དེ་ རིང་ དབྱིན་ ཡུལ་ རྒྱལ་ ས་ལོན་ཌོན་ དུ་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ༢༡ གི་ སྐུ་ ཚབ་ འཛོམས་ ཏེ་ དྲག་ སྤྱོད་ པར་ ཁ་ གཏད་ ལྕོག་ ཐབས་ ལ་ གྲོས་ མོལ་ བྱས་ ཡོད་ འདུག
དེ་ རིང་ དབྱིན་ ཡུལ་ རྒྱལ་ ས་ ལོན་ ཌོན་ དུ། ཨ་ རིའི་ ཕྱི་ སྲིད་ དྲུང་ ཆེ་ ཇོན་ ཀེ་ རེ་ དང་ དབྱིན་ ཡུལ་ གྱི་ ཕྱི་ སྲིད་ དྲུང་ ཆེ་ ཧྥི་ ལེབ་ ཧམ་ མཱོན་ ཌི་ (Philip Hammond) རྣམ་
ཁ་ སང་ ཇོན་ ཀེ་ རེ་ ཡིས་ ལོན་ ཌོན་ དུ་ མ་ ཐོན་ གོང་ བྷི་ བྷི་ སི་ ཐོག “ད་ ཐེངས་ གྲོས་ མོལ་ དེ་ དྲག་ སྤྱོད་ ཤོག་ ཁག་ གཏོར་ ཕམ་ གཏོང་ རྒྱུ་ ཙམ་ མིན་ པར་ དེ་ ལས་ ལྷག་ པའི་ ཕུགས་ འདུན་ ཞིག་ གི་ ཐོག་ ཤར་ སྐྱོད་ ཐུབ་ པ་ དང་ ། ད་ ལྟ་ དྲག་ སྤྱོད་ པ་ ཚོས་ ང་ ཚོ་ ཁ་ བྲལ་ གཏོང་ འདོད་ བྱེད་ བཞིན་ ཡོད་ ཀྱང་ ། དེ་ ལས་ ལྡོག་ སྟེ་ ཁོ་ ཚོའི་ བྱ་ སྤྱོད་ དེས་ ང་ ཚོ་ ཕན་ ཚུན་ མཉམ་ རུབ་ ཐུབ་ པ་ བྱས་ ཡོད”ཅེས་ དང་ ། ཨི་ ཌ་ ལིའི་ ཕྱི་ སྲིད་ བློན་ ཆེན་ ཧྥེ་ ཌེ་ རེ་ ཀཱ་ (Federica Mogherini) ཡིས། “རྩོད་ རྙོག་ འདི་ ནི་ ཁ་ ཆེ་ དང་ ནུབ་ ཕྱོགས་ རྒྱལ་ ཁབ་ དབར་ གྱི་ དམག་ འཁྲུག་ ཅིག་ མིན་ སྟབས། ད་ ཐེངས་ ང་ ཚོས་ མཉམ་ རུབ་ བྱས་ ཏེ་ ཨ་ རབ་ ཡུལ་ གྲུ་ ནས་ མགོ་ བཙུགས་ ཏེ་ རྒྱལ་ སྤྱིའི་ ཐོག་ གཏོར་ རྒོལ་ གཏོང་ མཁན་ ཚོར་ ཁ་ གཏད་ གཅོག་ ཐུབ་ བྱེད་ དགོས།”ཞེས་ བརྗོད་ འདུག
ཨི་ རག་ གི་ སྲིད་ བློན་ ཧེ་ ཌར་ (Haider al-Abadi) གྱིས་ ཨེ་ ཕེ་ གསར་ ལམ་ ཐོག “རྒྱལ་ སྤྱིའི་ རྒྱལ་ ཁབ་ ཚོས་ དམག་ མིར་ དམག་ སྦྱོང་ དང་ མཚོན་ ཆ་ གང་ ལེགས་ སྤྲད་ དེ་ དྲག་ སྤྱོད་ པ་ དང་ དངོས་ སུ་ འཐབ་ རྒོལ་ བྱེད་ དགོས་ པ་ ལས། ཁ་ ནས་ བཤད་ པ་ ཙམ་ ལས་ ལག་ བསྟར་ མ་ བྱས་ ཚེ་ གྲུབ་ འབྲས་ གང་ ཡང་ འཐོན་ གྱི་ མ་ རེད”ཅེས་ བརྗོད་ འདུག
འདས་ ལོའི་ ཕྱི་ ཟླ་ ༨ པ་ ནས་ བཟུང་ ད་ བར་ ཨ་ རིའི་ མཐུན་ གྲོགས་ རྒྱལ་ ཁབ་ ཁག་ གིས་ ཨི་ རག་ ནང་ རྟེན་ གཞི་ བྱས་ པའི་ དྲག་ སྤྱོད་ ཤོག་ ཁག་ ལ་ མཁའ་ རྒོལ་ ཐེངས་ ༡༠༠༠ ཙམ་ བྱས་ ཡོད་ པ་ དང་ ། ད་ ལྟ་ སེ་ རི་ ཡའི་ ནང་ མཁའ་ ཐོག་ ནས་ ཕར་ རྒོལ་ ཐེངས་ ༡༠༠ ལྷག་ བྱེད་ རྒྱུའི་ འཆར་ གཞི་ ལས་ དབྱིན་ ཡུལ་ དང་ ཧྥ་ རན་ སི། ཨོ་ སི་ ཌོ་ ལི་ ཡ། ཧོ་ ལན་ ཌི། བྷེལ་ ཇེམ། ཁེ་ ན་ ཌ། ཌན་ མག་ སོགས་ ཀྱིས་ ཕྱིར་ འཐེན་ བྱས་ ཡོད་ འདུག
ཐེངས་ འདིའི་ ལྷན་ ཚོགས་ ཐོག་ ཨ་ རི་ དང་ དབྱིན་ ཡུལ། ཧྥ་ རན་ སི། ཨོ་ སི་ ཌོ་ ལི་ ཡ། ཧོ་ ལན་ ཌི། བྷེལ་ ཇེམ། ཁེ་ ན་ ཌ། ཌན་ མག བྷ་ རན། ཨེ་ ཇབ། འཇར་ མན། ཨི་ རག ཨི་ ཌ་ ལི། ཇོར་ ཌན། ཁེའུ་ ཝེ་ ཌི། ནོར་ ཝེ། ཁཱ་ ཌར། སོ་ ཌི་ ཨེ་ ར་ བྷེ་ ཡ། སི་ པན། ཀྲག་ ཀི་ སོགས་ རྒྱལ་ སྤྱིའི་ རྒྱལ་ ཁབ་ ༢༡ གི་ མགོ་ ཁྲིད་ དང་ སྐུ་ ཚབ་ འཛོམས་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།

