རྒྱ་ ནག་ གི་ སློབ་ ཆེན་ ཁག་ གི་ ཚོགས་ འདུའི་ ཐོག་ དབུས་ ཤེས་ རིག་ ལྷན་ ཁང་ གི་ མགོ་ ཁྲིད་ ཡན་ ཀེ་ རིན་ གྱིས། རྒྱའི་ སློབ་ ཆེན་ སློབ་ དེབ་ ནང་ ནུབ་ ཕྱོགས་ ཀྱི་ རིན་ ཐང་ ལྟ་ བ་ གཏན་ ནས་ བཅུག་ རྒྱུ་ མེད་ ལུཊ་ བརྗོད་ པར་ སྐྱོན་ བརྗོད་ ཤུགས་ ཆེན་ བྱེད་ བཞིན་ འདུག
ཟླ་ འདིའི་ ཕྱི་ ཚེས་ ༢༩ ཉིན་ པེ་ ཅིན་ གྲོང་ ཁྱེར་ དུ་ རྒྱ་ ནག་ ཤེས་ རིག་ ལྷན་ ཁང་ གི་ གོ་ སྒྲིག་ འོག ༼སློབ་ ཆེན་ གྱི་ དྲིལ་ སྒྲོག་ བྱ་ བར་ ཤུགས་ སྣོན་ དང་ ལེགས་ བཅོས་ ཐད་ ཀྱི་ བསམ་ འཆར༽ཞེས་ པའི་ སློབ་ ཆེན་ ཁག་ གི་ གནད་ ཡོད་ མི་ སྣའི་ བཞུགས་ མོལ་ ཚོགས་ འདུ་ ཞིག་ བསྡུས་ ཡོད་ པ་ དང་ །
ཚོགས་
པེ་ ཅིན་ སློབ་ ཆེན་ ཁྲིམས་ ལུགས་ རིག་ པའི་ སློབ་ གླིང་ གི་ དགེ་ རྒན་ ཆེན་ མོ་ ཧོ་ ཝེ་ ཧྥང་ གིས་ བྷི་ བྷི་ སིའི་ གསར་ འགོད་ པར། ཡན་ ཀེ་ རིན་ གྱིས་ བཤད་ པ་ ལྟར་ བྱས་ ན། པེ་ ཅིན་ སློབ་ ཆེན་ གྱི་ ཁྲིམས་ ལུགས་ རིག་ པའི་ སློབ་ གླིང་ སྒོ་ བརྒྱབ་ བཞག་ ན་ འགྲིག་ འདུག གང་ ཡིན་ ཟེར་ ན། རྒྱ་ ནག་ གི་ བཅའ་ ཁྲིམས་ གྱི་ ཁོངས་ ཚང་ མ་ ནུབ་ ཕྱོགས་ པའི་ ལུགས་ སུ་ མཐུན་ ཆེ་ རུ་ འགྲོ་ བཞིན་ ཡོད་ པ་ རེད། གལ་ སྲིད་ རྒྱ་ ནག་ གི་ སློབ་ ཆེན་ ནང་ ནུབ་ ཕྱོགས་ པའི་ རིན་ ཐང་ ལྟ་ བ་ བཤད་ མ་ ཆོག་ ན། རྒྱལ་ ཡོངས་ ཀྱི་ ཁྲིམས་ ལུགས་ རིག་ པའི་ སློབ་ གླིང་ ཚང་ མ་ དགོས་ ཀྱི་ མི་ འདུག ཅེས་ བརྗོད་ ཡོད་ པ་ རེད།
གནད་ དོན་ དཔྱད་ ཞིབ་ པ་ ཚོས། ནུབ་ ཕྱོགས་ ཀྱི་ བསམ་ པའི་ དཔལ་ ཡོན་ དང་ རིག་ པའི་ གཞུང་ ལུགས་ ལ་ འགོག་ རྒོལ་ བྱེད་ ཀྱི་ ཡོད་ ན། རྒྱ་ གཞུང་ གིས་ གཙུག་ ཏུ་ བཀུར་ བའི་ མཱ་ ཁེ་ སི་ ནུབ་ ཕྱོགས་ ནས་ ཡིན་ ལ། དེང་ དུས་ ཀྱི་ ཚན་ རྩལ་ རིག་ པའི་ རྨང་ གཞི་ མང་ ཆེ་ བ་ ནུབ་ ཕྱོགས་ ནས་ དར་ བ་ ཡིན་ པས། ཡན་ ཀེ་ རིན་ གྱི་ སྐད་ ཆ་ དེ་ རྒྱ་ ནག་ ཉམས་ རྒུད་ དུ་ གཏོང་ བའི་ མགོ་ འཐོམ་ པའི་ སྐད་ ཆ་ ཞིག་ ཡིན་ པ་ མ་ ཟད། མིའི་ རིགས་ ཀྱི་ འཕེལ་ རྒྱས་ ལ་ འགོག་ རྒོལ་ བྱས་ པ་ ཞིག་ ཡིན་ སྟབས། ཤེས་ རིག་ ལྷན་ ཁང་ གི་ མགོ་ ཁྲིད་ ཅིག་ གིས་ སྐད་ ཆ་ དེ་ ལྟར་ བཤད་ པ་ ནི་ ཧ་ ཅང་ ངོ་ གནོང་ དགོས་ པ་ ཞིག་ ཡིན་ ལུགས་ རྗོད་ ཀྱི་ འདུག
སྤྱི་ ཚོགས་ གནས་ འཕྲིན་ ཁག་ ཏུ། ཞི་ ཅིན་ ཕིན་ གྱིས་ གཙོས་ རྒྱ་ གཞུང་ གི་ མཐོ་ རིམ་ དཔོན་ རིགས་ ཚོས། རྒྱ་ ནག་ ལ་ ནུབ་ ཕྱོགས་ ཀྱི་ རིན་ ཐང་ ལྟ་ བ་ འཚམ་ པོ་ མེད་ པས་ སྤྱི་ ཚོགས་ རིང་ ལུགས་ ལ་ སློབ་ སྦྱོང་ མཐར་ ཕྱིན་ པ་ དགོས་ པའི་ བརྒྱུད་ སྒྲོག་ ཤུགས་ ཆེན་ བྱེད་ ཀྱི་ ཡོད་ ཀྱང་ ། རང་ ཉིད་ ཀྱི་ བུ་ དང་ བུ་ མོ་ ཕྱི་ རྒྱལ་ གྱི་ ལྟ་ གྲུབ་ རིག་ པའི་ སློབ་ གླིང་ གྲགས་ ཅན་ ཁག་ ཏུ་ ཅིའི་ ཕྱིར་ སྐྱེལ་ གྱི་ ཡོད་ པ་ དང་ ། ཐ་ ན་ ཁྱིམ་ མི་ གཉེན་ འབྲེལ་ དང་ རྒྱུ་ དངོས་ ཚང་ མ་ ཕྱི་ རྒྱལ་ ཁག་ ཏུ་ སྐྱེལ་ བར་ ཐབས་ བརྒྱ་ ཇུས་ སྟོང་ འཐེན་ བཞིན་ པའང་ དཔལ་ འབྱོར་ གཅིག་ པུའི་ གནད་ དོན་ མིན་ སྐོར་ བརྗོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།

