རྒྱ་ གཞུང་ གིས་ བོད་ ཀྱི་ ལོ་ རྒྱུས་ ལ་ འཁྱོག་ བཤད་ བྱས་ ཡོད་ པའི་ གློག་ བརྙན་ རིང་ པོ་ ཞིག་ བཟོས་ ཏེ་ ཉིན་ འདི་ གར་ བོད་ དང་ རྒྱ་ ནག་ ནང་ སྟོན་ བཞིན་ ཡོད་ འདུག
ཟླ་ ༡ ཚེས་ ༢༩ ཉིན་ ལྷ་ ས་ གྲོང་ ཁྱེར་ དུ། རྒྱ་ ནག་ གི་ མའོ་ ཏུན་ (Mao Dun)རྩོམ་ རིགས་ བྱ་ དགའ་ ཐོབ་ མཁན་ གྱི་ བོད་ རིགས་ ཨ་ ལའེ་ (Alai) ཡིས་ འཁྲབ་ གཞུང་ བརྩམས་ ཤིང་ ། རྒྱ་ རིགས་ ན་ གཞོན་ པཱོ་ ཏུང་ ཡུས་ ཀྱིས་ འཁྲབ་ ཁྲིད་ བྱས་ པའི་ ༼བོད་ ཀྱི་ མཁའ་
གློག་ བརྙན་ དེས་ ༡༩༥༠ ནས་ ༡༩༨༠ ལོའི་ བར་ གྱི་ བོད་ ཞི་ བས་ བཅིངས་ འགྲོལ་ དང་ ། དམངས་ གཙོའི་ བཅོས་ སྒྱུར། སྒྱུར་ བཅོས་ སྒོ་ དབྱེ་ ཟེར་ བ་ སོགས་ དུས་ མཚམས་ གསུམ་ ནང་ ། བོད་ ཀྱི་ ཞིང་ བྲན་ བདག་ པོའི་ བུ་ ཕྲུག་ བསྟན་ འཛིན་ དང་ ཞིང་ བྲན་ ཕུར་ བུའི་ བར་ གྱི་ དགའ་ སྐྱོ་ ཆགས་ སྡང་ དང་ མི་ སྒེར་ གྱི་ ལས་ དབང་ ། བསམ་ བློའི་ འགྱུར་ ལྡོག་ བཅས་ མཚོན་ པར་ བྱས་ ཡོད་ ཅིང་ ། འཁྲབ་ སྟོན་ པ་ མང་ ཆེ་ བ་ བོད་ རིགས་ ཡིན་ པ་ མ་ ཟད་ སྐད་ རིགས་ ཀྱང་ བོད་ སྐད་ ཡིན་ སྟབས། གློག་ བརྙན་ དེ་ རྒྱ་ ནག་ ནང་ སྟོན་ སྐབས་ རྒྱ་ ཡིག་ འགྲེལ་ བརྗོད་ འཁོད་ དེ་ སྟོན་ རྒྱུ་ ཡིན་ འདུག
བདུན་ ཕྲག་ སྔོན་ མའི་ རེས་ གཟའ་ སྤེན་ པའི་ ཉིན་ གློག་ བརྙན་ དེའི་ འཁྲབ་ གཞུང་ རྩོམ་ པ་ པོ་ ཨ་ ལའེ་ ཡིས་ ཚོང་ ལས་ ཚད་ འདེགས་ (Business Standard) ཞེས་ པའི་ དྲ་ ཚིགས་ ཐོག་ བརྗོད་ དོན། “ངས་ བོད་ ཀྱི་ དོན་ དངོས་ གནས་ ཚུལ་ གང་ ཡིན་ གསལ་ པོ་ སྟོན་ ཆེད་ འཁྲབ་ གཞུང་ འདི་ ཐེངས་ ༡༧ ཙམ་ བཟོ་ བཅོས་ བརྒྱབ་ པ་ ཡིན” ཞེས་ དང་ ། འཁྲབ་ སྟོན་ པ་ ལྷ་ དབང་ ནོར་ བུ་ ཟེར་ བས།“གློག་ བརྙན་ འདི་ ནི་ བོད་ ཀྱི་ ལོ་ རྒྱུས་ དང་ དོན་ དངོས་ གནས་ ཚུལ་ ལ་ གཞི་ བཅོལ་ ཏེ་ བཟོ་ སྐྲུན་ བྱས་ པ་ ཞིག་ ཡིན་ པ་ མ་ ཟད། བོད་ ཀྱི་ དངོས་ ཡོད་ གནས་ ཚུལ་ རྟོགས་ ཐུབ་ རྒྱུར་ མང་ ཚོགས་ ཚོར་ ཕན་ ཐོགས་ ཆེན་ པོ་ ཡོད་ སྟབས། མ་ འོངས་ པར་ རྒྱལ་ སྤྱིའི་ ནང་ སྟོན་ ཐུབ་ པའི་ རེ་ བ་ རྒྱག་ གི་ ཡོད”ཅེས་ སོགས་ བརྗོད་ འདུག
ཧྲང་ ཧེ་ ནང་ རྟེན་ གཞི་ བྱས་ པའི་ གློག་ བརྙན་ ཕབ་ སྐྲུན་ པ་ རན་ ཀྲུང་ ལུང་ (Ren Zhonglun) གྱིས། “ང་ ཚོས་ རྒྱ་ ཆེའི་ བོད་ རིགས་ གཟིགས་ མོ་ བ་ ཚོའི་ བསམ་ འཆར་ བཏོན་ པར་ གཞིགས་ ཏེ། བོད་ ཀྱི་ དོན་ དངོས་ ལོ་ རྒྱུས་ དང་ འཚམ་ པར་ ནང་ དོན་ ལ་ བསྒྱུར་ བཅོས་ བཏང་ སྟེ། མ་ འོངས་ པར་ འཇར་ མན་ དང་ ཧྥ་ རན་ སི། ཨི་ ཌ་ ལི། ཉི་ ཧོང་ བཅས་ ཀྱི་ སྐད་ ཡིག་ ནང་ བསྒྱུར་ ནས་ རྒྱལ་ སྤྱིའི་ ཐོག་ འགྲེམ་ སྤེལ་ བྱ་ རྒྱུ་ ཡིན”ཞེས་ དང་ ། ཁོས་ མུ་ མཐུད་ དུ། “ང་ ཚོ་ ལས་ མི་ ༤༠༠ བོད་ ནང་ ཟླ་ ༡༠ བསྡད་ པ་ དང་ ཨ་ སྒོར་ ས་ ཡ་ ༢།༢༥ འགྲོ་ གྲོན་ བཏང་ སྟེ། ལོ་ ལྔ་ ཙམ་ གོང་ ནས་ གློག་ བརྙན་ འདི་ བཟོ་ སྐྲུན་ བྱས་ པ་ མ་ ཟད། བོད་ སྐད་ ཐོག་ བཟོས་ པའི་ གློག་ བརྙན་ དང་ པོ་ དང་ བོད་ ནང་ སྟོན་ ཐེངས་ ཐོག་ མ་ དེ་ ཡང་ ཆགས་ ཡོད་ སྟབས། མང་ ཚོགས་ ཚོ་ དགའ་ བསུ་ ཐོབ་ པའི་ རེ་ བ་ ཡོད།” ཅེས་ སོགས་ བརྗོད་ འདུག
ད་ རེབ་ ཀྱི་ གློག་ བརྙན་ དེར་ རིང་ ཚད་ ཆུ་ ཚོད་ ༢ ཡོད་ པ་ དང་ ། གློག་ བརྙན་ དེའི་ ནང་ སྟོབས་ རྒྱལ་ གཙོས་ ཧྲང་ ཧེ་ སྒྱུ་ རྩལ་ ཚོགས་ པ་ དང་ ། བོད་ ཀྱི་ གཏམ་ བརྗོད་ ཟློས་ གར་ ཚོགས་ པ་ ཁག་ ནས་ ཐོན་ པའི་ བོད་ རིགས་ འཁྲབ་ སྟོན་ པ་ ཁག་ ཅིག་ ཀྱང་ ཡོད་ པ་ དང་ ། ༢༠༡༤ ལོའི་ ཟླ་ ༤ ཚེས་ ༡༣ ཉིན་ ཧྲང་ ཧེ་ ནང་ ཐོག་ མར་ བསྟན་ ཡོད་ པ་ དང་ ། འདི་ ལོའི་ ཟླ་ ༦ ནང་ ཨི་ ཌ་ ལིའི་ སཱ་ ལན་ ཌོ་ (Salento) དང་ ། ཟླ་ ༨ ནང་ ཁེ་ ན་ ཌའི་ མཱོན་ ཊི་ རཱལ་ (Montreal) གྱི་ རྒྱལ་ སྤྱིའི་ གློག་ བརྙན་ དུས་ སྟོན་ ཁག་ གཉིས་ ལ་ སྟོན་ འཆར་ ཡོད་ འདུག
གནད་ དོན་ དབྱེ་ ཞིབ་ པ་ ཚོས། ཐེངས་ འདིར་ རྒྱ་ གཞུང་ གིས་ ཆེད་ དུ་ ཕབ་ སྐྲུན་ བྱས་ པའི་ གློག་ བརྙན་ དེའི་ འཁྲབ་ སྟོན་ མི་ སྣར་ བོད་ རིགས་ བདམས་ པ་ དང་ ། བོད་ སྐད་ གཙོ་ བོར་ འཛིན་ དགོས་ པའི་ རྒྱུ་ མཚན་ གློག་ བརྙན་ བརྒྱུད་ དེ་ རྒྱ་ ནག་ མི་ མང་ ཁྲོད་ དང་ རྒྱལ་ སྤྱིའི་ སྤྱི་ ཚོགས་ ནང་ ། རྒྱ་ ནག་ གཞུང་ གིས་ བོད་ བཙན་ བཟུང་ བྱས་ མེད་ པ་ མ་ ཟད། དེ་ ལས་ ལྡོག་ སྟེ་ བོད་ ལ་ ཞི་ བའི་ བཅིངས་ གྲོལ་ བཏང་ བ་ ཡིན་ ཚུལ་ ཁྱབ་ བསྒྲགས་ བྱེད་ ཆེད་ ཡིན་ ཡང་ ། རྒྱལ་ སྤྱིའི་ མང་ ཚོགས་ ཀྱིས་ རྒྱ་ ནག་ གཞུང་ གིས་ བོད་ ཀྱི་ ལོ་ རྒྱུས་ ལ་ འཁྱོག་ བཤད་ བྱེད་ ཀྱིན་ ཡོད་ པར་ བདེན་ དཔང་ བྱེད་ ངེས་ ཡིན་ སྐོར་ བརྗོད་ འདུག
གློག་ བརྙན་ དེའི་ ཁྲབ་ གཞུང་ རྩོམ་ པ་ པོ་ ཨ་ ལའེ་ ཡི་ ཨ་ ཕ་ རྒྱ་ རིགས་ དང་ ཨ་ མ་ བོད་ པ་ ཡིན་ ཡིན་ འདུག་ ལ། ༡༩༩༨ ལོར་ ཁོས་ ༼ཉལ་ ཐ་ དམར་ པོ།༽ (Red Poppies) ཞེས་ པའི་ བརྩམས་ སྒྲུང་ གི་ དེབ་ ཅིག་ བཏོན་ རྗེས་ རྒྱ་ ནག་ ནང་ སྙན་ གྲགས་ རྒྱས་ ཡོད་ པ་ མ་ ཟད། ༢༠༠༣ ལོར་ ༼རྡུལ་ འཚུབ་ དྭངས་ སོང་ །༽ (All Dust Settled) ཞེས་ པའི་ བརྩམས་ སྒྲུང་ བཏོན་ ཏེ་ རྒྱ་ ནག་ གི་ མའོ་ ཏུན་ (Mao Dun)རྩོམ་ རིགས་ བྱ་ དགའ་ ཐོབ་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།
