དེ་རིང་རྒྱ་ ནག་ གཞུང་ གིས་ རྒྱལ་ ས་ པེ་ ཅིན་ ནས་ ཨུ་ རུ་ སུའི་ རྒྱལ་ ས་ བར་ མྱུར་ རྒྱུག་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ བྱ་ རྒྱུ་ ཡིན་ སྐོར་ བསྒྲགས་ འདུག སུ་ ཁཱོའི་ བར་ སྤྱི་ ལེ་ ༧༠༠༠ཙམ་ ཡོད་ ཅིང་ ཆུ་ ཚོད་ ༤༨ ནང་ བསླེབ་ ཐུབ་ པའི་མྱུར་ རྒྱུག་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ བྱ་ རྒྱུ་ ཡིན་ པ་
དང་ ། མ་ འོངས་ པར་ ཞི་ བདེ་ རྒྱ་ མཚོའི་ འོག་ ཏུ་ སྦུགས་ ལམ་ བརྒྱུད་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ བྱས་ ཏེ། ཨ་ རི་ དང་ ཁེ་ ན་ ཌར་ མཐུད་ དེ་ དཔལ་ འབྱོར་ འབྲེལ་ ལམ་ གོང་ མཐོར་ གཏོང་ ཐབས་ བྱས་ པ་ ཞིག་ ཡིན་ འདུག
འདིའི་ ཐད་ རྒྱ་ ནག་ བཟོ་ སྐྲུན་ ཚན་ རྩལ་ ལྟེ་ གནས་ ཁང་ གི་ རིགས་ གཅིག་ མཁས་ དབང་ ཝང་ མིང་ (Wang Meng-shu) གིས་ རྒྱ་ གར་ དུས་ བབ་ ཐོག་ བརྗོད་ དོན། “མྱུར་ རྒྱུག་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ གྱི་ ལས་ འཆར་ འདི་ རྒྱ་ ནག་ བྱང་ ཤར་ ས་ ཁུལ་ བརྒྱུད་ ཨུ་ རུ་ སུའི་ སི་ བྷེར་ ཡཱ་ དང་ ། དེའི་ རྗེས་ ཞི་ བདེ་ རྒྱ་ མཚོའི་ འོག་ གི་ སྦུགས་ ལམ་ བརྒྱུད་ ཨ་ རིའི་ མངའ་ སྡེ་ ཨཱ་ ལཱ་ སེ་ ཁཱ་ དང་ ཁེ་ ན་ ཌ་ བར་ མཐུད་ རྒྱུ་ ཡིན་ ཞིང་ ། མ་ འོངས་ པར་ ལས་ འཆར་ འདིའི་ མ་ དངུལ་ གྱི་ འཁོར་ རྒྱུག་ ལ་ དོ་ ཕོག་ མ་ ཕྱིན་ ཚེ་ ལོ་ ལྔའི་ ནང་ བསྒྲུབ་ རྒྱུ་ རེད”ཅེས་ བརྗོད་ འདུག
ཐེངས་ འདིའི་ རྒྱལ་ ཁབ་ གཉིས་ བར་ གྱི་ མྱུར་ རྒྱུག་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ ལས་ གྲྭ་ འདི། ༢༠༡༤ ལོའི་ ཟླ་ ༡༠ པའི་ ནང་ ཨུ་ རུ་ སུའི་ སྲིད་ འཛིན་ པུ་ ཌིན་ དང་ རྒྱ་ ནག་ གི་ སྲིད་ བློན་ ལི་ ཁེ་ ཆང་ ཐུག་ འཕྲད་ སྐབས། རྒྱ་ ནག་ ལྕགས་ ལམ་ བཟོ་ སྐྲུན་ ལས་ ཁུངས་ དང་ ཨུ་ རུ་ སུའི་ ལྕགས་ ལམ་ ལས་ ཁུངས་ བར། རྒྱ་ ནག་ རྒྱལ་ ས་ པེ་ ཅིང་ ནས་ ཨུ་ རུ་ སུའི་ རྒྱལ་ ས་ མཱོ་ སུ་ ཁཱོ་ བར་ ལྕགས་ ལམ་ བཟོ་ སྐྲུན་ བྱ་ རྒྱུའི་ ཐག་ གཅོད་ བྱས་ པ་ ཞིག་ ཡིན་ ཞིང་ ། འདི་ ནི་ རྒྱ་ ནག་ གིས་ ཕྱིའི་ རྒྱལ་ ཁབ་ ནང་ མྱུར་ རྒྱུག་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ ལས་ གཞི་ སྤེལ་ བ་ ཐོག་ མ་ དེ་ ཆགས་ ཡོད་ འདུག
རྒྱ་ ནག་ ལྕགས་ ལམ་ བཟོ་ སྐྲུན་ ལྷན་ ཁང་ གིས་ ཆེད་ ལས་ ལག་ རྩལ་ གོང་ འཕེལ་ གཏོང་ ཆེད། འཇར་ མན་ གྱི་ ཌེར་ སི་ ཌན་ (Dresden) དང་ ། སི་ ཌུ་ ཌི་ གྷར་ ཌི་ (Stuttgart) བཟོ་ ལས་ ཚན་ རྩལ་ གཙུག་ ལག་ སློབ་ ཁང་ སོགས་ དང་ གྲོས་ མཐུན་ བཞག་ སྟེ་ རྒྱལ་ ཁབ་ གཉིས་ ཀྱིས་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ གྱི་ ལས་ གྲྭ་ ཁག་ ལ་ ཕན་ ཚུན་ ཞོགས་ འདེགས་ བྱ་ རྒྱུ་ བྱས་ ཡོད།
ཨུ་ རུ་ སུས་ ཐོག་ མར་ ཧྥ་ རན་ སིའི་ ཁེ་ ལས་ (Alstom)ཞེས་ པར་ རྒྱལ་ ས་ མཱོ་ སུ་ ཁཱོ་ ནས་ རྡོ་ སྣུམ་ གྱིས་ ཕྱུག་ པའི་ གྲོང་ ཁྱེར་ ཁཱ་ ཛན་ བར་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ ལས་ འཆར་ འདི་ སྤྲོད་ རྒྱུ་ ཐག་ གཅོད་ བྱས་ ཡོད་ ཀྱང་ ། རྒྱ་ ནག་ གཞུང་ གིས་ ཨུ་ རུ་ སུའི་ དཔལ་ འབྱོར་ ཉམས་ ཉེས་ ལས་ སྐྱོབ་ ཆེད་ ཨུ་ རུ་ སུ་ ནས་ ལོ་ ༣༠ ནང་ ཚུད་ དུ་ ཨ་ སྒོར་ ཐེར་ འབུམ་ ༤༠༠ ལྷག་ གི་ རྡོ་ སྣུམ་ ཉོ་ རྒྱུའི་ ཚོང་ དོན་ གྲོས་ མཐུན་ བཞག་ ཡོད་ སྟབས། མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ ལས་ གཞི་ དེ་ ཡང་ རྒྱ་ ནག་ ལ་ སྤྲད་ ཡོད་ འདུག མེ་ འཁོར་ ལྕགས་ ལམ་ འདིས་ རྒྱལ་ ཁབ་ གཉིས་ ཀྱི་ དཔལ་ འབྱོར་ འཕེལ་ རྒྱས་ འགྲོ་ རྒྱུ་ མ་ ཟད། རྒྱ་ ནག་ ནང་ རྟེན་ གཞི་ བྱས་ པའི་ འཇར་ མན་ གྱི་ རླངས་ འཁོར་ བཟོ་ གྲྭ་ ཝོག་ སེ་ ཝེ་ གྷན་ (Volkswagen) དང་ (BMW)། མཱར་ སི་ ཌེ་ སེ་ (Mercedes) བཅས་ ཡུ་ རོབ་ ནང་ ཕྱིར་ ཚོང་ བྱ་ རྒྱུར་ ཕན་ ཐོགས་ ཡོང་ རྒྱུ་ ཡིན་ འདུག
ཆབ་ སྲིད་ དབྱེ་ ཞིབ་ པ་ ཚོས། དེ་ སྔོན་ ཞི་ ཅིན་ ཕིན་ གྱིས་ རྒྱ་ གར་ གྱི་ སྲིད་ བློན་ ནཱ་ རེན་ ཌ་ མུ་ དྷེ་ དང་ གོས་ ཚོང་ འབྲེལ་ གྱི་ དཔལ་ འབྱོར་ མཉམ་ འདེགས་ ལམ་ བུ་ ཞེས་ པའི་ མིང་ བྱང་ འོག མྱུར་ རྒྱུག་ མེ་ འཁོར་ ལྕགས་ ལམ་ བཟོ་ སྐྲུན་ གྱིས་ ཨེ་ ཤ་ ཡའི་ དཔལ་ འབྱོར་ གོང་ འཕེལ་ གཏོང་ ཐབས་ ལ་ མཉམ་ ལས་ བྱ་ རྒྱུའི་ གྲོས་ མོལ་ བྱས་ པ་ ལམ་ ལྷུང་ བྱུང་ མེད་ སྐོར་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

