
དང་མཆོད་རྟེན་སོགས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྒྱུ་ཆ་བཀོལ་སྤྱོད་བྱས་པ་
ཡིན་མོད།
མེ་མདའ་འཕེན་པའི་རྩེད་ཆས་རིགས་འདིའི་དམིགས་བསལ་རང་བཞིན་ལ་བསམ་བཞིག་ཞིབ་ཏུ་མ་བཏང་རྐྱེན་བོད་རིགས་སྤུན་ཟླ་རྣམས་ཀྱི་ཆོས་དད་བརྩེ་དུངས་ལ་ཕོག་དུག་བཟོས་སོང་། འདིར་ང་ཚོས་དགོངས་དག་ཞུ་གི་ཡིན་ལ་ད་ལྟ་ས་ཁྲ་དེ་གཉིས་རྩེད་ཆས་ལས་བསུབ་ཟིན་ཡོད།
བོད་རིགས་སྤུན་ཟླ་རྣམས་ཀྱི་བསམ་འཆར་འབྱོར་རྗེས། ཀུང་ཟིའི་མི་སྣ་ཡོངས་ཀྱིས་རྩིས་མཐོང་ཆེན་པོ་བྱས་ཏེ་ཐབས་ལམ་བཙལ་བར་མ་ཟད། སྐལ་བཟང་སྤྲུལ་སྐུ་སོགས་ཆོས་ལུགས་ཆེད་མཁས་མི་སྣའི་དགོངས་འཆར་ལ་བཀའ་འདྲི་བྱས་ཐོག་རྩེད་ཆས་ལས་ཆོས་ལུགས་གྲུབ་ཆར་འབྲེལ་བའི་ས་ཁྲ་གཉིས་བསུབ་པར་ཐག་བཅད།
རྗེས་མར་རྩེད་ཆས་ཇུས་འགོད་དང་རྒྱུ་ཆ་བདམ་སྒྲིག་གི་ཐད་ནས་ང་ཚོས་ལྷག་ཏུ་གཟབ་ནན་དཔྱད་རྟོག་ཀྱང་བྱས་ཏེ་རིག་གནས་དང་ཆོས་ལུགས་ཀྱི་བག་ཆགས་ལ་ཅི་ནུས་ཀྱིས་དོ་སྣང་འཐུས་ཚང་ཡོད་པ་བྱས་ནས་ད་ཐེངས་ཀྱི་གནས་ཚུལ་འདི་འདྲ་མི་འབྱུང་བར་བྱེད།
ང་ཚོས་རང་གི་ཤེས་ཡོན་དམན་པ་དང་མ་ཤེས་པའི་ཆ་ལ་བཟོད་སྒོམ་ཞུ་བ་དང་བློ་སེམས་རྣམ་དག་གིས་བོད་རིགས་སྤུན་ཟླ་ཡོངས་ལ་འགྱོད་བཤགས་ཞུ་བར་མ་ཟད། བྱམས་སེམས་ཀྱི་བློ་ཁོག་བསྐྱེད་དེ་ང་ཚོའི་ཉེས་པར་ཀུ་ཡངས་ཡོད་པར་ཞུ། བཙན་པོའི་མགར་གྱི་དྲ་བ་ནས།
དྲ་བཤུས།