་ ༢༠རིང་ བཙོན་ འཇུག་
ཁ་ སང་ སྲིད་ འཛིན་ ཨོ་ བྷ་ མས་ བརྗོད་ དོན། “ལོ་ རྒྱུས་ རང་ བཞིན་ ལྡན་ པའི་ ད་ རེབ་ ཀྱི་ འབྲེལ་ ལམ་ འདི་ ནི་ རྒྱལ་ ཁབ་ གཉིས་ བར་ ཤོག་ ལྷེ་ གསར་ པ་ ཞིག་ ཁ་ ཕྱེ་ བ་ ལྟ་ བུ་ ཆགས་ ཡོད་ སྟབས། ཨ་ རིས་ རྒྱལ་ ཁབ་ གཉིས་ ཀྱི་ མང་ ཚོགས་ ཀྱི་ ཁེ་ ཕན་ ཆེད་ ཁིའུ་ བྷ་ དང་ འབྲེལ་ ལམ་ བཟང་ དུ་ བཏང་ སྟེ། མ་ འོངས་ པར་ མཐོ་ རིམ་ དཔོན་ རིགས་ ཕན་ ཚུན་ བར་ གྲོས་ མོལ་ ཐུབ་ པ་ བྱ་ རྒྱུ་ དང་ ། ཚོང་ དོན་ དང་ བརྡ་ འཕྲིན་ ཚན་ རྩལ་ གྱི་ འབྲེལ་ ལམ་ གོང་ མཐོར་ གཏོང་ རྒྱུ་ གཙོས། མི་ མང་ ཕན་ ཚུན་ བར་ འགྲོ་ འོང་ ཤུགས་ ཆེ་ རུ་ བཏང་ ནས་ གཅིག་ ཕན་ གཅིག་ གྲོགས་ བྱེད་ རྒྱུ་ དང་ ། ཨ་ རིས་ ཁིའུ་ བྷའི་ ལས་ འཆར་ ཁག་ ལ་ རོགས་ དངུལ་ མང་ ཙམ་ སྤྲོད་ རྒྱུ་ ཡིན།” ཞེས་ སོགས་ བརྗོད་ འདུག དེ་ བཞིན། ཁིའུ་ བྷའི་ སྲིད་ འཛིན་ རོལ་ ཁཱ་ སེ་ ཌོར་ (Raul Castro) གྱིས། “ཨ་ རི་ དང་ ཁྱིའུ་ བྷའི་ བར་ རྒྱལ་ ཁབ་ ཀྱི་ བདག་ དབང་ གནད་ དོན་ དང་ དམངས་ གཙོ། རྒྱལ་ ནང་ གི་ སྲིད་ ཇུས་ འཛིན་ སྟངས་ བཅས་ ལ་ ཕན་ ཚུན་ ལྟ་ བ་ ལངས་ ཕྱོགས་ མི་ མཐུན་ པ་ ཡོད་ ཀྱང་ ། ང་ ཚོས་ མི་ མཐུན་ པ་ དག་ ལ་ ཕན་ ཚུན་ གདོང་ ལེན་ དང་ བསམ་ ཤེས་ བྱས་ ཏེ་ ཞི་ དུལ་ བག་ ཡོད་ ངང་ མཉམ་ གནས་ བྱེད་ དགོས།”ཞེས་ བརྗོད་ འདུག
༡༩༥༣ ནས་ ༡༩༥༩ ལོའི་ བར་ ཁིའུ་ བྷའི་ ནང་ གསར་ བརྗེ་ བྱུང་ སྐབས་ ཧྥི་ ཌལ་ ཁཱ་ སེ་ ཌོར་ གྱིས་ སྣེ་ ཁྲིད་ པའི་ འཇབ་ དམག་ གིས་ ཨ་ རིས་ རོགས་ སྐྱོར་ བྱེད་ བཞིན་ པའི་ ཁིའུ་ བྷའི་ དབང་ འཛིན་ པ་ བྷ་ ཌི་ ས་ ཌ་ (Fulgencio Batista) ཡི་ སྲིད་ དབང་ མགོ་ རྟིང་ བསློགས་ ཡོད་ པ་ དང་ ། ༡༩༦༠ དང་ ༡༩༦༡ ལོར་ ཁིའུ་ བྷའི་ ནང་ རྟེན་ གཞི་ བྱས་ པའི་ ཨ་ རིའི་ ཚོང་ གཉེར་ ཁང་ ཁག་ གཞུང་ བཞེས་ བཏང་ བ་ བཅས་ ལ་ བརྟེན་ ཏེ་ ཨ་ རིས་ ཁིའུ་ བྷ་ དང་ འབྲེལ་ ལམ་ བཅད་ ཡོད་ པ་ མ་ ཟད། ༡༩༦༡ ལོའི་ ཟླ་ ༤ ནང་ ཨ་ རིའི་ གསང་ བའི་ ལས་ ཁུངས་ ཀྱིས་ ཕྱིའི་ རྒྱལ་ ཁབ་ ཁག་ ཏུ་ ཡོད་ པའི་ ཁིའུ་ བྷའི་ མི་ རིགས་ ལ་ རྒྱབ་ སྐྱོར་ བྱས་ ཏེ་ ཁིའུ་ བྷའི་ (Bay of Pigs) ཞེས་ པའི་ ས་ ཁུལ་ ལ་ དམག་ བརྒྱབ་ ནས་ བཙན་ བཟུང་ བྱེད་ རྩིས་ བྱས་ ཀྱང་ ཧྥི་ ཌལ་ ཁཱ་ སེ་ ཌོར་ སྲིད་ གཞུང་ གིས་ གཏོར་ རྒོལ་ བཏང་ ཡོད། ༡༩༦༢ ལོར་ ཨུ་ རུ་ སུས་ ཁིའུ་ བྷའི་ ནང་ སྒྱོགས་ མདེལ་ མཚོན་ ཆ་ འགྲེམས་ འཇོག་ བྱས་ ཏེ་ ཨ་ རི་ དང་ ཨུ་ རུ་ སུ་ གཉིས་ བར་ རྡུལ་ ཕྲན་ མཚོན་ ཆའི་ དམག་ འཐབ་ འབྱུང་ བའི་ ཉེན་ ཁ་ སོགས་ བྱུང་ ཡོད། ༡༩༩༦ ལོར་ ཁིའུ་ བྷའི་ གནམ་ དམག་ གིས་ ཨ་ རིའི་ འགྲུལ་ སྐྱེལ་ གནམ་ གྲུ་ གཉིས་ གཏོར་ ཏེ་ མི་ བཞི་ བསད་ པ་ དང་ ། ༢༠༠༡ ལོར་ ཨ་ རིས་ ཨ་ རིའི་ གྲོང་ ཁྱེར་ མཱ་ མེ་ ནས་ ཁིའུ་ བྷའི་ སོ་ ཉུལ་ བ་ ལྔ་ འཇུ་ བཟུང་ བྱས། ༢༠༠༨ ལོར་ རོལ་ ཁཱ་ སེ་ ཌོར་ ཁིའུ་ བྷའི་ སྲིད་ འཛིན་ ལ་ བསྐོ་ བཞག་ བྱས་ ཤིང་ ། ༢༠༠༩ ལོར་ ཁིའུ་ བྷའི་ གཞུང་ གིས་ ཁིའུ་ བྷའི་ ནང་ ཨ་ རིའི་ རོགས་ སྐྱོར་ བྱེད་ མཁན་ ཨཱ་ ལཱན་ གྷོར་ སི་ ཡིས་ ཨ་ རིར་ ཁིའུ་ བྷའི་ གསང་ བ་ གཏོང་ གི་ ཡོད་ པའི་ ཉེས་ མིང་ འོག་ འཛིན་ བཟུང་ བྱས་ ཏེ་ ལོ་ ༡༥ ཡི་ ཁྲིམས་ ཐག་ བཅད་ ཡོད།
༢༠༡༣ ལོར་
ད་ བར་ རྒྱལ་ ཁབ་ གཉིས་ བར་ འབྲེལ་ ལམ་ ཆད་ དེ་ ལོ་ ༥༤ ཕྱིན་ པའི་ རིང་ ཨ་ རིར་ སྲིད་ འཛིན་ ༡༡ དང་ ། ཁིའུ་ བྷར་ སྲིད་ འཛིན་ ༣ བྱུང་ ཡོད་ ཅིང་ ། ཁིའུ་ བྷར་ ཨ་ སྒོར་ ཁྲག་ ཁྲིག་ ཆེན་ མོ་ ༡ དང་ ཐེར་ འབུམ་ ༡ དང་ ། ཨ་ རིར་ ལོ་ རེར་ ཨ་ སྒོར་ ཐེར་ འབུམ་ ༡།༢ ཡི་ ཚོང་ འབྲེལ་ གྱོང་ གུན་ ཕོག་ ཡོད་ འདུག ༢༠༡༥ ལོའི་ ཟླ་ ༡ པོའི་ ནང་ ཨ་ རིའི་ ཕྱི་ སྲིད་ དྲུང་ ཆེའི་ ལས་ རོགས་ རོ་ བྷར་ ཌི་ (Roberta Jacobson)ཁིའུ་ བྷར་ གཟིགས་ སྐོར་ བྱས་ ཏེ་ རྒྱལ་ ཁབ་ གཉིས་ བར་ ཚོང་ དོན་ གྲོས་ མཐུན་ ཁག་ ཅིག་ ལ་ མིང་ རྟགས་ འགོད་ རྒྱུ་ ཡིན་ འདུག
ཁ་ སང་ ཡེ་ ཤུའི་ བླ་ ཆེན་ པོབ་ ཧྥན་ སི་ སི་ མཆོག་ དང་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ སྤྱི་ ཁྱབ་ དྲུང་ ཆེ་ བྷན་ ཁེ་ མོན་ མཆོག་ རྒྱལ་ ཁབ་ གཉིས་ ཀྱི་ མགོ་ ཁྲིད་ བར་ ད་ རེབ་ གོམ་ ཞེང་ ཆེན་ པོ་ ཞིག་ སྤོས་ ནས་ ཕན་ ཚུན་ མཉམ་ ལས་ བྱ་ རྒྱུར་ གྲོས་ མོལ་ བྱས་ པ་ དེར་ དགའ་ བསུ་ ཡོད་ ཅེས་ སོགས་ བརྗོད་ འདུག ཨ་ རིའི་ གྲོས་ ཚོགས་ ཀྱི་ ཚོགས་ གཙོ་ ཇོན་ (John Boehner) གྱིས། ཁིའུ་ བྷའི་ མི་ སེར་ དག་ ལ་ རང་ དབང་ དང་ དམངས་ གཙོའི་ ཁེ་ དབང་ མ་ ཐོབ་ བར་ ཨ་ རིས་ ཁིའུ་ བྷའི་ སྲིད་ གཞུང་ དང་ སྔར་ གྱི་ འབྲེལ་ ལམ་ བསྐྱར་ གསོ་ བྱེད་ དགོས་ དོན་ མེད་ ཀྱང་ ། ད་ རེབ་ ཨ་ རིས་ སྲིད་ ཇུས་ དེ་ འདྲ་ ཞིག་ བཟུང་ བ་ དེ་ ནི་ སྟོབས་ ཤུགས་ ངོམ་ པ་ རེད། ཅེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

