ཁ་ སང་ པ་ ཀི་ སི་ ཐན་ གྱི་ མཐའ་ སྲུང་ དམག་ མིས་ རྒྱ་ གར་ གྱི་ མཐའ་ མཚམས་ སྒར་ ས་ ཁག་ ཅིག་ ལ་ མེ་ སྒྱོགས་ འཕངས་ ཡོད་ སྟབས་ རྒྱ་ གར་ གྱི་ ཡུལ་ མི་ ཁྲི་ གཅིག་ ལྷག་ ས་ ཆ་ གཞན་ ལ་ ཉེན་ ཡོལ་ འགྲོ་ དགོས་ བྱུང་ འདུག
ཁ་ སང་ རྒྱ་ གར་ ཇམ་ མུ་ ཀཱ་ ཤཱེ་ མཱེར་ མངའ་ སྡེའི་ མཐའ་ སྲུང་ དམག་ མིས་ པ་ ཀི་ སི་ ཐན་ གྱི་ སེལ་ ཀཱོ་ ཌེ་ གྲོང་ ཁྱེར་ ཉེ་ འདབས་ སུ་ མེ་ སྒྱོགས་ འཕངས་ ཏེ་ པ་ ཀི་ སི་ ཐན་ གྱི་ མི་ སེར་
འདིའི་ ཐད་ རྒྱ་ གར་ བདེ་ སྲུང་ བློན་ ཆེན་ མཱ་ ཎོ་ ཧར་ (Manohar Parrikar) གྱིས་ རྒྱ་ གར་ གྱི་ གསར་ ལམ་ ཁག་ ཏུ་ བརྗོད་ དོན། “ པ་ ཀི་ སི་ ཐན་ གཞུང་ གིས་ རྒྱལ་ ཁབ་ གཉིས་ བར་ གྲོས་ མཐུན་ ལ་ རྒྱབ་ བརྒལ་ བྱས་ ཏེ་ ས་ མཚམས་ ཁུལ་ དུ་ རྙོག་ གྲ་ ཇེ་ ཆེར་ བཏང་ ཚེ། ང་ ཚོས་ ས་ མཚམས་ ཁུལ་ དུ་ དམག་ མི་ ལྡབ་ གཉིས་ སྤར་ ནས་ པ་ ཀི་ སི་ ཐན་ ལ་ ཁ་ གཏད་ གཅོག་ རྒྱུ་ ཡིན”ཞེས་ བརྗོད་ འདུག
པ་ ཀི་ སི་ ཐན་ བདེ་ སྲུང་ བློན་ ཆེན་ གྱིས་ པ་ ཀི་ སི་ ཐན་ གྱི་ སྐྱ་ རེངས་ ཞེས་ པའི་ གསར་ ལམ་ ཐོག་ བརྗོད་ དོན། “ང་ ཚོས་ འདས་ པའི་ ཟླ་ དྲུག་ བདུན་ རིང་ རྒྱ་ གར་ དང་ འབྲེལ་ ལམ་ བཟང་ དུ་ གཏོང་ རྒྱུར་ ཐབས་ ཤེས་ གང་ ཡོང་ བྱས་ ཀྱང་ ། རྒྱ་ གར་ གཞུང་ གིས་ མགོ་ འཚོས་ ཀྱི་ མེད་ སྟབས་ ང་ ཚོས་ ཐབས་ ལམ་ གཞན་ ཞིག་ བརྒྱུད་ དེ་ རྒྱ་ གར་ གཞུང་ ལ་ གོ་ བརྡ་ སྤྲོད་ ཐབས་ བྱེད་ རྒྱུ་ ཡིན”ཞེས་ བརྗོད་ འདུག
རྒྱ་ གར་ སྲིད་ འཛིན་ གྱི་ ལས་ འཁུར་ དམ་ འབུལ་ སྐབས་ པ་ ཀི་ སི་ ཐན་ གྱི་ སྲིད་ བློན་ ནཱ་ ཝ་ སེ་ ཤཱ་ རེབ་ མཛད་ སྒོར་ བཞུགས་ ཏེ། ནཱ་ རེན་ ཌ་ མུ་ དྷེ་ མཆོག་ དང་ ཐུག་ ནས་ ཁྱིམ་ མཚེས་ རྒྱལ་ ཁབ་ གཉིས་ བར་ མཉམ་ ལས་ བྱེད་ ཤུགས་ ཆེ་ རུ་ བཏང་ སྟེ། འདས་ ལོའི་ ཟླ་ ༨ ནང་ པ་ ཀི་ སི་ ཐན་ གྱི་ རྒྱལ་ སར་ རྒྱ་ གར་ དང་ པ་ ཀི་ སི་ ཐན་ གྱི་ ཕྱི་ སྲིད་ དྲུང་ ཆེ་ རྣམ་ གཉིས་ བར་ ས་ མཚམས་ རྩོད་ རྙོག་ སྐོར་ ལ་ གྲོས་ མོལ་ གནང་ རྒྱུ་ ཐག་ གཅོད་ བྱས་ ཡོད་ ཀྱང་ ། པ་ ཀི་ སི་ ཐན་ གྱི་ གཞུང་ ཚབ་ པ་ ཨབ་ དྷོལ་ (Abdul Basit) ལགས་ ཀྱིས་ ཀཱ་ ཤི་ མཱེར་ རྒྱ་ གར་ ལས་ ལོགས་ སུ་ ཁ་ བྲལ་ རྩོད་ ལེན་ བྱེད་ མཁན་ ཇ་ མུ་ ཀཱ་ ཤི་ མཱེར་ གྱི་ དམངས་ གཙོ་ རང་ དབང་ ཚོགས་ པའི་ མགོ་ གཙོ་ ཤཱ་ བྷེར་ (Shabir Shah) དང་ ཐུག་ འཕྲད་ བྱས་ ཡོད་ སྟབས། རྒྱ་ གར་ གཞུང་ གིས་ གྲོས་ མོལ་ ཕྱིར་ འཐེན་ བྱས་ པར་ བརྟེན། པ་ ཀི་ སི་ ཐན་ ཁོང་ ཁྲོ་ ལངས་ ནས་ རྒྱ་ གར་ གྱི་ ས་ མཚམས་ ཁུལ་ དུ་ དམག་ མི་ ཕོན་ ཆེ་ འགྲེམས་ འཇོག་ བྱས་ ཡོད།
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

