རྒྱ་ཆེའི་སྙུག་ཐོགས་པ་དང་ཀློག་པ་པོ་རྣམ་པ་ལགས།
འདིར་ངེད་གཞོན་གསར་དྲ་བ་དབུ་བརྙེས་ནས་ད་ལྟ་ལ་ཐུག་གི་མི་ལོ་ལྔ་ལྷག་འགོར་ཡོད་ཅིང་། ཏག་ཏག་མི་ལོ་ལྔ་ལྷག་གི་རིང་ལ་གཞོན་གསར་དྲ་བས་རྒན་པ་གཉའ་རེངས་དག་གི་བཀའ་དང་བཀོད་པ་ལ་མ་ཉན་ཞིང་། གཞོན་པ་ཁ་མང་དག་གི་ལངས་ཕྱོགས་དང་ཕྱོགས་རིས་ལ་ཡང་མ་བསྟུན་པར། དྲ་བ་རང་གི་སྒེར་གཤིས་ཀྱི་སྟེང་ལ་ནུས་ཚོད་ཀྱིས་"དབུས་ལམ"རེ་བཙལ་ནས་ལམ་ལ་ཆས་འོང་བ་ཡིན།
འདིར་ངེད་གཞོན་གསར་དྲ་བ་དབུ་བརྙེས་ནས་ད་ལྟ་ལ་ཐུག་གི་མི་ལོ་ལྔ་ལྷག་འགོར་ཡོད་ཅིང་། ཏག་ཏག་མི་ལོ་ལྔ་ལྷག་གི་རིང་ལ་གཞོན་གསར་དྲ་བས་རྒན་པ་གཉའ་རེངས་དག་གི་བཀའ་དང་བཀོད་པ་ལ་མ་ཉན་ཞིང་། གཞོན་པ་ཁ་མང་དག་གི་ལངས་ཕྱོགས་དང་ཕྱོགས་རིས་ལ་ཡང་མ་བསྟུན་པར། དྲ་བ་རང་གི་སྒེར་གཤིས་ཀྱི་སྟེང་ལ་ནུས་ཚོད་ཀྱིས་"དབུས་ལམ"རེ་བཙལ་ནས་ལམ་ལ་ཆས་འོང་བ་ཡིན།
ཕྱིར་དྲན་རེ་བྱས་ན། བོད་ཀྱི་དྲ་བའི་རིག་གནས་ཀྱི་ཁྲོད་ལ"གཞོན་གསར་དྲ་བ"ཐོག་མར་མངོན་དུས། རིག་གནས་པའི་སྡེ་ཡི་རྒན་དར་གཞོན་གསུམ་སྐོར་ཞིག་གིས་མངོན་ལྐོག་གང་རུང་ནས་མཐོང་ཆུང་བྱེད་ཅིང་། ཐ་ན་གཞུང་སྒེར་གྱི་དྲ་བ་ཆེ་ཤོས་དག་གིས་ཀྱང་ཁ་ཡ་ཐད་ཀྱིས་བྱས་མ་མྱོང་། ཡིན་ནའང་། ཡོད་ཚད་དུས་ཚོད་ཀྱིས་ཐག་གིས་གཅོད་ཐུབ་ཞེས་པའི་བཤད་རྒྱུན་ནང་བཞིན། སྒེར་གཤིས་ཅན་གྱི་རྩོམ་པ་པོ་དག་གི་རྒྱབ་སྐྱོར་འོག་ཏུ། བོད་ཀྱི་རིག་གནས་གསར་རྙིང་དང་། རྩོམ་རིག གློག་བརྙན་སོགས་ལ་དོ་སྣང་བྱེད་པའི་ཀློག་པ་པོ་མང་དུ་བྱུང་བས། ངེད་དྲ་བས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པའི་གཏན་ཚིགས་རྙེད་ཅིང་། བོད་ཀྱི་དྲ་བ་དག་གི་ཁྲོད་ནས་མདོག་མི་འདྲ་བའི་དྲ་བ་ཞིག་གི་རྣམ་ཤེས་བསྐྲུན་དགོས་པའི་བདེན་པ་རྙེད།
དུས་ད་ལྟ། འུ་ཅག་ཐུན་མོང་གི་རྩོལ་བ་ལ་བརྟེན་ནས་གཞོན་གསར་དྲ་བ་ལ་གཞུང་སྒེར་གྱི་དྲ་བ་དག་གི་ཁྲོད་ནས་རང་ཉིད་ལ་“ཁ་དོག”ཅིག་ཆགས་ཐུབ་པ་བྱུང་། སྔོན་ཆད་ཁ་ཡ་ཐད་ཀྱིས་མི་བྱེད་པའི་གཞུང་སྒེར་གྱི་དྲ་བ་དག་གིས་ཀྱང་གཞོན་གསར་དྲ་བའི་ནང་ལ་ཕྱག་རིང་བརྐྱངས་ནས་རྩོམ་ཡིག་མང་པོ་འཁྱེར་འགྲོ་ཞིང་ཚུར་ལ་"མཛའ་འབྲེལ་རེ་གནང་རོགས"ཞེས་ཞུ་བའི་སྐད་སྒྲ་ཡང་མང་པོ་ཐོས། འདང་རེ་རྒྱབ་ན། དེ་ནི་གཞོན་གསར་དྲ་བས་རྒྱུན་འཁྱོངས་བྱས་པའི་འབྲས་བུ་རེ་ཨེ་ཡིན་སྙམ།
གང་ལྟར་ངེད་དྲ་བས། མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་ཚང་ཅན་དུ་གཏོང་ཟེར་བའི་ལམ་ཁ་དེ་བདམས་ནས། སྟོང་ལོ་གསར་བའི་ནང་དུ་དྲ་བའི་མ་ལག་དང་བཅས་པ་ཡོངས་སུ་གསར་བསྒྱུར་བྱེད་རྒྱུ་ཡིན་པས། ཆེད་དུ་ཞུ་སྙིང་ནི། མ་ལག་གསར་བསྒྱུར་བྱེད་པའི་གོ་རིམ་ཁྲོད་ནས་རྩོམ་ཡིག་ཡོངས་རྫོགས་ཉར་ཚགས་བྱེད་ཅི་ཐུབ་བྱེད་སྲིད་མོད། སྟབས་མ་ལེགས་པར་རྩོམ་ཡིག་རེ་ཟུང་བོར་བརླག་འབྱུང་བའི་ཉེན་ཁ་ཡང་ཡོད་པས་རྩོམ་པ་པོ་དག་གིས་སོ་སོའི་རྩོམ་ཡིག་ཉར་ཚགས་བྱེད་རྒྱུ་གལ་ཞེས་པ་དེའོ།།
གཞོན་གསར་དྲ་བའི་རྩོམ་སྒྲིག་པས།
2015.1.27ཉིན།
2015.1.27ཉིན།
