རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ཁང་གི་འགན་འཛིན་འཕོ་འགྱུར།

རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁུངས་ཀྱི་འགན་འཛིན་གསར་བ་ཚའེ་མིང་ཀྲོག ༢༠༡༢རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁུངས་ཀྱི་འགན་འཛིན་གསར་དུ་བསྐོ་བཞག་བྱས་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་ཁང་གཙོ་བོའི་གྲས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་གི་འགན་འཛིན་གཞོན་པའི་གྲས་ཚའེ་
མིང་ཀྲོག་ཤིན་ཧ་གསར་འགྱུར་ལས་ཁང་གི་འགན་འཛིན་དུ་བསྐོ་བཞག་བྱས་ཡོད་པ་དང་། དེའི་གོང་གི་འགན་འཛིན་ལིའི་ཚུང་ཅུན་ད་ལོ་ཕྱི་ཟླ་བཅུ་པའི་ནང་ནས་རང་ལོ་༦༥ལ་སླེབས་ཟིན་པར་བརྟེན་རྒས་ཡོལ་གྱི་གཏན་འབེབས་དུས་ཚོད་ཟིན་ནས་ཁོང་གི་ཚབ་ཏུ་ད་ལོ་རང་ལོ་༥༩ཟིན་གྱི་ཡོད་པའི་ཚའེ་མིང་ཀྲོག་བསྐོ་བཞག་བྱས་པ་ཞིག་ཡིན་པ་རེད།
རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་ལས་ཁང་གིས་གསལ་བསྒྲགས་སྤེལ་བའི་ནང་། ཚའེ་མིང་ཀྲོག་ནི་ཆབ་སྲིད་ལམ་ཕྱོགས་ཐད་བརྟན་ལྷིང་དང་། བློ་བརྟན་འགྱུར་མེད་ཀྱི་ལམ་ཕྱོགས་འཛིན་ཐུབ་མཁན་ཞིག་ཡིན་སྟབས་ཁོང་གིས་ཤིན་ཧ་གསར་འགྱུར་ལས་ཁང་གི་འགན་འཛིན་ལས་འགན་ཁུར་བའི་འོག་སྤྱི་དམངས་ཀྱི་བསམ་ཚུལ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་བསམ་ཚུལ་གཅིག་མཚུངས་ཡོང་རྒྱུར་ཕན་ཐོགས་ནུས་པ་བཏོན་ཐུབ་མཁན་ཞིག་ཡིན་ལུགས་སོགས་འཁོད་ཡོད་པ་རེད། ཚའེ་མིང་ཀྲའོ་དེའི་སྔོན་རྒྱ་ནག་དྲིལ་བསྒྲགས་ལས་ཁང་གི་དཔོན་རིགས་ལས་འགན་ཁུར་མྱོང་ཡོད་པ་མ་ཟད། འདས་པའི་ལོ་ངོ་༢༣རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་ནང་གསར་འགོད་པ་དང་། དེ་བཞིན་འགན་འཛིན་ཁྱབ་ཡོངས་ཀྱི་ལས་གནས་འཁུར་མྱོང་ཡོད་པ་རེད་། 
རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་ལས་ཁང་དེ་བཞིན་༡༩༣༡ལོར་གསར་བཙུགས་བྱས་ནས་༡༩༣༧ལོར་དངོས་སུ་ལས་དོན་སྤེལ་ཡོད་ཅིང་། དེང་སྐབས་ཤིན་ཧ་གསར་འགྱུར་ལས་ཁང་གི་ཡན་ལག་ཁང་འཛམ་གླིང་ཡུལ་གྲུ་༡༨༠ཙམ་ནང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཀྱི་ལག་ཆ་གཙོ་བོ་ཞིག་ཡིན་པ་རེད།    

གསར་འགོད་པ་འཆི་མེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས།།