འཛིན་ རིམ་ བཅུ་ པའི་ སློབ་ ཕྲུག་ ཁག་ ཅིག་ ལ་ མགོ་ ཁྲིད་ ནུས་ པ་ སྐྱེད་ སྲིང་ གི་ ཟབ་ སྦྱོང་ ཐོག ཤེས་ རིག་ བཀའ་ བློན་ མཆོག་ གིས་ སྔོན་ ཆད་ ཨ་ རིའི་ གཞུང་ གིས་ བཙན་ བྱོལ་ བོད་ མིའི་ ཤེས་ ཡོན་ ཐད་ ཨ་ སྒོར་ ས་ ཡ་ ༢ ཡི་ རོགས་ དངུལ་ རག་ ཡོད་ པ་ ལྟར། ད་ ཆར་ ཁེ་ ན་ ཌ་ ནས་ ཀྱང་ ཨ་ སྒོར་ ས་ ཡ་ ༢ ཡི་ རོགས་ དངུལ་ ཡོང་ གི་ ཡོད་ སྐོར་ གསུངས་
བོད་ མིའི་ སྒྲིག་ འཛུགས་ ཤེས་ རིག་ ལས་ ཁུངས་ ཀྱི་ གོ་ སྒྲིག་ འོག དྷ་ ཤོད་ བོད་ ཁྱིམ་ སློབ་ གྲྭའི་ ཚོགས་ ཁང་ དུ་ རྒྱ་ བལ་ གཉིས་ ནས་ བོད་ པའི་ གཏན་ ཉིན་ སློབ་ གྲྭ་ ཁག་ གི་ འཛིན་ རིམ་ བཅུ་ པའི་ སློབ་ ཕྲུག་ ཁག་ ཅིག་ ལ་ ༼འགོ་ ཁྲིད་ ནུས་ པ་ སྐྱེད་ སྲིང་ གནང་ ཕྱོགས་ དང་ འབྲེལ་ བའི་ ཟབ་ སྦྱོང་ །༽ཐེངས་ གཉིས་ པ་ དབུ་ འཛུགས་ གནང་ ཡོད་ ཅིང་ ། ཁ་ སང་ སྐུ་ མགྲོན་ གཙོ་ བོར་ སྲིད་ སྐྱོང་ བློ་ བཟང་ སེང་ གེ་ མཆོག་ དང་ ཤེས་ རིག་ བཀའ་ བློན་ དངོས་ གྲུབ་ ཚེ་ རིང་ རྣམ་ གཉིས་ ཕེབས་ ཡོད།
ཟབ་ སྦྱོང་ དབུ་ འཛུགས་ ཐོག་ ཤེས་ རིག་ བཀའ་ བློན་ མཆོག་ གིས་ ཤེས་ རིག་ ལས་ ཁུངས་ ཀྱི་ ངོས་ ནས་ ༢༠༡༤ ལོར་ བཙན་ བྱོལ་ བོད་ མིའི་ སློབ་ གྲྭ་ ཡོངས་ རྫོགས་ ཀྱི་ འཛིན་ གྲྭ་ བཅུ་ པའི་ སློབ་ ཕྲུག་ ༣༡༠ ལ་ མགོ་ ཁྲིད་ ནུས་ པ་ སྐྱེད་ སྲིང་ གི་ ཟབ་ སྦྱོང་ སྤྲད་ པར་ ཕན་ ཐོགས་ ཆེན་ པོ་ བྱུང་ ཡོད་ སྟབས། ད་ རེབ་ སླར་ ཡང་ སློབ་ ཕྲུག་ ༣༠༠ ལྷག་ ལ་ མགོ་ ཁྲིད་ ནུས་ པ་ སྐྱེད་ སྲིང་ གི་ ཟབ་ སྦྱོང་ ཐེངས་ གཉིས་ པ་ གོ་ སྒྲིག་ ཞུས་ སྐོར་ དང་ འབྲེལ་ ནས་ གསུངས་ དོན། ང་ ཚོའི་ ཁ་ གཏད་ རྒྱ་ ནག་ གཞུང་ ལ་ ཆ་ མཚོན་ ན། མི་ འབོར་ དང་ དཔལ་ འབྱོར། དྲག་ ཤུགས་ སོགས་ གང་ ཅིའི་ ཐད་ ཁ་ གཏད་ གཅོག་ ཐབས་ ཁག་ པོ་ ཆགས་ ཡོད་ ཀྱང་ ། ང་ ཚོས་ སྤུས་ ཚད་ དང་ ཤེས་ ཚད། ནུས་ པ་ བཅས་ ཀྱི་ ཐོག་ ནས་ ཏན་ ཏན་ ཁ་ གཏད་ གཅོག་ ཐུབ་ ཀྱི་ རེད། བོད་ ཀྱི་ གནད་ དོན་ ནི་ ཉིན་ རེ་ བཞིན་ ཛ་ དྲག་ ཆེ་ རུ་ འགྲོ་ བཞིན་ ཡོད་ སྟབས། མ་ འོངས་ པར་ འགན་ འཁུར་ གནང་ མཁན་ ནི་ སློབ་ གྲྭ་ ཁག་ གི་ སློབ་ ཕྲུག་ ལས་ གཞན་ སུ་ ཡང་ མེད་ སྟབས། ཁྱེད་ རང་ ཚོ་ མཐོང་ བའི་ སྐབས་ སུ་ ང་ ཚོ་ དགའ་ བ་ དང་ ། ༧གོང་ ས་ མཆོག་ ཐུགས་ དགྱེས་ པ། གཞིས་ བྱེས་ བོད་ མི་ རྣམས་ སྤོབས་ པ་ སྐྱེ་ བ་ དེ་ འདྲ་ ཡོང་ གི་ ཡོད་ སྟབས། ཁྱེད་ རང་ ཚོ་ ཧྲ་ ཏག་ ཏག་ ཡག་ པོ་ མ་ བྱས་ ན། ང་ ཚོ་ བློ་ ཕམ་ དང་ ༧གོང་ ས་ མཆོག་ ཐུགས་ ཕམ་ ཡོང་ རྒྱུ་ ཡིན་ པ་ མ་ ཟད། བོད་ ནང་ གི་ རྒྱ་ ཆེའི་ མང་ ཚོགས་ ཚོ་ བློ་ ཞུམ་ པའི་ གནས་ སྟངས་ ཆགས་ ངེས་ རེད། དཔེར་ ན། དྲག་ པོའི་ སྒྲིག་ འཛུགས་ ནང་ སྐད་ ཆ་ ཤོད་ སྲོལ་ ཞིག་ ཡོད་ པ་ ནི། དམག་ མི་ འབུམ་ ཡོད་ ཀྱང་ ཞེད་ ཀྱི་ མི་ འདུག་ ཀྱང་ ། དམག་ དཔོན་ དྲག་ གྲས་ བརྒྱ་ སྐོར་ དེ་ འདྲ་ ཡོད་ ན་ ཞེད་ ཀྱི་ འདུག་ ལབ་ སྲོལ་ ཡོད་ པ་ ལྟར། མགོ་ ཁྲིད་ མཁན་ དེ་ ཧ་ ལས་ པའི་ གལ་ ཆེན་ པོ་ ཆགས་ ཡོད། ད་ ལྟ་ རྒྱ་ ནག་ གཞུང་ གིས་ ཀྱང་ བོད་ པའི་ མི་ རབས་ གསར་ པ་ ཚོར་ ལྟ་ བསྡད་ ཡོད་ སྟབས། སོ་ སོའི་ ཤེས་ ཡོན་ ཐོག་ འབད་ བརྩོན་ བྱས་ ཏེ་ མ་ འོངས་ པར་ མི་ རིགས་ ཀྱི་ རྩ་ དོན་ དང་ རྒྱལ་ སྤྱིའི་ སྡིངས་ ཆའི་ ཐོག་ ལས་ དོན་ སྒྲུབ་ མཁན་ གྱི་ མགོ་ ཁྲིད་ དེ་ འདྲ་ ཆགས་ ཐུབ་ པ་ བྱེད་ དགོས། ཞེས་ སོགས་ གསུངས་ འདུག
ཤེས་
དེའི་ རྗེས་ སྲིད་ སྐྱོང་ མཆོག་ གིས་ འཛིན་ རིམ་ ༡༢ ཀྱི་ གྲུབ་ འབྲས་ དང་ འབྲེལ་ བའི་ ཐོག་ གསུངས་ དོན། དེ་ རིང་ ༢༠༡༥ མགོ་ བཙུགས་ ནས་ ཉིན་ གཉིས་ པ་ དེ་ ཆགས་ ཡོད་ ལ། བཀའ་ ཤག་ གི་ ཐོག་ ནས་ ལོ་ འདིའི་ དབུ་ འབྱེད་ ཀྱི་ མཛད་ སྒོ་ ཐེངས་ དང་ པོ་ དེ་ ཆགས་ ཡོད་ པ་ མ་ ཟད། ཤེས་ རིག་ ལས་ ཁུངས་ ཀྱི་ ༢༠༡༥ ལོའི་ ལས་ གཞི་ ཐོག་ མ་ དེའང་ ཆགས་ ཡོད་ སྟབས། ངས་ འདི་ ནི་ རྟེན་ འབྲེལ་ བཟང་ པོ་ ཞིག་ རེད་ བསམ་ གྱི་ འདུག རྣམ་ པ་ ཚོས་ ལོ་ གསར་ པའི་ ཁས་ ལེན་ དམ་ བཅའ་ དེ་ མ་ འོངས་ མགོ་ ཁྲིད་ བྱེད་ ཀྱི་ ཡིན་ ཞེས་ པ་ དེ་ འཇོག་ དགོས། དེ་ སྔོན་ ནས་ བཟུང་ བཀའ་ ཤག་ གི་ ངོས་ ནས་ ཤེས་ ཡོན་ དེ་ གལ་ འགངས་ ཆེན་ པོ་ ཞིག་ ལ་ ངོས་ འཛིན་ ཞུ་ བཞིན་ ཡོད་ པ་ ལྟར། ཤེས་ རིག་ ལས་ ཁུངས་ ཀྱི་ ངོས་ ནས་ ཀྱང་ ཤེས་ ཡོན་ ཐོག་ སྔར་ ལྷག་ གོ་ སྐབས་ དང་ མཐུན་ རྐྱེན་ བསྐྲུན་ བཞིན་ ཡོད། ༢༠༡༠ ལོར་ རྒྱ་ གར་ རྒྱལ་ ཡོངས་ ཀྱི་ འཛིན་ རིམ་ ༡༢ ཀྱི་ ཡིག་ ཚད་ ཁྲོད་ བོད་ རིགས་ སློབ་ ཕྲུག་ ཁྲོད་ བརྒྱ་ ཆ་ ༨༠ ཡན་ ལོན་ མཁན་ སློབ་ མ་ ༡༢༧ བྱུང་ ཡོད་ ཀྱང་ ། ༢༠༡༤ ལོར་ སློབ་ མ་ ༣༢༡ བྱུང་ ཡོད་ པ་ མ་ ཟད། བརྒྱ་ ཆ་ ༩༠ ཡན་ ལོན་ མཁན་ སྡེ་ ཚན་ རེ་ ནས་ གསུམ་ རེ་ བྱུང་ སྟེ་ དགའ་ ལྡན་ ཕོ་ བྲང་ གི་ བྱ་ དགའ་ ཐོབ་ ཡོད་ ཀྱང་ ། ༢༠༡༣ ལོར་ མ་ སུ་ རི་ བོད་ ཁྱིམ་ གྱི་ སློབ་ མ་ བསྟན་ འཛིན་ ཆོས་ སྐྱིད་ ཀྱིས་ བརྒྱ་ ཆ་ ༩༥།༤ ལོན་ ཡོད་ ཀྱང་ ། ༢༠༡༤ ལོར་ སུ་ གང་ ལ་ བརྒྱ་ ཆ་ དེ་ འདྲ་ རག་ མེད། ཡིན་ ཡང་ ད་ ལན་ མོན་ གྷོ་ ཌི་ སློབ་ གྲྭའི་ སློབ་ མ་ ཞིག་ གིས་ བརྒྱ་ ཆ་ ༩༤།༦ ལོན་ ཡོད་ ཀྱང་ ། ཁོ་ རང་ གི་ མིང་ ལ་ ཤཱི་ ཝ་ ཎཱི་ ཅེར་ དྷི་ རི་ ཟེར་ བ་ ལས་ སྒྲོལ་ མ་ དང་ རྡོ་ རྗེ་ ལབ་ ཀྱི་ མི་ འདུག ཧི་ མ་ ཅལ་ མངའ་ སྡེའི་ གཞུང་ གིས་ བོད་ ཕྲུག་ ཚོར་ ཕྱི་ ལུགས་ ཀྱི་ སྨན་ པའི་ སློབ་ སྦྱོང་ ཆེད་ རྐུབ་ སྟེགས་ གསུམ་ གནང་ གི་ ཡོད་ པ་ མ་ ཟད། ཚུད་ རྒྱུགས་ སྐབས་ སྤྱི་ ཡོངས་ སློབ་ ཚན་ ཁག་ གི་ ཕྱོགས་ བསྡོམས་ སྐར་ གྲངས་ ༧༢༠ ནས་ བོད་ པར་ དམིགས་ བསལ་ བཏང་ ནས་ སྐར་ གྲངས་ ༣༦༠ ལས་ ལོན་ དགོས་ ཀྱི་ མེད་ ཀྱང་ ། ད་ ལོ་ སློབ་ མ་ སུ་ གཅིག་ ཚུད་ མེད་ སྟབས་ རྐུབ་ སྟེགས་ དེ་ དག་ སློབ་ མ་ གཞན་ ལ་ ཤོར་ སྟབས། མ་ འོངས་ པར་ སློབ་ ཕྲུག་ ཚོས་ སློབ་ སྦྱོང་ ཐོག་ འབད་ བརྩོན་ བྱས་ ནས་ ཤེས་ རིག་ ལས་ ཁུངས་ ཀྱིས་ བསྐྲུན་ པའི་ མཐུན་ རྐྱེན་ དེ་ དག་ ཆུ་ ཟོས་ སུ་ མི་ འགྲོ་ བར་ གནང་ དགོས་ རྒྱུ་ ཧ་ ཅང་ གལ་ ཆེན་ པོ་ ཆགས་ ཡོད། ལོ་ བཅུའི་ སྔོན་ ལ་ ཤེས་ རིག་ ལས་ ཁུངས་ ངོས་ ནས་ སློབ་ ཕྲུག་ ༡༣༠ ལྷག་ ལ་ སློབ་ ཡོན་ འབུམ་ ༨༩ གནང་ གི་ ཡོད་ ཀྱང་ ། ན་ ནིང་ སློབ་ ཕྲུག་ ༥༠༧ ལ་ སློབ་ ཡོན་ འབུམ་ ༣༤༠ ལྷག་ སྤྲད་ ཡོད་ པ་ རེད། ཅེས་ སོགས་ གསུངས་ འདུག
མཇུག་ ཏུ་ སློབ་ ཕྲུག་ ཞིག་ གིས་ སྤེལ་ སྐོབ་ འཚོ་ བྱེད་ སྨན་ ཁང་ དུ་ ལྐོག་ ཟ་ རུལ་ སུངས་ དང་ འབྲེལ་ བའི་ རྙོག་ གླེང་ ཞིག་ བྱུང་ བའི་ སྐོར་ ལ་ དྲི་ བ་ བཏོན་ པའི་ ལན་ དུ་ ཚོགས་ གཙོ་ མཆོག་ གིས། ང་ ཚོས་ སྤེལ་ ཀོབ་ འཚོ་ བྱེད་ སྨན་ ཁང་ དང་ འབྲེལ་ བའི་ ཐོག་ ནས་ ཞིབ་ འཇུག་ ཚོགས་ ཆུང་ གཉིས་ བཙུགས་ པ་ རེད། ཞིབ་ འཇུག་ ཚོགས་ ཆུང་ དང་ པོ་ དེ་ འཕྲོད་ བསྟེན་ ལས་ ཁུངས་ ཀྱིས་ བཙུགས་ ཡོད་ ཀྱང་ ། འཕྲོད་ བསྟེན་ བཀའ་ བློན་ གྱིས་ རྩིས་ མེད་ བཏང་ བ་ རེད། ཞིབ་ འཇུག་ ཚོགས་ ཆུང་ གཉིས་ པ་ དེ་ བཀའ་ ཤག་ གིས་ བཙུགས་ ཏེ། ཆད་ པ་ བསྒྲུབ་ དགོས་ པ་ བསྒྲུབས་ པ་ དང་ ལས་ བྱེད་ གནས་ སྤོས་ གཏོང་ དགོས་ པ་ བཏང་ བ་ བཅས་ ཀྱི་ བཅད་ ཁྲ་ བཏང་ ཡོད་ ཀྱང་ ། འགན་ འཛིན་ ལྷག་ པ་ ཚེ་ རིང་ གིས་ དངུལ་ ལྐོག་ ཟ་ བྱས་ བཞག་ ཟེར་ བ་ ཞིབ་ འཇུག་ ཚོགས་ ཆུང་ གཉིས་ ཀས་ ཁུངས་ བསྐྱལ་ ཐུབ་ ཡོད་ པ་ མ་ རེད། ཅ་ ལག་ གམ་ འཕྲུལ་ ཆས་ གཅིག་ ཉོས་ ནས་ དེའི་ ལོ་ རེའི་ བདག་ སྐྱོང་ ལོ་ གཅིག་ མ་ བཞག་ པར་ ལོ་ ལྔ་ དྲུག་ བཞག་ ཡོད་ སྟབས། ཅ་ ལག་ གཅིག་ ལ་ ཧིན་ སྐོར་ ༡༣༠༠༠ གནས་ ཚེ་ བདག་ སྐྱོང་ གི་ རིན་ གོང་ ཡང་ ཧིན་ སྒོར་ ༡༣༠༠༠ ཆགས་ ཏེ་ ཅ་ ལག་ གི་ རིན་ གོང་ དང་ བདག་ སྐྱོང་ རིན་ འབབ་ འདྲ་ པོ་ ཆགས་ པའི་ གནས་ ཚུལ་ བྱུང་ ཡོད་ སྟབས། ང་ ཚོས་ འཛིན་ སྐྱོང་ གི་ བརྒྱུད་ རིམ་ ཞིག་ གི་ ཐོག་ ནས་ བཀའ་ ཤག་ གིས་ ཐག་ གཅོད་ གནང་ བ་ དེར་ འགྲིག་ གི་ མི་ འདུག་ གང་ ཡང་ ལབ་ མེད། ཐག་ གཅོད་ གནང་ བཞག་ པ་ དེར་ ང་ ཚོས་ འགྲིག་ འདུག་ དང་ མི་ འདུག་ གང་ ཡང་ ཞུ་ རྒྱུ་ མིན། དོ་ བདག་ ཁོ་ རང་ ལ་ མ་ འགྲིག་ པ་ ཡིན་ ན་ ཁྲིམས་ ཁང་ ལ་ འགྲོ་ རྒྱུ་ ཞིག་ ཡོད་ ཡོད་ པ་ རེད། ཅེས་ གསུངས་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
དུས་བབ་དྲ་བ་ནས།།
