བལ་ ཡུལ་ གྲོས་ ཚོགས་ ཀྱིས་ རྩ་ ཁྲིམས་ ཟིན་ བྲིས་ གཏན་ འབེབས་ བྱེད་ བཞིན་ ཡོད་ པ་ དང་ བསྟུན་ ཏེ། དེ་ རིང་ བལ་ ཡུལ་ རྒྱལ་ ཡོངས་ སུ་ གཞུང་ གི་ ཉེན་ རྟོག་ པས་ དོ་ དམ་ ནན་ མོ་ བྱས་ ཡོད་ འདུག
དེ་ རིང་ བལ་ ཡུལ་ གྱི་ གྲོས་ ཚོགས་ འཐུས་ མི་ ཚོས་ རྩ་ ཁྲིམས་ ཟིན་ བྲིས་ གཏན་ འབེབས་
ཀཱ་ ཋ་ མཱན་ ཀྲུའི་ སྤྱི་ ཁྱབ་ ཨེག་ ཎཱ་ ར་ ཡན་ (Ek Narayan Aryal) གྱིས་ ཨེ་ ཕེ་ གསར་ ལམ་ ཐོག “དེ་ རིང་ ང་ ཚོས་ ཉེན་ རྟོག་ པ་ སྟོང་ ཕྲག་ གཅིག་ ལྷག་ བཏང་ སྟེ། བལ་ ཡུལ་ གྱི་ གྲོས་ ཚོགས་ རྭ་ བ་ དང་ རྒྱལ་ ས་ ནང་ ལྟ་ སྲུང་ ནན་ མོ་ བྱེད་ བཞིན་ ཡོད། གལ་ ཏེ་ གྲོས་ ཚོགས་ འཐུས་ མི་ ཚོས་ ཉེན་ རྟོག་ པས་ ཉེན་ བརྡ་ གཏོང་ མིན་ ལ་ མ་ ལྟོས་ པར། གྲོས་ ཚོགས་ ནང་ ངོ་ རྒོལ་ དང་ ཅ་ ལག་ བཅག་ པ་ སོགས་ བྱས་ ཚེ་ འཇུ་ བཟུང་ བྱེད་ རྒྱུ་ ཡིན”ཞེས་ བརྗོད་ འདུག
བལ་ ཡུལ་ གྱི་ གཞུང་ འཛིན་ ཚོགས་ པ་ དང་ མཱ་ ཁེ་ སི་ ལེ་ ཉཱིན་ ཚོགས་ པའི་ གྲོས་ ཚོགས་ འཐུས་ མི་ ར་ ཇཱན་ (Rajan Bhattarai) གྱིས་ ཀཱ་ ཋ་ མཱན་ ཀྲུ་ ཆ་ འཕྲིན་ ཐོག “དེ་ རིང་ གྲོས་ ཚོགས་ ཀྱིས་ རྩ་ ཁྲིམས་ ཀྱི་ ཟིན་ བྲིས་ གསར་ པ་ གཏན་ འབེབས་ བྱེད་ བཞིན་ ཡོད་ སྟབས། ང་ ཚོས་ གཏན་ འབེབས་ བྱེད་ མཁན་ གྱི་ ཚོགས་ ཆུང་ བསྐོ་ བཞག་ མ་ བྱས་ སྔོན་ ལ། ཉུང་ མཐར་ གྲོས་ ཚོགས་ འཐུས་ མི་ ཚོས་ རྩ་ ཁྲིམས་ ནང་ གང་ འགོད་ རྒྱུ་ ཡིན་ མིན་ ཐད་ བསམ་ ཚུལ་ སྤུངས་ ཐུབ་ པ་ བྱེད་ དགོས།”ཞེས་ བརྗོད་ འདུག
བལ་ ཡུལ་ གྲོས་ ཚོགས་ ནང་ འཐུས་ མི་ ༦༠༥ ཡོད་ ཁོངས་ ནས་ གསུམ་ ཆ་ གཉིས་ ད་ ལྟའི་ གཞུང་ འཛིན་ ཚོགས་ པ་ སྟེ་ ཀོང་ རེ་ སེ་ ཚོགས་ པ་ དང་ མཱ་ ཁེ་ སི་ ལེ་ ཉཱིན་ ཚོགས་ པའི་ འཐུས་ མི་ ཡིན་ སྟབས། དེ་ སྔོན་ ཚོགས་ པ་ གཉིས་ ཀྱིས་ གཞུང་ འཛིན་ སྐབས་ ལོ་ གཅིག་ ནང་ ཚུད་ དུ་ རྩ་ ཁྲིམས་ གཏན་ འབེབས་ བྱེད་ རྒྱུ་ ཡིན་ སྐོར་ བསྒྲགས་ ཡོད་ སྟབས། ཟླ་ འདིའི་ ཚེས་ ༢༠ ཉིན་ བལ་ ཡུལ་ གྲོས་ ཚོགས་ ཀྱི་ ཚོགས་ གཙོས་ གྲོས་ ཚོགས་ བརྒྱུད་ རྩ་ ཁྲིམས་ ཟིན་ བྲིས་ ཚོགས་ ཆུང་ བསྐོ་ བཞག་ བྱེད་ རྒྱུ་ ཐག་ གཅོད་ བྱས་ སྐབས། ཕྱོགས་ འགལ་ ཚོགས་ པའི་ འཐུས་ མི་ ཞིག་ གིས་ རྐུབ་ སྟེགས་ བཀྱགས་ ཏེ་ ཚོགས་ གཙོའི་ ཕྱོགས་ སུ་ འཕངས་ ཏེ་ གྲོས་ ཚོགས་ ནང་ ཟིང་ ཆ་ ཆེན་ པོ་ བྱུང་ ཡོད་ ཅིང་ ། བལ་ ཡུལ་ རྒྱལ་ ཡོངས་ ནང་ ངོ་ རྒོལ་ ལས་ འགུལ་ སྤེལ་ ཏེ། སློབ་ གྲྭ་ དང་ ཚོང་ ཁང་ སྒོ་ བརྒྱབ་ པ་ དང་ རླངས་ འཁོར་ འགྲུལ་ བཞུད་ བྱེད་ མ་ བཅུག་ པ། ལམ་ ཐོག་ ཡོད་ པའི་ རླངས་ འཁོར་ ཁག་ ཅིག་ བསྲེགས་ པ་ སོགས་ བྱས་ ཏེ། གཞུང་ འཛིན་ ཚོགས་ པས་ ཆབ་ སྲིད་ ཚོགས་ པ་ གཞན་ གྱི་ མངོན་ འདོད་ ལ་ བརྩི་ བཀུར་ འོག་ རྩ་ ཁྲིམས་ ཟིན་ བྲིས་ གཏན་ འབེབས་ བྱེད་ དགོས་ པའི་ དགོས་ འདུན་ བཏོན་ ཡོད་ འདུག
༢༠༠༨ ལོ་ ནས་ བཟུང་ བལ་ ཡུལ་ གཞུང་ གིས་ རྩ་ ཁྲིམས་ ཟིན་ བྲིས་ གཏན་ འབེབས་ བྱེད་ རྒྱུའི་ ཐབས་ ཤེས་ གང་ ཡོང་ བྱས་ ཀྱང་ གྲུབ་ འབྲས་ ཐོན་ མེད་ སྟབས། ༢༠༡༣ ལོར་ རྒྱལ་ ཡོངས་ འོས་ བསྡུ་ བརྒྱུད་ ད་ ལྟའི་ གཞུང་ འཛིན་ གསར་ པ་ འདི་ བསྐོ་ བཞག་ བྱས་ ཡོད་ ཀྱང་ ། ཆབ་ སྲིད་ ཚོགས་ པ་ དབར་ ལྟ་ བ་ ལངས་ ཕྱོགས་ མི་ མཐུན་ པ་ བྱུང་ སྟེ། ད་ བར་ དུས་ ཐོག་ རྩ་ ཁྲིམས་ གཏན་ འབེབས་ བྱེད་ ཕྱོགས་ ཐད་ འགོག་ རྐྱེན་ འཕྲད་ བཞིན་ ཡོད་ སྟབས། མང་ ཚོགས་ དང་ ཚོང་ དོན་ ལྷན་ ཚོགས་ ཀྱི་ མགོ་ ཁྲིད་ ཚོས་ མ་ འདོད་ པའི་ རྣམ་ འགྱུར་ སྟོན་ བཞིན་ ཡོད་ འདུག
དེ་ རིང་ བལ་ ཡུལ་ གྱི་ བཟོ་ ཚོང་ ལྷན་ ཚོགས་ ཀྱི་ ཚོགས་ མི་ ཇཱོ་ ཌི་ (Saurabh Jyoti) ཡིས་ ཨེ་ བྷི་ སི་ གསར་ ལམ་ ཐོག “བློ་ ཕམ་ ནི་ འཁྱོག་ བཤད་ ཅིག་ ཡིན་ སྟབས་ མགོ་ ཁྲིད་ ཚོས་ ཡང་ བསྐྱར་ ནོར་ འཁྲུལ་ གཅིག་ པ་ ཤོར་ དགོས་ དོན་ གང་ ཡིན”ཞེས་ བརྗོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

