ཁ་
ཁ་ སང་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ གིས་ ཁེམ་ རོན་ གྱི་ ཌོ་ རོ་ རྫོང་ ཁོངས་ ཀྱི་ གྲོང་ ཚོ་ མཱ་ ཁེ་ (Maki) དང་ མཱ་ ཌཱ་ (Mada)ནང་ གློ་ བུར་ འཇབ་ རྒོལ་ བྱས་ ཏེ།
བུད་
འདིའི་ ཐད་ ཁེམ་ རོན་ དྲིལ་ བསྒྲགས་ ལྷན་ ཁང་ གི་ བློན་ ཆེན་ ཨེ་ སཱ་ བྷ་ ཁཱ་ རེ་ (Issa Tchiroma Bakary) ཡིས་ བྷི་ བྷི་ སི་ གསར་ ལམ་ ཐོག་ བརྗོད་ དོན། “བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ གིས་ མི་ ༣༠ ནས་ ༥༠ བར་ བཙན་ ཁྲིད་ བྱས་ ཡོད་ པ་ ཤེས་ རྟོགས་ བྱུང་ ཡང་ ། ང་ ཚོས་ ས་ ཁུལ་ དངོས་ ནང་ ཕྱིན་ ནས་ རྟོག་ ཞིབ་ བྱེད་ རྒྱུ་ ཁག་ པོ་ ཆགས་ ཡོད་ སྟབས། ད་ ལྟ་ ཡུལ་ མི་ ག་ ཚོད་ ཙམ་ ཞིག་ བཙན་ ཁྲིད་ བྱས་ ཡོད་ མེད་ ཀྱི་ གནས་ ཚུལ་ ངོ་ མ་ གང་ ཡང་ བཤད་ ཤེས་ ཀྱི་ མི་ འདུག”ཅེས་ བརྗོད་ འདུག
ཁེམ་ རོན་ གྱི་ ཉེན་ རྟོག་ པ་ ཞིག་ གིས་ རོའུ་ ཌར་ གསར་ ལམ་ ཐོག་ བརྗོད་ དོན། “བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ པས་ ཌོ་ རོ་ རྫོང་ ཁོངས་ ཀྱི་ གྲོང་ ཚོ་ གཉིས་ ནང་ གཏོར་ རྒོལ་ བཏང་ སྟེ། མི་ ༣༠ དང་ ལོ་ ༡༠ ནས་ ༡༥ བར་ གྱི་ ཕྲུག་ གུ་ ༥༠ བཙན་ ཁྲིད་ དང་ ། ཁང་ པ་ ༨༠ མེར་ བསྲེགས་ བཏང་ ཡོད་ སྟབས། ད་ ལྟ་ ང་ ཚོའི་ དམག་ དཔུང་ ས་ མཚམས་ ཁུལ་ དུ་ འགྲེམས་ འཇོག་ བྱས་ ནས་ དྲག་ སྤྱོད་ པ་ དང་ དམག་ འཐབ་ བྱེད་ རྩིས་ བྱེད་ བཞིན་ ཡོད”ཅེས་ བརྗོད་ འདུག
བདུན་ ཕྲག་ ཁ་ ཤས་ སྔོན་ ནས་ བཟུང་ ནེ་ ཇེ་ རི་ ཡ་ ནང་ རྟེན་ གཞི་ བྱས་ པའི་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ གིས་ ཁྱིམ་ མཚེས་ རྒྱལ་ ཁབ་ ཁག་ ཏུ་ གཏོར་ རྒོལ་ བྱེད་ མགོ་ བཙུགས་ ཏེ། ཁོ་ ཚོའི་ དྲག་ ཤུགས་ ཀྱི་ ནུས་ པ་ རྒྱ་ སྐྱེད་ གཏོང་ ཐབས་ བྱེད་ ཀྱིན་ ཡོད་ པ་ ལྟར། བདུན་ ཕྲག་ སྔོན་ མའི་ རེས་ གཟའ་ ཟླ་ བ་ ཉིན་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ གིས་ ཁེམ་ རོན་ བྱང་ ཁུལ་ གྱི་ དམག་ སྒར་ ལ་ སྒྱོགས་ མདེལ་ འཕངས་ ཏེ། དམག་ མི་ ༡༤༣ བསད་ ཡོད་ པ་ དང་ ། ཁ་ སང་ དྲག་ སྤྱོད་ པས་ ལུས་ ཐོག་ ཏུ་ འབར་ མདེལ་ བཏགས་ ཏེ་ ནེ་ ཇེ་ རི་ ཡའི་ བྱང་ ཤར་ ཁུལ་ གྱི་ གྲོང་ ཁྱེར་ པོ་ ཌི་ སེ་ ཁམ་ (Potiskum) གྱི་ སྤྱི་ སྤྱོད་ རླངས་ འཁོར་ འབབ་ ཚིགས་ སུ་ གཏོར་ རྒོལ་ བཏང་ སྟེ། མི་ ༤ བསད་ པ་ དང་ གཞན་ མི་ ༤༨ ལྷག་ ལ་ རྨས་ སྐྱོན་ བཏང་ ཡོད་ འདུག
ཟླ་ འདིའི་ ཚེས་ ༢ ནས་ ༧ ཉིན་ བར་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ གིས་ ཨ་ ཧྥི་ རི་ ཀའི་ རྒྱལ་ ཁབ་ ཁེམ་ རོམ་ དང་ ། ཆཱ་ ཌི་ བཅས་ དང་ ས་ འབྲེལ་ འཁེལ་ ཡོད་ པའི་ ནེ་ ཇེ་ རི་ ཡའི་ ཌོ་ རན་ བྷ་ གྷ་ (Doron Baga) གྲོང་ བརྡལ་ ཐོག་ མེ་ སྒྱོགས་ དང་ མཚོན་ ཆ་ གང་ བྱུང་ འཕངས་ ཏེ། ཡུལ་ མི་ ༢༠༠༠ ལྷག་ བསད་ ཡོད་ པ་ མ་ ཟད། སྡོད་ ཁང་ ༣༧༠༠ ལྷག་ གཏོར་ བཤིག་ བཏང་ ཡོད་ ཅིང་ ། དེ་ ནི་ བྷོ་ ཁཱོ་ ཧ་ རམ་ གྱིས་ མི་ གསོད་ དོན་ རྐྱེན་ ཆེ་ ཤོས་ ཆགས་ ཡོད་ སྟབས། རྒྱལ་ སྤྱིའི་ སྒྲིག་ འཛུགས་ ཁག་ གིས་ ནེ་ ཇེ་ རི་ ཡ་ གཞུང་ ལ་ སྐྱོན་ བརྗོད་ བྱས་ ཡོད་ འདུག ཟླ་ འདིའི་ ཚེས་ ༨ ཉིན་ རྒྱལ་ སྤྱིའི་ ཉེས་ ཡང་ ཚོགས་ པ་ དང་ འགྲོ་ བ་ མིའི་ ཐོབ་ ཐང་ རྟོག་ ཞིབ་ ཚོགས་ པས་ བྷོ་ ཁཱོ་ ཧ་ རམ་ གྱིས་ ནེ་ ཇེ་ རི་ ཡའི་ བྷ་ གྷ་ གྲོང་ བརྡལ་ ནང་ སྒྱོགས་ མདེལ་ འཕངས་ ཏེ། ཁང་ པ་ ༣༧༠༠ གཏོར་ བཤིག་ བཏང་ ཡོད་ པའི་ འདྲ་ པར་ ཁག་ ཅིག་ དྲ་ ཐོག་ ཏུ་ བཀོད་ པར། རྒྱལ་ སྤྱིའི་ ཉེས་ ཡང་ ཚོགས་ པས་ གཏོར་ རྒོལ་ དེའི་ ཁྲོད་ ཉེས་ མེད་ མི་ སེར་ ༢༠༠༠ སྡེབ་ གསོད་ བཏང་ ཡོད་ སྐོར་ བརྗོད་ ཡོད་ ཀྱང་ ། ནེ་ ཇེ་ རི་ ཡའི་ འབྲེལ་ ཡོད་ ཉེན་ རྟོག་ པས་ མི་ ༡༥༠ ཙམ་ ལས་ བསད་ མེད་ སྐོར་ བརྗོད་ འདུག
རྒྱལ་ སྤྱིའི་ གསར་ ལམ་ ཁག་ གིས་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ གིས་ བཙན་ ཁྲིད་ བྱས་ ཏེ་ བསད་ པ་ དང་ ། གྲོང་ ཁྱེར་ དང་ གྲོང་ བརྡལ། ས་ ཁུལ་ བཅས་ སུ་ སྒྱོགས་ མདེལ་ འཕངས་ ནས་ བསད་ པ་ སོགས་ རྩིས་ ན། ད་ བར་ ཉེས་ མེད་ མི་ སེར་ ༡༣༠༠༠ ལྷག་ དང་ དམག་ མི་ ༦༡༨༣ ཙམ་ བསད་ ཡོད་ པ་ མ་ ཟད། ཡུལ་ མི་ ༡།༥ ལྷག་ ཁྱིམ་ མཚེས་ རྒྱལ་ ཁབ་ གཞན་ ནང་ ཉེན་ ཡོལ་ དུ་ འགྲོ་ དགོས་ པ་ བྱུང་ ཡོད་ སྟབས། ནེ་ ཇེ་ རི་ ཡའི་ ཁྱིམ་ མཚེས་ རྒྱལ་ ཁབ་ ཁེམ་ རོན་ དང་ ཆཱ་ ཌི་ སོགས་ ཀྱིས་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ པ་ དང་ དམག་ འཁྲུག་ རྒྱག་ རྒྱུར་ གྲ་ སྒྲིག་ བྱེད་ བཞིན་ པ་ ལྟར། ཟླ་ འདིའི་ ཚེས་ ༡༧ ཉིན་ ཆཱ་ ཌི་ གཞུང་ གིས་ དམག་ རྒྱག་ རླངས་ འཁོར་ ༤༠༠ དང་ ཐད་ འཕུར་ གནམ་ གྲུ། དམག་ མི་ སོགས་ ནེ་ ཇེ་ རི་ ཡ་ དང་ ཁེམ་ རོམ་ ལ་ དམག་ རྒྱག་ རོགས་ རམ་ བྱེད་ བར་ བཏང་ ཡོད་ སྟབས། ཁ་ སང་ ཆཱ་ ཌི་ དམག་ དཔུང་ གི་ དམག་ དཔོན་ ཨི་ བྷར་ ཧམ་ (Djerou Ibrahim) གྱིས་ དེ་ རིང་ ང་ ཚོས་ དགྲ་ བོའི་ ཕྱོགས་ སུ་ ཤར་ སྐྱོད་ བྱེད་ ཀྱི་ ཡིན་ ཞེས་ བརྗོད་ འདུག
སྲིད་ དོན་ དབྱེ་ ཞིབ་ པ་ ཚོས། རྒྱལ་ སྤྱིའི་ རྒྱལ་ ཁབ་ ཁག་ ཅིག་ གིས་ བྷོ་ ཁཱོ་ ཧ་ རམ་ དྲག་ སྤྱོད་ ཤོག་ ཁག་ དང་ དམག་ འཐབ་ བྱེད་ དང་ བྱེད་ མུས་ ཡིན་ ཡང་ ། དྲག་ སྤྱོད་ པའི་ སྟོབས་ ཤུགས་ མུ་ མཐུད་ རྒྱ་ སྐྱེད་ འགྲོ་ བཞིན་ ཡོད་ སྟབས། མཉམ་ འབྲེལ་ རྒྱལ་ ཚོགས་ ངོས་ ནས་ རྒྱལ་ སྤྱིའི་ ཞི་ བདེའི་ སྲུང་ དམག་ (UNO Peace Keeping Force)བཏང་ སྟེ། རྩ་ མེད་ མ་ བཟོ་ ཐབས་ བྱེད་ དགོས་ སྐོར་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
