ཁ་ སང་ སྔ་ དྲོར་ སི་ ཁྲོན་ ཞིང་ ཆེན་ གྱི་ འཐུས་ མིའི་ ཚོཊ་ ཆེན་ དང་ བསྟུན་ ཏེ། ཚོགས་ ཁང་ ཕྱི་ རོལ་ དུ་ བོད་ མི་ ༡༠ གྲངས་ ཤིག་ གིས་ ཞི་ རྒོལ་ གནང་ བར་ བརྟེན་ ཉེན་ རྟོག་ པས་ བཙན་ ཁྲིད་ བྱས་ ཡོད་ འདུག
དེ་ རིང་ རྒྱ་ ནག་ དྲུག་ བཞི་ དྲ་ བའི་ ཐོག་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཁ་ སང་ སྔ་ དྲོར་ སི་ ཁྲོན་ ཞིང་ ཆེན་ གྱི་ མི་ མང་ འཐུས་ མི་ སྐབས་ ༢ པའི་ ཚོགས་ ཆེན་ ཐེངས་ ༣ པ་ ཁྲིན་ ཏུའུ་ གྲོང་ ཁྱེར་ ཅིན་ ཅང་ མགྲོན་ ཁང་ དུ་ ཚོགས་ པའི་ སྐབས་ དང་ བསྟུན་ ཏེ། ས་ གནས་
སྐབས་ དེར་ ཡུལ་ དངོས་ སུ་ ཡོད་ པའི་ འགྲོ་ བ་ མིའི་ ཐོབ་ ཐང་ དོན་ གཉེར་ བ་ ཝུ་ ཞན་ ཅེ་ ཞུ་ བ་ ཞིག་ གིས། ཞོགས་ པའི་ ཆུ་ ཚོད་ ༡༡ ལ། འབྲོག་ པ་ ཚོས་ ང་ ཚོའི་ ཁང་ ས་ བཙན་ བཟུང་ བྱས་ པ་ ཕྱིར་ སྤྲོད་ རོགས། འབྲོག་ སར་ མཐའ་ གཅིག་ ཏུ་ སྲུང་ སྐྱོབ་ བྱ་ རྒྱུ་ ཡིན་ ཞེས་ པའི་ འཕྲེད་ དར་ བཟུང་ སྟེ་ མགྲོན་ ཁང་ མདུན་ དུ་ བསླེབས་ སོང་ ། ཡིན་ ནའང་ ། སྐར་ མ་ ཁ་ ཤས་ ལས་ མ་ འགོར་ བར་ ཉེན་ རྟོག་ པ་ བཞི་ བཅུ་ ལྔ་ བཅུ་ ཞིག་ ཡོང་ སྟེ་ ཁོང་ ཚོའི་ འཕྲེད་ དར་ བཙན་ འཕྲོག་ བྱས་ པ་ མ་ ཟད། ཞི་ རྒོལ་ བ་ ཚང་ མ་ རླངས་ འཁོར་ ཞིག་ གི་ ནང་ བཅུག་ སྟེ་ ཁྲིད་ སོང་ ཡང་ གང་ དུ་ འཁྲིད་ ཡོད་ མེད་ ཤེས་ མ་ སོང་ ། དེ་ རིང་ མགྲོན་ ཁང་ གི་ སྒོ་ ཆེན་ སོགས་ སུ་ ཉེན་ རྟོག་ ལྭ་ བ་ གྱོན་ ཡོད་ མེད་ ཀྱི་ ཉེན་ རྟོག་ པ་ ཧ་ ཅང་ མང་ པོ་ འགྲེམས་ འཇོག་ བྱས་ འདུག ཅེས་ བརྗོད་ ཡོད་ པ་ རེད།
གཞན་ ཡང་ ། ཕྱི་ ཚེས་ ༢༧ ཉིན་ མེན་ ཡཱང་ གྲོང་ ཁྱེར་ དུ་ སྲིད་ གཞུང་ གིས་ ཞིང་ ས་ བཙན་ འཕྲོག་ བྱས་ པའི་ ཞིང་ པ་ ༡༠༠ ལྷག་ འདུ་ འཛོམས་ བྱས་ ཏེ། ཞིང་ པ་ མང་ ཚོགས་ ཀྱི་ སྤྱི་ ཚོགས་ འགན་ ལེན་ དངུལ་ ཇེ་ མང་ དུ་ གཏོང་ དགོས་ པ་ དང་ འཚོ་ དངུལ་ དུས་ ཐོག་ ཏུ་ སྤྲོད་ དགོས་ པའི་ ཞུ་ འབོད་ ལས་ འགུལ་ སྤེལ་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

