ཁ་ སང་ པ་ ཀི་ སི་ ཐན་ སུ་ ཎེ་ དྲག་ སྤྱོད་ པས་ ཤཱི་ ཡའི་ ཁ་ ཆེའི་ ལྷ་ ཁང་ ཞིག་ ལ་ འབར་ རྫས་ གས་ གཏོར་ བྱས་ ཏེ་ མི་ ༥༩ ཙམ་ བསད་ ཡོད་ འདུག
ཁ་ སང་ པ་ ཀི་ སི་ ཐན་ གྱི་ ཤཱི་ ཁཱར་ པུར་ གྲོང་ རྡལ་ གྱི་ ལཱ་ ཀི་ ཌར་ (Lakhi Dar) ས་ ཁུལ་ ནང་ རྟེན་ གཞི་ བྱས་ པའི་ ཁ་ ཆེའི་ ཤཱི་ ཡ་ (Shia) ཆོས་ ལུགས་ ཀྱི་ ལྷ་ ཁང་ ཞིག་ ཏུ། ཁ་ ཆེ་ སུ་ ཎེ་ (Sunni) དྲག་ སྤྱོད་ ཤོག་ ཁག་ གིས་ འབར་ རྫས་ གཡུགས་ ཏེ་ མི་ ༥༩
བསད་
དོན་ རྐྱེན་ དེ་ བཟོ་ མཁན་ པ་ ཀི་ སི་ ཐན་ བྷོ་ ལཱ་ ཆི་ སི་ ཐན་ མངའ་ སྡེའི་ ནང་ རྟེན་ གཞི་ བྱས་ པའི་ ཇུན་ དྷོ་ ལཱ་ (Jundullah) དྲག་ སྤྱོད་ ཤོག་ ཁག་ གི་ མགྲིན་ ཚབ་ པ་ ཧྥ་ ཧཱ་ ཌི་ ( Fahad Marwat) ཡིས་ རྒྱ་ གར་ དུས་ བབ་ ཐོག “ང་ ཚོའི་ དགྲ་ བོ་ ནི་ ཤཱི་ ཡའི་ ཆོས་ ལུགས་ རྗེས་ འབྲང་ པ་ དག་ ཡིན་ སྟབས། ང་ ཚོས་ དུས་ ནམ་ ཡིན་ ལ་ ཁོ་ ཚོའི་ སྤྱི་ ཚོགས་ ལ་ གཏོར་ རྒོལ་ གཏོང་ རྒྱུ་ ཡིན”ཞེས་ བརྗོད་ འདུག
པ་ ཀི་ སི་ ཐན་ སིན་ དྷི་ མངའ་ སྡེའི་ དྲིལ་ བསྒྲགས་ བློན་ ཆེན་ ཤཱར་ ཇལ་ (Sharjeel Inam Memon) གྱིས། “ད་ ལྟ་ ང་ ཚོས་ ཤཱི་ ཁཱར་ པུར་ གྲོང་ རྡལ་ དང་ སྨན་ ཁང་ ཁག་ ལ་ ཛ་ དྲག་ བཀའ་ རྒྱ་ བསྡམས་ ཏེ། དྲག་ སྤྱོད་ པ་ འཚོལ་ ཞིབ་ བྱེད་ བཞིན་ ཡོད་ པ་ མ་ ཟད། ཁ་ སང་ འདས་ གྲོངས་ སོང་ བ་ དག་ གི་ ནང་ མི་ གཉེན་ ཉེ་ ཚོར་ སེམས་ གསོ་ དང་ ། རྨས་ སྐྱོན་ ཕོག་ མཁན་ དག་ སྨན་ ཁང་ ལ་ བསྐྱལ་ ནས་ སྨན་ བཅོས་ བྱེད་ བཞིན་ ཡོད།” ཅེས་ བརྗོད་ འདུག
དེ་ རིང་ ཤཱི་ ཡའི་ ཆོས་ ལུགས་ རྗེས་ འབྲང་ པ་ སྟོང་ ཕྲག་ མང་ པོས་ པ་ ཀི་ སི་ ཐན་ གྱི་ རྒྱལ་ ཡོངས་ གྲོང་ ཁྱེར་ ཁག་ ཏུ་ ཞི་ རྒོལ་ བྱས་ ཏེ། གཞུང་ ལམ་ བཀག་ པ་ དང་ རླངས་ འཁོར་ གྱི་ འཁོར་ ལོ་ བསྲེགས་ པ་ སོགས་ བྱས་ པ་ མ་ ཟད། མི་ མང་ པོ་ ཞིག་ གིས་ སོ་ སོའི་ བྲང་ ཁོག་ བརྡུང་ སྟེ་ དྲག་ སྤྱོད་ པར་ ཉེས་ ཆད་ གཏོང་ དགོས་ པ་ དང་ ། ཤཱི་ ཡའི་ ཆོས་ ལུགས་ རྗེས་ འབྲང་ པའི་ ལྷ་ ཁང་ ཁག་ ལ་ སྲུང་ སྐྱོབ་ བྱེད་ དགོས་ སྐོར་ རྗོད་ ཀྱིན་ སྐད་ འབོད་ བྱས་ ཡོད་ པ་ མ་ ཟད། མཉམ་ འབྲེལ་ རྒྱལ་ ཚོགས་ ཀྱི་ སྤྱི་ ཁྱབ་ དྲུང་ ཆེ་ བྷན་ ཁེ་ མོན་ མཆོག་ གིས་ ཀྱང་ ། ཆོས་ ལུགས་ འཐེན་ འཁྱེར་ བྱས་ ནས་ ཉེས་ མེད་ མི་ སེར་ གསོད་ པ་ དེ་ ནི་ བློ་ ཡུལ་ དུ་ གཤོང་ དཀའ་ བ་ དང་ འཇིགས་ སུ་ རུང་ བ་ ཞིག་ ཡིན་ སྟབས། པ་ ཀི་ སི་ ཐན་ གཞུང་ གིས་ ཐག་ གཅོད་ ནན་ མོ་ བྱས་ ནས་ གྲངས་ ཉུང་ མི་ རིགས་ ཀྱི་ ཆོས་ དད་ རང་ དབང་ ལ་ སྲུང་ སྐྱོབ་ བྱེད་ དགོས་ ཞེས་ སོགས་ བསྒྲགས་ གཏམ་ སྤེལ་ འདུག
འདས་ པའི་ ལོ་ ༢༠ རིང་ ནས་ བཟུང་ པ་ ཀི་ སི་ ཐན་ ནང་ སུ་ ཎེ་ དང་ ཤཱི་ ཡ་ ཆོས་ ལུགས་ རྗེས་ འབྲང་ བར་ གསོད་ རེས་ བྱས་ རྗེས། ད་ བར་ པ་ ཀི་ སི་ ཐན་ ཀཱ་ ར་ ཆི་ (Karachi) གྲོང་ ཁྱེར་ དང་ པི་ ཤཱ་ ཝར (Peshawar)། བྷོ་ ལཱ་ ཆི་ སི་ ཐན་ མངའ་ སྡེའི་ རྒྱལ་ ས་ ཁེའུ་ ཌ་ (Quetta) བཅས་ སུ་ ཁ་ ཆེའི་ ཆོས་ བརྒྱུད་ གཉིས་ བར་ དམག་ འཁྲུག་ ལངས་ པ་ ནས་ བཟུང་ ། སུ་ ཎེ་ དྲག་ སྤྱོད་ ཤོག་ ཁག་ གིས་ ད་ བར་ ཤཱི་ ཡ་ ཁ་ ཆེ་ ༢༨༦༣ ལྷག་ བསད་ ཡོད་ པ་ མ་ ཟད། ན་ ནིང་ ཟླ་ ༡༢ ནང་ པེ་ ཤཱ་ ཝར་ གྲོང་ ཁྱེར་ ནང་ རྟེན་ གཞི་ བྱས་ པའི་ དམག་ མིའི་ སློབ་ གྲྭ་ ཞིག་ ལ་ གློ་ བུར་ འཇབ་ རྒོལ་ བྱས་ ཏེ། སློབ་ མ་ ༡༤༢ དང་ ། ༢༠༡༣ ལོར་ ཡེ་ ཤུའི་ ལྷ་ ཁང་ ཞིག་ ལ་ འབམ་ གཡུགས་ ཏེ་ མི་ ༨༥ བསད་ པ་ མ་ ཟད། འདས་ ལོར་ ཨི་ རན་ ལ་ གནས་ སྐོར་ ཕྱིན་ ནས་ པ་ ཀི་ སི་ ཐན་ ཕྱིར་ ལོག་ བྱེད་ མཁན་ གྱི་ སྤྱི་ སྤྱོད་ རླངས་ འཁོར་ ཞིག་ ལ་ སྒྱོགས་ མདེལ་ འཕངས་ ཏེ་ མི་ ༢༤ བཅས་ བསད་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

