རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སྐད་འབོད་གནང་སྟེ་འཛིན་བཟུང་བྱས།

དེ་རིང་ཕྱི་དྲོར་རྔ་པ་ཀིརྟི་དགོན་པའི་གྲྭ་བ་ཞིག་གིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་འཁྱེར་ཏེ་རྔ་པ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒལ་སྐད་འབོད་གནང་སྟེ་འཛིན་བཟུང་བྱས་འདུག
དེ་རིང་ཚེས་ ༢༦ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ །༤༠ ཙལ་ལ། ཨ་མདོ་རྔ་པ་རྫོང་གི་ཁྲོམ་གཞུང་དུ་རྔ་པ་ཀིརྟི་དགོན་པའི་བློ་རིག་འཛིན་གྲྭའི་དགེ་འདུན་པ་བློ་བཟང་འཕྲིན་ལས་ལགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྟེ། ལག་ཏུ་༸གོང་ས་
མཆོག་གི་སྐུ་པར་ཆེན་པོ་ཞིག་བཟུང་ཞིང་ “རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས” ཞེས་སྐད་འབོད་གནང་ཡོད་འདུག
ཁོང་གིས་སྐད་འབོད་གནང་སྟེ་སྐར་མ་གསུམ་བཞི་ལས་མ་འགོར་བར་རྒྱ་གཞུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབྱོར་ཏེ། ཁོང་འཇུ་བཟུང་གིས་གཅར་རྡུང་དྲག་པོ་གཏོང་བཞིན་བཙན་འཁྲིད་བྱས་ཡོད་འདུག
ཁོང་གི་ཕ་ཡུལ་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་བཞི་བའི་ཡིན་ཞིང་། ཕ་མིང་ལ་ནོར་ལྡན་དང་མ་མིང་ལ་མཆོག་གྲུབ་ཞུ་བཞིན་ཡོད་འདུག ཅེས་རྨེའུ་དཀོན་རྒྱམ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་། དུས་བབ་དྲ་བ་ནས།།