ཁ་ སང་ ཨ་ རིའི་ མཐུན་ གྲོགས་ རྒྱལ་ ཁག་ གིས་ ཨི་ རག་ ནང་ མཁའ་ ཐོག་ ནས་ རྒོལ་ འཛིང་ བྱས་ ཏེ་ དྲག་ སྤྱོད་ ཤོག་ ཁག་ གི་ རྫས་ འགྱུར་ མཚོན་ ཆ་ བཟོ་ སྐྲུན་ གཙོ་ བོ་ བསད་ ཡོད་ འདུག
ཁ་ སང་ བདུན་ ཕྲག་ སྔོན་ མའི་ གཟའ་ སྤེན་ པ་ ནས་ བཟུང་ ཨ་ རིའི་ མཐུན་ གྲོགས་ རྒྱལ་
ཨ་ རིའི་ དབུས་ དམག་ དོན་ ལྷན་ ཁང་ གིས་ རྒྱལ་ སྤྱིའི་ གསར་ ལམ་ ཐོག་ བརྗོད་ དོན། “ཁོ་ ཤི་ བ་ དེས་ དྲག་ སྤྱོད་ ཤོག་ ཁག་ གིས་ རྫས་ འགྱུར་ མཚོན་ ཆ་ བེད་ སྤྱོད་ བཏང་ སྟེ་ ཉེས་ མེད་ མི་ སེར་ དམར་ གསོད་ གཏོང་ རྒྱུའི་ ནུས་ པ་ ཉམས་ ཡོད་ པ་ མ་ ཟད། ཁོ་ ཚོའི་ འབྲེལ་ གཏུག་ ས་ ཚིགས་ ཁག་ ལའང་ དོ་ ཕོག་ ཆེན་ པོ་ ཕྱིན་ ཡོད། ཅེས་ དང་ ། ཡང་ ཁོ་ ནི་ རྫས་ འགྱུར་ མཚོན་ ཆ་ བཟོ་ རྒྱུར་ ཉམས་ མྱོང་ ཆེན་ པོ་ ཡོད་ པར་ བརྟེན། དེ་ སྔོན་ དྲག་ སྤྱོད་ པས་ ཁོ་ བེད་ སྤྱོད་ བཏང་ སྟེ་ རྫས་ འགྱུར་ མཚོན་ ཆ་ བཟོས་ ཡོད་ སྟབས། ད་ ལྟ་ ང་ ཚོས་ ཁོ་ ཚོར་ རྫས་ འགྱུར་ མཚོན་ ཆ་ ཅི་ ཙམ་ ཡོད་ མེད་ གསལ་ བོ་ ཞིག་ བཤད་ ཐུབ་ ཀྱི་ མི་ འདུག”ཅེས་ བརྗོད་ འདུག
ཨཱ་ བྷུ་ མཱ་ ལེག་ ནི་ དེ་ སྔོན་ སཱ་ ཌམ་ ཧུ་ སན་ (Saddam Hussein) གྱིས་ ཨི་ རག་ གི་ དབང་ ཆ་ གཅིག་ སྡུད་ བྱེད་ སྐབས་ རྫས་ འགྱུར་ མཚོན་ ཆ་ བཟོ་ སྐྲུན་ ཁང་ ཞིག་ ཏུ་ ལས་ ཀ་ བྱས་ ཡོད་ ཅིང་ ། ཨ་ རིས་ ཨི་ རག་ ལ་ དམག་ བརྒྱབ་ ནས་ སཱ་ ཌམ་ ཧུ་ སན་ བསད་ རྗེས། ༢༠༠༥ ལོར་ ཁོས་ ཨི་ རག་ ནང་ རྟེན་ གཞི་ བྱས་ པའི་ ཨལ་ ཁཱལ་ ཌ་ འཇིགས་ སྐུལ་ ཤོག་ ཁག་ ནང་ ཞུགས་ ཏེ་ མུ་ མཐུད་ རྫས་ འགྱུར་ མཚོན་ ཆ་ བཟོ་ མཁན་ གྱི་ གཙོ་ འགན་ འཁུར་ ཏེ། གནོད་ ཚབས་ ཆུང་ བའི་ རྫས་ འགྱུར་ མཚོན་ ཆ་ མང་ པོ་ བཟོས་ ཡོད་ པ་ མ་ ཟད། རྫས་ འགྱུར་ མཚོན་ ཆ་ གཅིག་ ཨི་ རག་ གི་ གྲོང་ ཁྱེར་ མུ་ སོལ་ ནང་ འཕེན་ རྒྱུའི་ འཆར་ གཞི་ ལམ་ ལྷོངས་ བྱུང་ མེད་ སྟབས། ཁོས་ ཨི་ རག་ དང་ སི་ རི་ ཡའི་ མཉམ་ འབྲེལ་ དྲག་ སྤྱོད་ ཤོག་ ཁག་ (ISIS)ནང་ འཛུལ་ ཏེ། རྫས་ འགྱུར་ མཚོན་ ཆ་ བཟོ་ སྐྲུན་ བྱས་ ཡོད་ པ་ མ་ ཟད། དྲག་ སྤྱོད་ པ་ མང་ པོ་ ཞིག་ ལ་ གཏོར་ རྒོལ་ དང་ དམག་ འཐབ་ སྐོར་ ལ་ སློབ་ སྦྱོང་ སྤྲད་ ཡོད་ འདུག ཁོའི་ མིང་ གཞན་ ལ་ སཱ་ ལེ་ ཧ་ ཇཱ་ སེམ་ (Salih Jasim Mohammed Falah al-Sabawi) ཟེར་ གྱི་ ཡོད་ འདུག
ཁ་ སང་ ཨ་ རིའི་ དབུས་ དམག་ དོན་ ལྷན་ ཁང་ གི་ ལས་ བྱེད་ ཞིག་ གིས་ དབྱིན་ ཡུལ་ གྱི་ ཆ་ འཕྲིན་ ཐོག་ བརྗོད་ དོན། “ད་ ལྟ་ ང་ ཚོར་ དྲག་ སྤྱོད་ ཤོག་ ཁག་ ལ་ རྫས་ འགྱུར་ མཚོན་ ཆ་ ཡོད་ པའི་ དཔང་ རྟགས་ གང་ ཡང་ རག་ མེད་ ཀྱང་ ། ཁོ་ ཚོར་ མི་ གསོད་ ཆེད་ རླུང་ ལམ་ འགོག་ བྱེད་ ཀྱི་ ཚྭ་ བའི་ དུག་ རླངས་ (chlorine gas) ཡོད་ པ་ བདེན་ པ་ རེད”ཅེས་ བརྗོད་ འདུག
འདས་ ལོའི་ ཟླ་ ༨ ཚེས་ ༨ ཉིན་ ནས་ བཟུང་ ཨ་ རིའི་ མཐུན་ གྲོགས་ རྒྱལ་ ཁབ་ ཀྱིས་ ཨི་ རག་ དང་ སི་ རི་ ཡའི་ དྲག་ སྤྱོད་ ཤོག་ ཁག་ ལ་ མཁའ་ ཐོག་ ནས་ ཕར་ རྒོལ་ བྱས་ རྗེས། ད་ བར་ དྲག་ སྤྱོད་ ཤོག་ ཁག་ གི་ གཡུལ་ ས་ དང་ ས་ ཚིགས་ ཁག་ ལ་ གཏོར་ རྒོལ་ ཐེངས་ ༢༠༠༠ ཙམ་ བཏང་ སྟེ་ དྲག་ སྤྱོད་ པ་ ༦༠༠༠ ལྷག་ དང་ ། ཁོ་ ཚོའི་ མགོ་ ཁྲིད་ ཕྱེད་ མན་ ཙམ་ བསད་ ཡོད་ པ་ མ་ ཟད། ཁ་ ཉིན་ སྔར་ ཡང་ ཨ་ རིས་ མཁའ་ རྒོལ་ བྱས་ ནས་ དྲག་ སྤྱོད་ པའི་ མགོ་ གཙོ་ གསུམ་ བསད་ ཡོད་ པ་ ཨ་ རིའི་ དམག་ སྤྱི་ མཱར་ ཌིན་ ཌེམ་ སེ་ ཡིས་ གསར་ ལམ་ ཐོག་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

