ཉེ་ ལམ་ དབྱིན་ ཡུལ་ གྱི་ ཁེ་ ལས་ ཤིག་ གིས་ དྲ་ ཐོག་ ནས་ བསམ་ ཤོག་ བསྡུས་ པ་ བརྒྱུད་ ༧གོང་ ས་ མཆོག་ འཛམ་ གླིང་ ཐོག་ ཡིད་ སྨོན་ བྱེད་ ཡུལ་ ཆེ་ ཤོས་ ཀྱི་ མི་ སྣ་ ཨང་ བདུན་ པའི་ མཚན་ སྙན་ ཐོབ་ ཡོད་ འདུག
ཁ་ སང་ ཨུ་ རུ་ སུའི་ མཱོ་ སོ་ ཁོ་ དུས་ བབ་ ཐོག་ གནས་ ཚུལ་ སྤེལ་ བ་ ལྟར་ ན། འདས་ ལོའི་ ཟླ་ ༡༢ ནང་ དབྱིན་ ཡུལ་ ནང་ རྟེན་ གཞི་ བྱས་ པའི་ ཁྲོམ་ རྭའི་ གནས་ སྟངས་ རྟོག་ ཞིབ་
འདིའི་ ཐད་ དྲ་ ཐོག་ ཁེ་ ལས་ ཀྱི་ དྲ་ ཚིགས་ ཐོག “ང་ ཚོས་ རྒྱ་ དཀར་ ནག་ གཉིས་ དང་ ། ཨིན་ དྷུ་ ཎི་ ཤི་ ཡ། པ་ ཀི་ སི་ ཐན། ནེ་ ཇི་ རི་ ཡ། ཨེ་ ཇབ། ཐའེ་ ལན་ ཌི། སོ་ ཌི་ ཨ་ རབ་ བྷེ་ ཡ། མ་ ལེ་ ཞི་ ཡ། ཨ་ རབ་ ཨེ་ མེ་ ར་ ཌི། ཧོང་ ཀོང་ ། སིང་ གྷ་ པུར་ བཅས་ ནང་ དྲ་ ཐོག་ བརྒྱུད་ བསམ་ ཤོག་ བསྡུས་ ཡོད། དེ་ མིན་ གྱི་ རྒྱལ་ ཁབ་ གཞན་ ནང་ རྒྱལ་ ཁབ་ དེའི་ ངོ་ ཚབ་ ཀྱིས་ བསམ་ ཤོག་ བསྡུས་ པ་ ལྟར་ ཐག་ གཅོད་ བྱས་ པ་ ཡིན། རྒྱལ་ ཁབ་ ཁ་ ཤས་ ནང་ རྒྱལ་ ཁབ་ གཞན་ ལས་ ལྷག་ པ་ མང་ ཚོགས་ ཀྱིས་ མཉམ་ ཤུགས་ བྱས་ ཡོད་ སྟབས། ང་ ཚོས་ མཐའ་ བསྡོམས་ ཐག་ གཅོད་ བྱེད་ སྐབས་ རྒྱལ་ ཁབ་ བྱེ་ བྲག་ པའི་ ནང་ མི་ སྣ་ དེར་ འོས་ གྲངས་ ག་ ཚོད་ ཐོབ་ ཡོད་ མེད་ ལ་ གཞིགས་ ནས་ ཐག་ གཅོད་ བྱས་ པ་ ཡིན”ཞེས་ བཀོད་ འདུག
འདི་ ལོར་ མང་ ཚོགས་ ཚོས་ འཛམ་ གླིང་ ཐོག་ ཡིད་ སྨོན་ ཆེ་ ཤོས་ བྱེད་ ཡུལ་ གྱི་ སྐྱེས་ པའི་ མཚན་ སྙན་ དེ་ མེ་ ཁཱོར་ སོབ་ ཌི་ (Microsoft founder) ཁེ་ ལས་ གསར་ འཛུགས་ གནང་ མཁན་ བྷེལ་ གྷེ་ ཌི་ (Bill Gates) ལ་ ཐོབ་ པ་ ཡོད་ པ་ དང་ ། གཉིས་ པ། ཨོ་ བྷ་ མ་ དང་ ། གསུམ་ པ། ཞི་ ཅིན་ ཕིན། བཞི་ པ། རྒྱ་ མིའི་ གློག་ བརྙན་ འཁྲབ་ སྟོན་ པ་ ཇར་ ཀི་ ཅཱན། ལྔ་ པ། ནཱ་ རེན་ ཌ་ མུ་ དྷེ། དྲུག་ པ། ཡེ་ ཤུའི་ བླ་ ཆེན་ པོབ་ ཧྥན་ སི་ སི། བདུན་ པ། ༧གོང་ ས་ མཆོག བརྒྱད་ པ། རྒྱ་ རིགས་ ཁེ་ ལས་ པ་ ཇཱག་ མཱ་ (Jack Ma)། དགུ་ པ། དངོས་ ཁམས་ ཚན་ རིག་ པ་ སི་ ཌི་ ཧྥིན་ ཧཱོ་ ཀིང་ (Stephen Hawking)དང་ རྐང་ རྩེད་ སྤོ་ ལོ་ བ་ ཌཱ་ ཝུ་ ཌི་ བྷེག་ གྷམ་ (David Beckham)བཅས་ ཡིན་ འདུག
བུད་ མེད་ ཁྲོད་ ཀྱི་ མཚན་ སྙན་ དང་ པོ་ ཐོབ་ མཁན་ ནི་ ཨ་ རིའི་ གློག་ བརྙན་ འཁྲབ་ སྟོན་ པ་ དང་ མཉམ་ འབྲེལ་ རྒྱལ་ ཚོགས་ སྐྱབས་ བཅོལ་ ལྷན་ ཚོགས་ ཀྱི་ དམིགས་ བསལ་ སྐུ་ ཚབ་ ཨན་ ཇི་ ལི་ ཎཱ་ ཇོ་ ལེ་ (Angelina Jolie) དང་ ། གཉིས་ པ། པ་ ཀི་ སི་ ཐན་ གྱི་ ད་ ལོའི་ ནོ་ བྷེལ་ ཞི་ བདེའི་ གཟེངས་ རྟགས་ ཐོབ་ མཁན་ མཱ་ ལཱ་ ལཱ་ (Malala Yousafzai)། གསུམ་ པ། ཨ་ རིའི་ ཕྱི་ སྲིད་ དྲུང་ ཆེ་ ཟུར་ པ་ ཧི་ ལཱ་ རི་ ཁེ་ ལིན་ ཌོན་ (Hillary Clinton)། བཞི་ པ། དབྱིན་ ཡུལ་ རྒྱལ་ མོ་ ཨི་ ལཱ་ ཛི་ བྷ་ ཋ་ གཉིས་ པ་ (Elizabeth II)། ལྔ་ པ། མེ་ ཤལ་ ཨོ་ བྷ་ མ། དྲུག་ པ། གཞས་ མ་ གྲགས་ ཅན་ སི་ ལི་ ཎེ་ (Celine Dion)། བདུན་ པ། མདོ་ འཛིན་ མ་ ཨོབ་ ར་ (Oprah Winfrey)། བརྒྱད་ པ། གློག་ བརྙན་ འཁྲབ་ སྟོན་ ཇོ་ ལི་ ཡ་ རོ་ བྷར་ ཌི་ (Julia Roberts)། དགུ་ པ། འབར་ མའི་ དམངས་ གཙོ་ དོན་ གཉེར་ བ་ དང་ ནོ་ བྷེལ་ ཞི་ བདེའི་ གཟེངས་ རྟགས་ བཞེས་ མཁན་ ལྕམ་ ཨང་ སང་ སུ་ ཀི (Aung San Suu Kyi)། བཅུ་ པ། འཇར་ མན་ གྱི་ སྲིད་ བློན་ ལྕམ་ ཨང་ གྷེ་ ལཱ་ མེར་ གྷལ་ (Angela Merkel) བཅས་ ཡིན་ འདུག
ཁ་ སང་ ཁེ་ ལས་ དྲ་ ཚིགས་ དེའི་ ཐོག “ཨ་ རིའི་ སྲིད་ འཛིན་ ཨོ་ བྷ་ མ་ རྒྱལ་ སྤྱིའི་ རྒྱལ་ ཁབ་ མང་ ཆེ་ བའི་ ཁྲོད་ ནས་ བསམ་ ཤོག་ མང་ ཤོས་ ཐོབ་ མཁན་ ཨང་ བཅུ་ པའི་ ཁོངས་ སུ་ ཐོན་ ཡོད་ ཀྱང་ ། རྒྱ་ ནག་ གི་ སྲིད་ འཛིན་ ཞི་ ཅིན་ ཕིན་ རྒྱ་ ནག་ རྒྱལ་ ནང་ མ་ གཏོགས་ རྒྱལ་ ཁབ་ གཞན་ གྱི་ བསམ་ ཤོག་ ནང་ གྲངས་ འབོར་ མང་ པོ་ ཐོན་ མི་ འདུག ལྷག་ པར་ དུ་ ད་ རེབ་ འོས་ ཤོག་ འདི་ བརྒྱུད་ ད་ ལྟ་ རྒྱལ་ སྤྱིའི་ མང་ ཚོགས་ མང་ ཆེ་ བས་ མི་ གཞན་ ལ་ ཕན་ ཐོགས་ སྐྲུན་ མཁན་ གྱི་ གཏོང་ ཕོད་ ཅན་ དང་ སེམས་ བཟང་ ཅན་ ཚོར་ གུས་ བཀུར་ བྱེད་ པ་ ལས་ ཆབ་ སྲིད་ ཀྱི་ མགོ་ ཁྲིད་ ཚོར་ དེ་ ཙམ་ ཡིད་ སྨོན་ བྱེད་ ཀྱི་ མེད་ པ་ གསལ་ སྟོན་ བྱས་ འདུག”ཅེས་ སོགས་ བཀོད་ འདུག














གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

