རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

དབྱིན་ཇིའི་ཞུ་གཏུགས་ལ་རྒྱ་ནག་གིས་བེད་སྤྱོད་མེད་བརྗོད་འདུག

དབྱིན་ཇི་དང་རྒྱ་ནག་གི་རྒྱལ་དར།དེ་ཡང་གཟའ་ཟླ་བའི་ཉིན་དབྱིན་ཇིའི་སྲིད་བློན་གྱི་མགྲིན་ཚབ་པ་ཞིག་གིས་རྒྱ་ནག་གཞུང་གིས་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མིའི་ཚོགས་ཆུང་ཞིག་ཧོང་ཀོང་དུ་བསྐྱོད་རྒྱུ་བཀའ་འགོག་བྱས་པའི་ཐག་གཅོད་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་པར་
མ་ཟད། དེས་ཧོང་ཀོང་ནང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་པ་ད་དུང་ཇེ་ཆེར་གཏོང་རྒྱུ་ལས་གཞན་ཕན་ཐོགས་གང་ཡང་བྱུང་མེད་པར་ཡིད་ཆེས་གནང་གི་ཡོད་ལུགས་བརྗོད་ཡོད་པ་རེད།
དབྱིན་ཇིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་དབུས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཧོང་ཀོང་ནང་གི་གནས་སྟངས་རྟོག་ཞིབ་ཆེད་ཕེབས་འཆར་ཡོད་ན་ཡང་། གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་ཁོང་རྣམ་པ་ཕེབས་རྒྱུར་ཆོག་མཆན་མི་སྤྲོད་རྒྱུའི་ཐག་གཅོད་བྱས་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧུའ་ཁྲུན་ཡིང་གིས། ཧོང་ཀོང་ནི་རྒྱ་ནག་གི་འཛིན་སྐྱོང་འོག་ཡོད་པས་ཧོང་ཀོང་ནང་སུ་ཡོང་འཇུག་དང་མི་འཇུག་རྒྱ་ནག་གཅིག་པུས་བྱེད་ཐུབ་པ་ཞིག་རེད་ཅེས་དང་། གལ་ཏེ་དབྱིན་ཡུལ་ནང་གི་མི་འགའ་ཤས་ཀྱིས་བྱ་སྤྱོད་འདི་རིགས་མུ་འཐུད་སྤེལ་ཚེ། འདི་ནི་རྒྱུ་མཚན་མེད་པ་ཞིག་དང་བེད་སྤྱོད་མེད་པ་ཞིག་ཡིན་པར་མ་ཟད། སོ་སོའི་རྐང་པའི་ཐོག་རྡོ་འཕེན་པ་དང་གཅིག་མཚུངས་ཡིན་པ་བརྗོད་ཡོད་པ་རེད།
དབྱིན་ཇིའི་གཞུང་གིས་ཧོང་ཀོང་རྒྱ་ནག་ལ་ཕྱི་ལོ་ ༡༩༩༧ ལོར་རྩིས་སྤྲོད་བྱས་ཤིང་། སྐབས་དེར་ཧོང་ཀོང་ནང་གི་མང་ཚོགས་ཀྱི་རང་དབང་དང་རང་སྐྱོང་མུ་འཐུད་རྒྱུན་འཁྱོང་བྱ་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱས་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།