ཁེན་ ཡའི་ གཞུང་ གིས་ ཉེ་ ཆར་ རྒྱ་ རིགས་ དྲ་ ཐོག་ གསང་ ཉུལ་ བ་ ༧༧ འཇུ་ བཟུང་ བྱས་ ཏེ་ ད་ ཆར་ རྩད་ ཞིབ་ བྱེད་ ཀྱིན་ ཡོད་ སྐོར་ ཕྱིར་ བསྒྲགས་ བྱས་ འདུག
ཟླ་ སྔོན་ མའི་ ཚེས་ ༣༠ ཉིན་ ཨ་ ཧྥི་ རི་ ཀའི་ རྒྱལ་ ཁབ་ ཁེན་ ཡའི་ རྒྱལ་ ས་ ཎེ་ རོ་ བྷེ་ ནང་ རྟེན་ གཞི་ བྱས་ པའི་ མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ སྤྱི་ ཁྱབ་ ལས་ ཁུངས་ ལ་ དྲ་ ཐོག་ གློག་
འདིའི་ ཐད་ ཁེན་ ཡའི་ ནག་ ཉེས་ ཞིབ་ དཔྱོད་ ལྷན་ ཁང་ གི་ མགོ་ ཁྲིད་ མུ་ ཧོ་ རོ་ (Ndegwa Muhoro) ཡིས་ རྒྱལ་ ཡོངས་ ཉིན་ རེའི་ ཚགས་ པར་ (Daily Nation newspaper) ཐོག་ བརྗོད་ དོན། ཉེ་ ལམ་ ཁེན་ ཡའི་ ཉེན་ རྟོག་ པས་ རྒྱ་ རིགས་ ཁག་ ཅིག་ གིས་ དྲ་ ཐོག་ བརྒྱུད་ ཁེན་ ཡའི་ ནང་ གི་ ཕྱི་ རྒྱལ་ གཞུང་ ཚབ་ ཁག་ ཅིག་ གི་ གློག་ ཀླད་ དང་ ཁ་ པར་ ལ་ ལྐོག་ ཉན་ བྱེད་ བཞིན་ ཡོད་ པ་ མ་ ཟད། ཁེན་ ཡའི་ དངུལ་ ཁང་ དང་ དངུལ་ སྟོན་ ཆེད་ ཀྱི་ འཕྲུལ་ ཆས་ (ATM) ཁག་ ལ་ ཚོད་ འཛིན་ གྱིས་ མི་ གཞན་ གྱི་ དངུལ་ བསླུ་ ཁྲིད་ བྱས་ ཡོད་ པའི་ གནས་ ཚུལ་ ཤེས་ རྟོགས་ བྱུང་ ཡོད་ སྟབས། ད་ ལྟ་ ང་ ཚོས་ ཁོ་ ཚོ་ འཇུ་ བཟུང་ གིས་ ཁོ་ ཚོའི་ དམིགས་ ཡུལ་ གང་ ཡིན་ སྐོར་ ལ་ དྲི་ རྩད་ བྱེད་ བཞིན་ ཡོད། ཅེས་ བརྗོད་ འདུག
ཁེན་ ཡའི་ ཕྱི་ སྲིད་ བློན་ ཆེན་ ཨཱ་ མེ་ ཎཱ(Amina Mohamed)ཡིས། ད་ རེབ་ ཀྱི་ གྱོད་ དོན་ འདི་ ཁེན་ ཡའི་ ཉེན་ རྟོག་ པ་ དང་ ཕྱི་ སྲིད་ ལས་ ཁུངས་ ཟུང་ འབྲེལ་ ཐོག་ བརྟག་ དཔྱད་ བྱེད་ བཞིན་ ཡོད་ སྟབས། རྒྱ་ ནག་ གཞུང་ གིས་ འགན་ ཁུར་ ཆེ་ ཙམ་ བླངས་ ཏེ་ གྱོད་ དོན་ འདི་ ཐག་ གཅོད་ ཡོང་ རྒྱུར་ འབོད་ སྐུལ་ ཞུ་ བཞིན་ ཡོད། ཅེས་ བརྗོད་ འདུག
ཟླ་ འདིའི་ ཚེས་ ༤ ཉིན་ གྱི་ ཚད་ ལྡན་ ཚགས་ ཤོག་ (The Standard newspaper) ཞེས་ པའི་ ནང་ གནས་ ཚུལ་ བཀོད་ པ་ ལྟར་ ན། ཉེ་ ལམ་ ཁེན་ ཡའི་ རྒྱལ་ སར་ འཇུ་ བཟུང་ བྱས་ པའི་ རྒྱ་ རིགས་ དེ་ དག་ དམག་ མིའི་ སྡོད་ ཁང་ ལྟ་ བུ་ ཞིག་ གླས་ ཏེ་ བསྡད་ ཡོད་ ཅིང་ ། ཁོ་ ཚོས་ བརྡ་ འཕྲིན་ ཚན་ རྩལ་ གྱི་ འཕྲུལ་ ཆས་ མང་ པོ་ བཀོལ་ སྤྱོད་ བྱས་ ཏེ། དྲ་ ཐོག་ བརྒྱུད་ དངུལ་ དང་ གསང་ བ་ རྐུ་ འཁྱེར་ བྱེད་ ཀྱིན་ ཡོད་ སྟབས། ཁེན་ ཡའི་ གཞུང་ གིས་ མི་ དེ་ དག་ འཇུ་ བཟུང་ བྱས་ ཏེ་ རྒྱ་ ནག་ གི་ གཞུང་ ཚབ་ པ་ དང་ གདོང་ གཏུགས་ ཏེ་ ཞིབ་ བཤེར་ བྱེད་ ཀྱིན་ ཡོད། ཅེས་ སོགས་ བཀོད་ འདུག
ཆབ་ སྲིད་ དབྱེ་ ཞིབ་ པ་ ཚོས། ལོ་ ཤས་ གོང་ ནས་ བཟུང་ རྒྱ་ ནག་ གཞུང་ གིས་ ཨ་ ཧྥི་ རི་ ཀའི་ རྒྱལ་ ཁབ་ ཁག་ ལ་ དཔལ་ འབྱོར་ གྱི་ འགྲོ་ གྲོན་ བཏང་ སྟེ། རྒྱ་ ཕྱོགས་ ཀྱི་ མཐུན་ གྲོགས་ རྒྱལ་ ཁབ་ ཅིག་ ཏུ་ འགྱུར་ རྒྱུར་ འབད་ བརྩོན་ བྱེད་ བཞིན་ ཡོད་ ཀྱང་ ། ད་ ཆ་ རྒྱ་ ནག་ གཞུང་ གིས་ ཆེད་ ལས་ མི་ སྣ་ བཏང་ སྟེ་ འབྲེལ་ ཡོད་ གཞུང་ གི་ གསང་ བ་ རྐུ་ འཁྱེར་ བྱེད་ བཞིན་ ཡོད་ སྟབས། མ་ འོངས་ པར་ རྒྱ་ ནག་ གཞུང་ དང་ ཨ་ ཧྥི་ རི་ ཀའི་ རྒྱལ་ ཁབ་ ཁག་ གི་ འབྲེལ་ ལམ་ ཇེ་ སྡུག་ ཏུ་ འགྲོ་ སྲིད་ པར་ ཚོད་ དཔག་ བྱེད་ ཀྱིན་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

