ཉེ་
ཁ་ སང་ རྒྱ་ ནག་ གཞུང་ འབྲེལ་ དྲ་ བ་ གོ་ ལའི་ དུས་ བབ་ ཏུ་ གནས་ ཚུལ་ སྤེལ་ བ་ ལྟར་
ཁ་ སང་ འབར་ མའི་ ནང་ ཡོད་ པའི་ རྒྱ་ ནག་ གཞུང་ ཚབ་ ཁང་ གི་ ལས་ བྱེད་ པས་ ད་ ལྟའི་ བར་ འཛིན་ བཟུང་ བྱས་ པའི་ རྒྱ་ ནག་ གི་ མི་ སེར་ ཚོ་ སྐྱོབ་ ཐབས་ ཀྱི་ ཞུ་ སྐུལ་ ཅི་ ཡང་ བྱས་ མེད་ ཅེས་ བརྗོད་ འདུག་ པ་ དང་ ། རྒྱ་ ནག་ ཕྱི་ འབྲེལ་ མགྲིན་ ཚབ་ པ་ ཧོང་ ལི་ ཡིས་ ད་ ལྟ་ རྒྱ་ ནག་ གཞུང་ ཕྱོགས་ ནས་ འབར་ མ་ བྱང་ ཁུལ་ གྱི་ གནས་ བབ་ ལ་ རྟོག་ ཞིབ་ བྱེད་ བཞིན་ ཡོད་ སྐོར་ བརྗོད་ ཡོད་ ཀྱང་ ། དེ་ རིང་ རྒྱ་ ནག་ གཞུང་ ཕྱོགས་ ནས་ གནས་ ཚུལ་ དེ་ བདེན་ པ་ མིན་ ལུགས་ བརྗོད་ འདུག
ཁཱ་ ཆིན་ གྱེན་ ལོག་ དམག་ དཔུང་ གི་ དམག་ སྤྱི་ དང་ འབར་ མ་ བྱང་ ཁུལ་ མི་ རིགས་ དྲག་ ཆས་ དམག་ དཔུང་ གི་ བཀོད་ འདོམས་ པས་ གོ་ ལའི་ དུས་ བབ་ ཀྱི་ གསར་ འགོད་ པར། ཆ་ རྐྱེན་ གྱིས་ འགྲིག་ པ་ ཡིན་ ན་ ང་ ཚོས་ རྒྱ་ ནག་ གི་ མི་ སེར་ ཚོ་ བདེ་ འཇགས་ ཀྱིས་ ཕྱིར་ རྒྱལ་ ནང་ ལ་ ལོག་ ཏུ་ འཇུག་ ཆོག་ ཅེས་ བརྗོད་ ཡོད་ ཀྱང་ ། འབར་ མ་ བྱང་ ཁུལ་ མི་ རིགས་ དྲག་ ཆས་ དམག་ དཔུང་ གི་ གནས་ ཚུལ་ འབྲེལ་ མཐུད་ པས། ཁོང་ ཚོས་ ཤེས་ རྟོགས་ བྱུང་ བར་ གཞིགས་ ན་ འཛིན་ བཟུང་ བྱས་ པའི་ མི་ མང་ རྣམས་ ལ་ མིག་ སྔར་ ཤི་ རྨས་ བྱུང་ མེད་ ཀྱང་ ། ཟ་ མ་ དང་ འཐུང་ ཆུ་ འདང་ ངེས་ མེད་ པའི་ ཁར་ སྨན་ བཅོས་ ཀྱི་ མཐུན་ རྐྱེན་ ཡང་ མེད་ སྟབས་ བདེ་ འཇགས་ ཀྱིས་ ཕྱིར་ ལོག་ ཐུབ་ རྒྱུ་ དཀའ་ ལས་ ཁག་ པོ་ ཆགས་ ཡོད་ སྐོར་ བརྗོད་ འདུག
ཡང་ ཐེངས་ འདིར་ འཛིན་ བཟུང་ བྱས་ པའི་ རྒྱ་ ནག་ གི་ མི་ སེར་ ཚོའི་ ཐད་ ལ། རྒྱ་ ནག་ གི་ མི་ སེར་ ཚོ་ ཕྱིར་ རྒྱལ་ ནང་ དུ་ ལོག་ ཐུབ་ རྒྱུ་ ལས་ སླ་ བོ་ ཡོད་ པ་ མ་ རེད། གང་ ཡིན་ ཟེར་ ན། འབར་ མ་ བྱང་ ཁུལ་ གྱི་ དམིགས་ བསལ་ གནས་ བབ་ འོག རྒྱ་ ནག་ གི་ མི་ སེར་ མང་ པོ་ རྒྱུན་ ལྡན་ མ་ ཡིན་ པའི་ ཐབས་ ལམ་ བརྒྱུད་ དེ་ འབར་ མའི་ མངའ་ ཁོངས་ སུ་ སིམ་ འཛུལ་ བྱས་ ཡོད་ སྟབས། གལ་ སྲིད་ འབར་ མ་ གཞུང་ དམག་ གི་ ཁོངས་ གཏོགས་ ས་ ཁུལ་ ནས་ ཕྱིར་ རྒྱལ་ ནང་ དུ་ ལོག་ པ་ ཡིན་ ན། ཁྲིམས་ འགལ་ གྱིས་ འབར་ མའི་ ནང་ འཛུལ་ ཏེ་ ཁྲིམས་ འགལ་ གྱིས་ ཚོང་ ལས་ གཉེར་ བའི་ རྐྱེན་ གྱིས་ བཀར་ ཉར་ བྱ་ རྒྱུ་ ཡིན་ པ་ དང་ ། གལ་ སྲིད་ མང་ ཁྲོད་ དྲག་ ཆས་ དམག་ དཔུང་ གི་ ས་ ཁོངས་ ནས་ ཕྱིར་ ལོག་ པ་ ཡིན་ ན་ ངེས་ པར་ དུ་ གཡུལ་ ས་ བརྒྱུད་ དགོས་ སྐོར་ བརྗོད་ འདུག
ཕྱི་ ལོ་ ༢༠༡༡ ལོར་ ལོ་ ངོ་ ༥༠ ཉེ་ བའི་ འབར་ མ་ དྲག་ དམག་ གཞུང་ གི་ དབང་ བསྒྱུར་ མཇུག་ བསྡུས་ ཏེ། ལོ་ དེའི་ ཕྱི་ ཟླ་ ༦ པའི་ ནང་ འབར་ མ་ གཞུང་ དང་ གྱེན་ ལོག་ དྲག་ ཆས་ དམག་ དཔུང་ བར་ ཞི་ བའི་ གྲོས་ མོལ་ བྱེད་ པའི་ མགོ་ བརྩམས་ ཡོད་ ཀྱང་ གྲུབ་ འབྲས་ དེ་ ཙམ་ ཐོན་ མེད་ པའི་ ཁར། འདས་ ལོའི་ ཕྱི་ ཟླ་ ༡༡ ནང་ འབར་ མའི་ གཞུང་ དམག་ གིས་ གྱེན་ ལོག་ དམག་ གི་ དམག་ རྩལ་ སྦྱོང་ བརྡར་ ཁང་ ཞིག་ ལ་ དཔུང་ འཇུག་ བྱས་ ཏེ་ མི་ ༢༢ ཡི་ ཚེ་ སྲོག་ ཤོར་ བ་ དང་ ། མི་ ༡༥ ཙམ་ ལ་ རྨས་ སྐྱོན་ བཟོས་ ཡོད་ སྟབས། དེ་ ནས་ བཟུང་ ཕྱོགས་ གཉིས་ ཀྱི་ འབྲེལ་ བ་ ཇེ་ སྡུག་ ཏུ་ ཕྱིན་ ཡོད་ པ་ དང་ ། ཟླ་ འདིའི་ ཕྱི་ ཚེས་ ༡༥ ཉིན་ ཁཱ་ ཆིན་ འགྲིམ་ འགྲུལ་ ལྷན་ ཁང་ གི་ བློན་ ཆེན་ གྱེན་ ལོག་ ཚོགས་ པས་ བཙན་ ཁྲིད་ བྱས་ ཡོད་ པ་ དང་ ། ཕྱིས་ སུ་ བློན་ ཆེན་ དེ་ ཀློད་ གྲོལ་ བཏང་ ཡོད་ ཀྱང་ ། ཁཱ་ ཆིན་ མངའ་ སྡེ་ གཞུང་ གི་ ཉེན་ རྟོག་ པ་ ༣ མུ་ མཐུད་ བཀག་ ཉར་ བྱས་ ཡོད་ པ་ སོགས་ ཀྱིས་ ཕྱོགས་ གཉིས་ བར་ གྱི་ འགལ་ ཟླ་ ཤུགས་ ཆེ་ རུ་ འགྲོ་ བཞིན་ ཡོད་ པ་ མ་ ཟད། ཁ་ སང་ ནས་ བཟུང་ འབར་ མ་ གཞུང་ གིས་ འབར་ མ་ དང་ རྒྱ་ ནག་ གི་ མཐའ་ མཚམས་ (Kambaiti)ཞེས་ པར་ དམག་ མི་ མང་ པོ་ འགྲེམས་ འཇོག་ བྱས་ ཏེ། ཁྲིམས་ འགལ་ གྱིས་ སིམ་ འཛུལ་ བྱེད་ པར་ དམ་ དྲག་ དང་ མངའ་ ཁོངས་ བརྟན་ སྲུང་ ལ་ སྔར་ ལས་ ཤུགས་ སྣོན་ བྱེད་ མགོ་ བརྩམས་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།
