རྒྱ་ ནག་ རྒྱལ་ ཡོངས་ མི་ མང་ འཐུས་ ཚོགས་ སྐབས་ བཅུ་ གཉིས་ པའི་ རྒྱུན་ ལས་ ལྷན་ ཁང་ གིས་ རྒྱ་ ནག་ ནང་ གསར་ འགྱུར་ བཅའ་ ཁྲིམས་ ཤིག་ གཏན་ འབེབས་ བྱེད་ པར་ གྲ་ སྒྲིག་ བྱེད་ བཞིན་ ཡོད་ འདུག
འདས་ པའི་ ལོ་ གཉིས་ རིང་ རྒྱ་ ནག་ གཞུང་ གིས་ ཧུའུ་ པེ་ དང་ ཧེ་ ལུང་ ཅང་ ། ཧྥི་ ཅན། སི་
ཡང་ ཁོང་ གིས། ཁྲིམས་ ཀྱིས་ རྒྱལ་ ཁབ་ སྐྱོང་ བ་ ལྟར་ གསར་ འགྱུར་ བརྒྱུད་ སྒྲོག་ ལའང་ ཁྲིམས་ སྐྱོང་ གི་ འདུ་ ཤེས་ བསྐྲུན་ དགོས་ ལ། གལ་ སྲིད་ གསར་ འགྱུར་ བརྒྱུད་ སྒྲོག་ གི་ དབྱེ་ མཚམས་ གསལ་ བོ་ མེད་ ཚེ་ སྟངས་ འཛིན་ བྱེད་ བདེ་ བོ་ མེད་ སྟབས། གནས་ ཚུལ་ གང་ དག་ བརྒྱུད་ སྒྲོག་ ཆོག་ པ་ དང་ མི་ ཆོག་ པའི་ ཁྲིམས་ ལུགས་ དང་ ། ཀུན་ སྤྱོད་ རྣམ་ གཞག སྤྱི་ ཚོགས་ སྒྲིག་ ལམ་ བཅས་ ཀྱི་ དབྱེ་ མཚམས་ གསལ་ བོ་ བཟོས་ ཏེ་ བཀག་ རྒྱ་ སྣ་ ཚོགས་ ལས་ གྲོལ་ ཐབས་ བྱེད་ དགོས། བཅའ་ ཁྲིམས་ གཏན་ འབེབས་ བྱུང་ ན། གསར་ འགྱུར་ ལས་ རིགས་ གཉེར་ མཁན་ ཚོས་ ཁྲིམས་ ཀྱི་ འགན་ དབང་ ལྟར་ སོ་ སོའི་ བྱ་ སྤྱོད་ ལ་ སོ་ སོས་ ཐག་ གཅོད་ བྱེད་ ཆོག་ པས་ རང་ བདག་ གི་ དབང་ ཆ་ འཐོབ་ པར་ ཕན་ ནུས་ ཡོད་ སྐོར་ བརྗོད་ འདུག
འདི་ ལོའི་ ཕྱི་ ཟླ་ ༦ པའི་ ནང་ རྒྱ་ ནག་ དབུས་ གསར་ འགྱུར་ ལས་ སྒྲུབ་ ཁང་ གིས་ གསར་ འགྱུར་ བརྒྱུད་ སྒྲོག་ སྐོར་ གྱི་ སྒྲིག་ གཞི་ ཡིག་ ཆ་ ཞིག་ སྤེལ་ ཏེ། ལས་ སྒྲུབ་ ཁང་ གི་ ཆོག་ མཆན་ མེད་ པའི་ གསར་ འགོད་ པ་ དང་ གསར་ འགྱུར་ ཁང་ ཁག་ ཅིག་ གིས་ སྐྱོན་ བརྗོད་ ཀྱི་ གནས་ ཚུལ་ སྤེལ་ བཞིན་ པར་ བཀག་ འགོག་ བྱ་ རྒྱུ་ ཡིན་ སྐོར་ བསྒྲགས་ ཡོད་ པ་ དང་ ། འདི་ ལོའི་ ཕྱི་ ཟླ་ ༡༠ ནང་ ཡང་ ལས་ སྒྲུབ་ ཁང་ དེ་ དང་ རྒྱ་ ནག་ བརྒྱུད་ ལམ་ གནས་ ཚུལ་ དོ་ དམ་ ཁང་ གཉིས་ མཉམ་ འབྲེལ་ ཐོག ཕྱི་ ལོ་ ༢༠༡༥ ལོའི་ ལོ་ མགོ་ ནས་ བཟུང་ དབུས་ གཞུང་ དང་ ས་ གནས་ ཁག་ གི་ གསར་ འགྱུར་ རྒྱ་ དྲ་ གཙོ་ གྲས་ རྣམས་ དང་ ། རྒྱལ་ ཡོངས་ རང་ བཞིན་ གྱི་ ལས་ ཁུངས་ ཁག་ གི་ གསར་ འགྱུར་ དྲ་ བའི་ གནས་ ཚུལ་ འཚོལ་ སྒྲིག་ པ་ ཚོར་ ངེས་ པར་ དུ་ གསར་ འགོད་ པའི་ དཔང་ ཡིག་ དགོས་ ཀྱི་ ཡོད་ ཀྱང་ ། ཚོང་ ལས་ དང་ འབྲེལ་ བའི་ རྒྱ་ དྲ་ ཁག་ གི་ གསར་ འགོད་ པ་ ཚོ་ དེའི་ ནང་ དུ་ ཚུད་ མེད་ སྐོར་ བརྗོད་ འདུག
གོང་ གི་ གནས་ ཚུལ་ དེའི་ ཐད་ རྒྱ་ ནག་ སྲིད་ ཁྲིམས་ སློབ་ ཆེན་ གྱི་ དགེ་ རྒན་ ཟུར་ པ་ ཐིན་ པའོ་ ལགས་ ཀྱིས། སྤྱིར་ བཏང་ གསར་ འགྱུར་ བརྒྱུད་ སྒྲོག་ གི་ བཅའ་ ཁྲིམས་ གཏན་ འབེབས་ བྱེད་ པར་ བསམ་ ཚུལ་ མི་ འདྲ་ བ་ གཉིས་ སླེབ་ ཀྱི་ ཡོད་ པ་ རེད། ཁག་ ཅིག་ གིས་ རྒྱ་ ནག་ གི་ གསར་ འགྱུར་ བརྒྱུད་ སྒྲོག་ བྱ་ བར་ བཅའ་ ཁྲིམས་ ཀྱི་ གཞི་ རྟེན་ མེད་ པར་ དབུས་ དྲིལ་ བསྒྲཊ་ ལྷན་ ཁང་ དང་ ། གསར་ འགྱུར་ ལས་ སྒྲུབ་ ཁང་ སོགས་ ཀྱི་ ངག་ ཐོག་ བཀའ་ བཀོད་ འོག་ དཀའ་ རྙོག་ མང་ པོ་ བྱུང་ བཞིན་ ཡོད་ སྟབས། གསར་ འགྱུར་ བརྒྱུད་ སྒྲོག་ གི་ བཅའ་ ཁྲིམས་ ཤིག་ གསར་ དུ་ གཏན་ འབེབས་ བྱས་ ན་ ཡག་ པོ་ ཡོད་ ལུགས་ བརྗོད་ ཀྱི་ ཡོད་ པ་ དང་ ། ཡང་ ཁག་ ཅིག་ གིས་ ད་ ལྟའི་ རྒྱ་ ནག་ གི་ ཆབ་ སྲིད་ སྒྲོམ་ གཞིར་ སྤྱི་ ཡོངས་ ནས་ འཕོ་ འགྱུར་ མ་ ཕྱིན་ པའི་ གནས་ བབ་ འོག གསར་ འགྱུར་ བརྒྱུད་ སྒྲོག་ གི་ བཅའ་ ཁྲིམས་ ཤིག་ གཏན་ འབེབས་ བྱས་ པ་ ཡིན་ ན། གསར་ འགོད་ རང་ དབང་ ལ་ སྟངས་ འཛིན་ ཤུགས་ ཆེན་ ཐེབས་ རྒྱུ་ ཡིན་ པས་ བཅའ་ ཁྲིམས་ དེ་ གཏན་ འབེབས་ བྱེད་ མི་ འོས་ སྐོར་ བརྗོད་ ཀྱིན་ ཡོད་ པ་ རེད། ཕྱི་ ལོ་ ༡༩༩༠ ལོར་ རྒྱ་ གཞུང་ གིས་ འདུ་ འཛོམས་ ཁྲོམ་ སྐོར་ གྱི་ བཅའ་ ཁྲིམས་ གཏན་ འབེབས་ བྱས་ ཏེ། འདུ་ འཛོམས་ ཁྲོམ་ སྐོར་ ལ་ སྟངས་ འཛིན་ དང་ བཀག་ སྡོམ་ ཤུགས་ ཆེན་ བྱེད་ བཞིན་ ཡོད་ པ་ ལྟར། གསར་ འགྱུར་ བརྒྱུད་ སྒྲོག་ གི་ བཅའ་ ཁྲིམས་ གཏན་ འབེབས་ བྱས་ ན་ གསར་ འགོད་ རང་ དབང་ ལ་ སྔར་ ལས་ སྟངས་ འཛིན་ བྱ་ རྒྱུ་ ཡིན་ སྐོར་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

