ཉིན་ཨ་རིའི་ཧོ་ལི་འུ་ཊི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་རི་ཆ་ཌི་གྷེར་ Richard Gere ལགས་དང་རྒྱ་གར་གྱི་སྲིད་བློན་མོ་དྷི་ Narendra Modi མཆོག་མཇལ་འཕྲད་གནང་འདུགདེ་ཡང་ཁོང་རྣམ་གཉིས་ཆུ་ཚོད་གཅིག་རིང་གི་མཇལ་འཕྲད་སྐབས་སྐུ་ཞབས་རི་ཆ་ཌི་གྷེར་ལགས་ཀྱིས་བོད་དོན་དང་། ནང་ཆོས། ༧གོང་ས་མཆོག དེ་མིན་གནད་དོན་གཞན་ཁག་གི་ཐོག་གླེང་མོལ་གནང་ཡོད་འདུག
སྐུ་ཞབས་རི་ཆ་ཌི་གྷེར་ལགས་ཉེ་ཆར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་རིམ་ཆོས་འབྲེལ་སྩལ་སྐབས་གསུང་ཆོས་ཞུ་བར་བཅར་ཡོད་ཅིང་ཆོས་འབྲེལ་གྲུབ་རྗེས་ལྡི་ལིར་ཕེབས་འབྱོར་སྐབས་རྒྱ་གར་གྱི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་ཡོད་འདུག བོད་མའི་སྒྲིག་འཛུག་དྲ་བ་ནས།
