རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཕྱི་ལོ་༢༠༡༤ དེ་ལོ་རྒྱུས་ནང་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་སྲིད།

༢༠༡༤ ལོའི་ཆ་སྙོམས་ཚ་དྲོད་འཕར་ཚད་ཀྱིས་གོ་ལའི་ཁྱོན་ཡོངས་དང་དབྱིན་ཡུལ་གྱི་དྲོད་ཚད་ཟིན་ཐོ་ལོ་རྒྱུས་བརྟོལ་སྲིད་པ།
གནམ་གཤིས་བརྟག་དཔྱད་ཀྱི་ཐོག་མའི་སྔོན་དཔག་ལས་མངོན་པ་ལྟར་ན། གནམ་གཤིས་དྲོད་གྲང་ཟིན་ཐོ་རུ་བཀོད་པ་ནས་བཟུང་ཕྱི་ལོ་༢༠༡༤ དེ་སའི་གོ་ལའི་ལོ་རྒྱུས་ནང་གི་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་ཏུ་འགྱུར་སྲིད་པ་རེད།      ཕྱི་ཟླ་༡༢ པའི་ཚེས་༣ ཉིན་
མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་སྒྲིག་འཛུགས་ཀྱིས་དྲོད་ཚད་སྔོན་དཔག་གི་སྙན་ཐོ་ཞིག་སྤེལ་ཡོད་པའི་ནང་། ཕྱི་ལོ་༢༠༡༤ ལོའི་ཐོག་མའི་ཟླ་བ་༡༠ ཡི་ནང་གི་སའི་གོ་ལའི་སྐམ་ས་དང་རྒྱ་མཚོའི་ངོས་ཀྱི་ཆ་སྙོམས་ཚ་དྲོད་ཀྱིས་ཟིན་ཐོ་བརྟོལ་ཏེ། སའི་གོ་ལའི་ལོ་རྒྱུས་ནང་གི་ཚ་དྲོད་ཆེ་ཤོས་ཀྱི་ལོ་ཞིག་ཏུ་གྱུར་ཡོད་ཅིང་། འདི་ལོའི་འདས་པའི་ཟླ་བ་བཅུའི་ནང་སའི་གོ་ལའི་ཆ་སྙོམས་ཀྱི་ཚ་དྲོད་དེ། ཕྱི་ལོ་༡༩༦༡ ནས་༡༩༩༠ ལོའི་བར་གྱི་ཆ་སྙོམས་ཚ་ཚད་14C ལ་གཞིར་བཞག་ན། ཚད་རིམ་0.57C ཙམ་ཡར་འཕར་པ་དང་། འདས་པའི་ལོ་བཅུ་ཕྱི་ལོ་༢༠༠༤ ནས་༢༠༡༣ བར་གྱི་ཆ་སྙོམས་ཚ་ཚད་དང་བསྡུར་ན་0.09C འཕར་ཡོད་འདུག
རྒྱལ་ཚོགས་གནམ་གཤིས་སྒྲིག་འཛུགས་ཀྱི་བརྗོད་པ་ལྟར་ན། གནམ་གཤིས་ཚ་གྲང་མི་སྙོམས་པ་ཡིས་ནགས་ཚལ་མེ་སྐྱོན་དང་། ཆུ་སྐྱོན་སོགས་རང་བྱུང་གི་གོད་ཆག་འདྲེན་གྱི་ཡོད་པ་རེད།
དེ་བཞིན་དབྱིན་ཇིའི་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་ཞིབ་འཇུག་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་། འདས་པའི་ཟླ་བ་༡༡ ནང་གི་དབྱིན་ཡུལ་གྱི་ཚ་དྲོད་དེ་དུས་ཡུན་རིང་པོའི་ནང་གི་རྒྱུན་ལྡན་ལྟ་བུའི་ཆ་སྙོམས་ཀྱི་ཆུ་ཚད་ལས་ཚ་ཚད་1.6C འཕར་ཡོད་པ་དང་། ད་ལོའི་གནམ་གཤིས་བརྟག་དཔྱད་ལས་མངོན་པའི་དྲོད་ཚད་མཐོ་བའི་རྒྱུ་རྐྱེན་དེ། མི་བཟོས་དྲོད་ཁང་གི་རླངས་གཟུགས་ཀྱི་ཤུགས་རྐྱེན་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་འདུག་ལ། གལ་ཏེ་མ་འོངས་པའི་ཟླ་གཉིས་ཀྱི་ནང་དུ་ད་ལྟའི་གནས་སྟངས་འོག་མུ་མཐུད་དུ་སོང་ན། འདས་པའི་ཕྱི་ལོ་༡༩༩༨ དང་༢༠༠༥། ༢༠༡༠ བཅས་ལོའི་ཟིན་ཐོ་བརྟོལ་ཏེ། ཕྱི་ལོ་༢༠༡༤ དེ་གོ་ལའི་ཁྱོན་ཡོངས་དང་དབྱིན་ཡུལ་གྱི་ལོ་རྒྱུས་ཟིན་ཐོ་ནང་གི་དྲོད་ཚད་མཐོ་ཤོས་དང་། ༡༩༡༠ ལོ་ནས་བཟུང་སྟེ་དྲོད་ཚད་ཟིན་ཐོ་རུ་བཀོད་པའི་དབྱིན་ཡུལ་གྱི་དྲོད་ཚད་ཟིན་ཐོའི་ཚད་མཐོ་ཤོས་སུ་སླེབས་རྒྱུ་ཡིན་པ་རེད།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།དྲོད་ཚད་ཟིན་ཐོ་བརྟོལ་སྲིད།མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་སྒྲིག་འཛུགས་ཀྱིས་གསར་རྟོགས་བྱུང་བ་ལྟར་ན། བྱང་ཨ་མེ་རི་ཁ་དང་ཡུ་རོབ། ཤར་ཡུ་ར་ཤ་ཡ། ཨ་ཧྥི་རི་ཁ། ལྷོ་ཨ་མེ་རི་ཁ། ཨོ་སི་ཁྲུ་ལི་ཡའི་ལྷོ་དང་ནུབ་ཕྱོགས་ས་ཁུལ་སོགས་ཀྱི་ནང་དུ་དྲོད་ཚད་ལྷག་པར་དུ་འཕར་ཡོད་པ་དང་། ལྷོ་ཨ་ཧྥི་རི་ཁ་དང་ཨོ་སི་ཁྲུ་ལི་ཡ། ཨ་རྗན་ཁྲི་ཎ་སོགས་སུ་ལོ་ལྟར་ཚ་རླབས་ཆེ་རུ་འགྲོ་བཞིན་ཡོད་ཀྱང་། ཨ་རི་དང་ཁ་ཎ་ཌ་རུ་༢༠༡༤ ལོར་བྱང་ཨར་ཀྲི་ཁའི་སྣེ་སྣོལ་གྲང་རླུང་བརྒྱབ་པ་དང་། ཨུ་རུ་སུའི་དབུས་ཁུལ་དུའང་འདས་པའི་ཆ་སྙོམས་ཀྱི་ཟིན་ཐོ་ལས་བརྒལ་བའི་གནམ་གཤིས་གྲང་བ་ཡོད་འདུག།  བང་ཆེན་དྲ་བ་ནས།།