ཨ་རིའི་མངའ་སྡེ་ཕེན་སུལ་བན་ནི་ཡའི་ས་ཆ་ཁ་ཤས་ཀྱི་ནང་དུ་མེ་མདའི་འཇབ་རྒོལ་གྱི་དོན་རྐྱེན་བྱུང་སྟེ། མི་དྲུག་རྐྱེན་ལམ་དུ་བཏང་པ་དང་མི་གསུམ་རྨས་ཡོད་འདུག རེས་གཟའ་ཟླ་བའི་ཉིན་ཨ་རིའི་མངའ་སྡེ་ཕེན་སུལ་བན་ནི་ཡའི་(Pennsylvania) མོན་ཊི་གྷོ་མར་རེ་(Montgomery) ཞེས་པའི་གྲོང་རྡལ་དུ་བྱུང་བའི་མེ་མདའི་འཇབ་རྒོལ་གྱི་དོན་རྐྱེན་དེ་ནི། རང་ལོ་༣༥ ཡིན་པའི་མིང་ལ་ཝེ་ལེམ་སི་ཊོ་(Bradley William Stone) འབོད་པའི་སྐྱེས་པ་ཞིག་གིས་ཁོང་
འོན་ཀྱང་ལག་དམར་བ་དེས་ཁ་ཐོར་དུ་གྱུར་ཟིན་པའི་བཟའ་ཟླའི་མཁྲིས་སུ་ཡོད་པའི་ཁོང་རང་ཉིད་ཀྱི་བུ་མོ་གཉིས་མ་བསད་པར། ཁོང་གིས་ཁྲིད་དེ་ཁྱིམ་མཚེས་ཀྱི་ཁྱིམ་དུ་བསྐྱལ་པའི་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ད་ལྟའི་ཆར་ས་གནས་དེའི་ཉེན་རྟོག་པས་ཁོང་གར་སོང་རྩད་གཅོད་བྱེད་བཞིན་ཡོད་འདུག་པ་མ་ཟད། ཁོང་གི་ལག་ཏུ་མེ་མདའ་བཟུང་ཡོད་པའི་དོགས་གཞིའི་འོག་ཉེན་རྟོག་པས་ཕྱོགས་ནས། ས་ཁུལ་དེའི་ཡུལ་མི་རྣམས་གནས་སྐབས་རིང་རང་ཁྱིམ་ནས་ཕྱིར་མི་ཐོན་པའི་སྐུལ་མ་བྱས་འདུག་ལ། ས་གནས་ཀྱི་སློབ་གྲྭའི་ནང་དུའང་ཉེན་ཡོལ་ས་ཚུགས་ཤིག་གསར་འཛུགས་བྱས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།
