༧གོང་ ས་ མཆོག་ གིས་ མ་ འོངས་ པར་ ཏཱ་ ལའི་ བླ་ མ་ གླེན་ པ་ དང་ ཞབས་ འདྲེན་ ཞུ་ མཁན་ དེ་ འདྲ་ ཡོང་ མི་ སྲིད་ པ་ ཞིག་ མིན་ སྟབས། དུས་ རབས་ མང་ པོའི་ ལོ་ རྒྱུས་ ཡོད་ པའི་ ཏཱ་ ལའི་ བླ་ མའི་ སྒྲིག་ འཛུགས་ འདི་ ཡང་ སྙན་ གྲགས་ ཅན་ གྱི་ ཏཱ་ ལའི་ བླ་ མ་ དང་ མཉམ་ དུ་ མེད་ པ་ ཆགས་ ན་ དེ་ ལས་ ཡག་ པ་ ཞིག་ ཡོད་ པ་ མ་ རེད་ གསུངས་ འདུག
དེ་ རིང་ བྷི་ བྷི་ སི་ དྲ་ ཚིགས་ ཐོག་ ཟླ་ འདིའི་ ཚེས་ ༡༢ ནས་ ༡༤ ཉིན་ བར་ ཨི་ ཊ་ ལིའི་ རྒྱལ་ ས་ རོམ་ དུ། འཛམ་ གླིང་ ཐོག་ ནོ་ བྷེལ་ ཞི་ བདེའི་ གཟེངས་ རྟགས་ བཞེས་ མྱོང་ མཁན་ རྣམ་ པའི་ ཞི་ བདེ་ ལྷན་ ཚོགས་ ཐེངས་ ༡༤ པ་ ཚོགས་ སྐབས། ཧྥ་ རན་ སིའི་ ཆུ་ ཚོད་ ཉེར་ བཞིའི་ བརྙན་ འཕྲིན་ དང་ ། བྷི་ བྷི་ སི། ཨི་ ཊ་ ལིའི་ རའོ་ སོགས་ གསར་ འགྱུར་ བརྒྱུད་ ལམ་ ཁག་ གསུམ་ གྱིས་ ༧གོང་ ས་ མཆོག་ ལ་ བོད་ རྒྱའི་ གནད་ དོན་ དང་ རྒྱལ་ སྤྱིའི་ དཀའ་ རྙོག ཏཱ་ ལའི་ བླ་ མའི་ ཡང་ སྲིད་ ལམ་ སྲོལ་ བཅས་ ཀྱི་ སྐོར་ ལ་ བཅར་ འདྲི་ ཞུས་ པ་ ལས་ ཚན་ པ་ ཁག་ ཅིག་ འདིར་ བསྒྱུར་ འགོད་ བྱས།
བྷི་ བྷི་ སི་ མཚན་ མོའི་ གསར་ ཁང་ གིས་ རྒྱ་ ནག་ གི་ སྐོར་ ལ་ བཀའ་ འདྲི་ ཞུས་ པའི་ ལན་ དུ་ ཁོང་ གིས། “རྒྱ་ ནག་ གཞུང་ གིས་ རྒྱལ་ སྤྱིའི་ དཔལ་ འབྱོར་ ཁྲོམ་ རྭའི་ ནང་ ཞུགས་ རྒྱུར་ རྩོད་ ལེན་ བྱེད་ ཀྱིན་ ཡོད་ པ་ དེ་ ནི། ཁོ་ ཚོའི་ ཐོབ་ ཐང་ ཞིག་ ཡིན་ སྟབས་ ང་ ཚོས་ བརྩི་ འཇོག་ དང་ དགའ་ བསུ་ ཞུ་ འོས་ པ་ ཞིག་ ཡིན་ ཡང་ ། རྒྱ་ ནག་ གི་ ཁེ་ ཕན་ ཆེད་ རྒྱལ་ སྤྱིའི་ རང་ དབང་ ཅན་ གྱི་ རྒྱལ་ ཁབ་ དང་ ཚོགས་ པ་ སྒྲིག་ འཛུགས་ ཁག་ གིས་ བསམ་ སྤྱོད་ ཀྱི་ འགན་ འཁུར་ བླངས་ ཏེ་ རྒྱ་ ནག་ དམངས་ གཙོའི་ རྒྱལ་ ཁབ་ ཅིག་ ཏུ་ འགྱུར་ ཐུབ་ པ་ བྱ་ རྒྱུ་ གལ་ ཆེན་ ཆགས་ ཡོད་ པ་ མ་ ཟད། དེ་ ནི་ རྒྱ་ ནག་ གི་ མང་ ཚོགས་ དང་ མཁས་ པ་ ཚོས་ ཀྱང་ འདོད་ ཀྱི་ ཡོད་ སྟབས། ངོས་ ཀྱིས་ མ་ འོངས་ པའི་ འཛམ་ གླིང་ གི་ མངོན་ འདོད་ ནི་ རང་ དབང་ དང་ དམངས་ གཙོ་ ཞིག་ ཡིན་ དགོས་ དྲན་ གྱི་ འདུག་ པས། ད་ ལྟ་ རང་ དབང་ ལྡན་ པའི་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ གིས་ དམངས་ གཙོ་ དང་ ཁྲིམས་ ཀྱི་ དབང་ སྒྱུར། གསར་ འགོད་ རང་ དབང་ བཅས་ ལ་ ལངས་ ཕྱོགས་ བརྟན་ པོ་ ཞིག་ འཛིན་ རྒྱུར་ འགན་ འཁུར་ ཆེ་ ཙམ་ ལེན་ དགོས་ པ་ རེད་ བསམ་ གྱི་ འདུག’’ ཅེས་ གསུངས་ འདུག
ཁོ་ མོས་ མུ་ མཐུད་ དུ་ ༧གོང་ ས་ མཆོག་ ལ་ དབྱིན་ ཡུལ་ གཞུང་ གིས་ རྒྱ་ གཞུང་ ལ་ ལངས་ ཕྱོགས་ བརྟན་ པོ་ ཞིག་ བཟུང་ སྟེ་ ཁ་ གཏད་ གཅོག་ གི་ མེད་ པར་ ཐུགས་ ཕམ་ ཡོང་ གི་ ཡོད་ མེད་ བཀའ་ འདྲི་ ཞུས་ པའི་ ལན་ དུ་ ཁོང་ གིས།“ངོས་ ཀྱི་ དབྱིན་ ཇིའི་ གྲོགས་ པོ་ ཁ་ ཤས་ ཀྱིས་ དབྱིན་ ཡུལ་ གཞུང་ གི་ བང་ མཛོད་ སྟོང་ པའམ་ དངུལ་ ཉུང་ ཉུང་ ཆགས་ ཡོད་ སྟབས། དཔལ་ འབྱོར་ དང་ དངུལ་ གྱི་ ཆེད་ དུ་ རྒྱ་ ནག་ གཞུང་ དང་ འབྲེལ་ ལམ་ ཡག་ པོ་ མ་ བྱེད་ རང་ བྱེད་ ཆགས་ ཀྱི་ འདུག་ ཅེས་ ལབ་ ཀྱི་ འདུག ཕྲན་ གྱིས་ དེ་ དངོས་ ཡོད་ ཅིག་ རེད་ བསམ་ གྱི་ འདུག”ཅེས་ གསུངས་ འདུག
གསར་ འགོད་ པས་ ༧གོང་ ས་ མཆོག་ ལ་ མ་ འོངས་ པར་ ཏཱ་ ལའི་ བླ་ མ་ སྐུ་ ཕྲེང་ ༡༥ པ་ ཕེབས་ མིན་ བཀའ་ འདྲི་ ཞུས་ པའི་ ལན་ དུ་ བཀའ་ ལན་ བསྩལ་ དོན། “མ་ འོངས་ པར་ ཏཱ་ ལའི་ བླ་ མའི་ ལམ་ སྲོལ་ འདི་ གནས་ དགོས་ མིན་ ནི་ བོད་ མི་ ཚོས་ ཐག་ གཅོད་ བྱེད་ དགོས་ པ་ ཞིག་ ཆགས་ ཡོད་ ཀྱང་ ། ངོས་ རང་ ད་ དུང་ ལོ་ ༡༥ དང་ ༢༠ རྗེས་ ལ་ མ་ གཏོགས་ ལོ་ གཅིག་ གཉིས་ རྗེས་ ལ་ གྲོངས་ སྲིད་ པ་ ཞིག་ མིན་ སྟབས། ངོས་ ཀྱི་ བསམ་ པར་ མ་ འོངས་ པར་ ཏཱ་ ལའི་ བླ་ མའི་ ལམ་ སྲོལ་ འདི་ དགོས་ གལ་ མེད་ པའི་ དུས་ ཤིག་ ཤར་ ཚེ། རང་ བཞིན་ གྱིས་ མེད་ པ་ ཆགས་ འགྲོ་ ངེས་ རེད་ བསམ་ གྱི་ འདུག”ཅེས་ གསུངས་ འདུག ཡང་ གསར་ འགོད་ པས་ ༧གོང་ ས་ མཆོག་ ལ་ མི་ མང་ པོ་ ཞིག་ གིས་ མ་ འོངས་ པར་ རྒྱ་ ནག་ གཞུང་ གིས་ ཏཱ་ ལའི་ བླ་ མ་ སྐུ་ ཕྲེང་ ༡༥ པའི་ ཡང་ སྲིད་ ལ་ ཐེ་ ཇུས་ བྱེད་ སྲིད་ པའི་ སེམས་ འཚབ་ གནང་ གི་ ཡོད་ པར་ ཐུགས་ ཚོར་ གང་ འདྲ་ ཡོད་ མེད་ དྲིས་ པའི་ ལན་ དུ་ ཁོང་ གིས། “སྔོན་ མ་ ཏཱ་ ལའི་ བླ་ མའི་ ལམ་ སྲོལ་ འདིས་ ཆབ་ སྲིད་ ཀྱི་ འགན་ འཁུར་ ཡོད་ ཀྱང་ ད་ ལྟ་ འཁུར་ མེད། ཡིན་ ཡང་ མ་ འོངས་ པར་ མིས་ བཟོས་ པའི་ ལམ་ སྲོལ་ འདི་ མེད་ པ་ ཆགས་ སྲིད་ པ་ ཞིག་ ཡིན་ སྟབས། མ་ འོངས་ པར་ ཏཱ་ ལའི་ བླ་ མ་ གླེན་ པ་ དང་ ཞབས་ འདྲེན་ ཞུ་ མཁན་ དེ་ འདྲའང་ འབྱུང་ མི་ སྲིད་ པ་ མིན་ པར་ བརྟེན། དུས་ རབས་ མང་ པོའི་ ལོ་ རྒྱུས་ ཡོད་ པའི་ ཏཱ་ ལའི་ བླ་ མའི་ སྒྲིག་ སྲོལ་ འདི་ ཡང་ སྙན་ གྲགས་ ཅན་ གྱི་ ཏཱ་ ལའི་ བླ་ མ་ དང་ མཉམ་ དུ་ མེད་ པ་ ཆགས་ ན་ དེ་ ལས་ ཡག་ པ་ ཞིག་ ཡོད་ པ་ མ་ རེད་ ”ཅེས་ སོགས་ གསུངས་ འདུག
ཡེ་ ཤུའི་ བླ་ ཆེན་ པོབ་ ཧྥན་ སི་ སི་ མཆོག་ གིས་ ༧གོང་ ས་ མཆོག་ དང་ མཇལ་ འཕྲད་ གནང་ མེད་ པའི་ ཐད་ བཀའ་ འདྲི་ ཞུས་ པའི་ ལན་ དུ། “ཉེ་ ཆར་ པོབ་ མཆོག་ གིས་ ལྷོ་ ཀོ་ རི་ ཡར་ འཚམས་ གཟིགས་ སུ་ བསྐྱོད་ པ་ ལྟར། པོབ་ མཆོག་ གིས་ རྒྱ་ ནག་ ནི་ ནང་ ཆོས་ དར་ ཡུལ་ གྱི་ རྒྱལ་ ཁབ་ ཅིག་ ཡིན་ ཡང་ ཡེ་ ཤུའི་ ཆོས་ བྱེད་ མཁན་ ཧ་ ཅང་ མང་ པོ་ ཡོད་ སྟབས། ངོས་ ཀྱིས་ བསམ་ པར་ ཁོང་ གིས་ མ་ འོངས་ པར་ རྒྱ་ ནག་ ནང་ འཚམས་ གཟིགས་ གནང་ རྒྱུར་ དགོངས་ པ་ བཞེས་ ཀྱི་ ཡོད་ པ་ རེད་ བསམ་ གྱི་ འདུག”ཅེས་ གསུངས་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

