ཉེ་ ལམ་ རྒྱ་ ནག་ དབུས་ སྒྲིག་ ཁྲིམས་ ཞིབ་ བཤེར་ ལྷན་ ཁང་ གི་ ཚོགས་ འདུ་ ཚོགས་ རྗེས་ རུལ་ རྒོལ་ གྱི་ མདུང་ ཁ་ དེ་ ད་ ལྟ་ ལས་ ཀ་ བྱེད་ བཞིན་ པའི་ གཞུང་ མཐོ་ རིམ་ དཔོན་ རིགས་ ༩༦ ལ་ གཏད་ ཡོད་ པ་ རེད་ ཟེར།
ཟླ་ སྔོན་ མའི་ ཚེས་ ༡༢ ནས་ ༡༤ ཉིན་ བར་ རྒྱ་ ནག་ དབུས་ སྒྲིག་ ཁྲིམས་ ཞིབ་ བཤེར་
ཟླ་ འདིའི་ ཚེས་ ༡ ཉིན་ རྒྱ་ ནག་ ལྟ་ ཞིབ་ ཅེས་ པའི་ དྲ་ ཚིགས་ སྟེང་ གནས་ ཚུལ་ སྤེལ་ པ་ ལྟར་ ན། དབུས་ སྒྲིག་ ཁྲིམས་ ཞིབ་ བཤེར་ ལྷན་ ཁང་ གི་ ཚོགས་ འདུའི་ སྐབས་ ལྐོག་ ཟ་ རུལ་ སུངས་ ལ་ རིམ་ པ་ ༣ ཙམ་ གཏན་ འབེབས་ བྱས་ ཡོད་ ཅིང་ ། དེ་ དག་ གི་ ཁ་ ཕྱོགས་ གཙོ་ བོ་ ད་ ལྟ་ ལས་ གནས་ སུ་ བཞུགས་ བཞིན་ པའི་ མཐོ་ རིམ་ དཔོན་ རིགས་ དག་ བཟུང་ ཡོད་ ཅིང་ ། རིམ་ པ་ དང་ པོའི་ ཁྲོད་ དབུས་ དྲིལ་ བསྒྲགས་ ལས་ ཁུངས་ ཀྱི་ འགན་ འཛིན་ དང་ སྔོན་ ཆད་ སི་ ཁྲོན་ ཞིང་ ཆེན་ གྱི་ མགོ་ གཙོ་ ལའུ་ ཆེ་ པའོ་ (Liu Qibao)ནས་ མགོ་ བཙུགས་ ཡོད་ འདུག ལའུ་ ཆེ་ པའོ་ ལ་ ལོ་ སྔོན་ མ་ ནས་ ཞིབ་ བཤེར་ མགོ་ བཙུགས་ ཏེ་ ད་ བར་ ཐེངས་ བཞི་ བྱས་ པའི་ བརྒྱུད་ རིམ་ ཁྲོད། ཁོས་ ཀྲོའུ་ ཡོན་ ཁང་ དང་ ལིན་ ཅུ་ ཧྭ་ སོགས་ ཀྱི་ ནག་ ཉེས་ རྩིས་ སྤྲོད་ བྱས་ ཡོད་ འདུག
གནས་ ཚུལ་ དེའི་ ནང་ ། ལའུ་ ཆེ་ པའོ་ ལ་ ལས་ ཀ་ བྱེད་ ཞོར་ དུ་ ཞིབ་ བཤེར་ བྱས་ པ་ དེས་ རུལ་ སུངས་ རྒོལ་ རྡུང་ གི་ ལས་ འགུལ་ དེ་ ཅུང་ གུ་ ཡངས་ དང་ ཚོད་ འཛིན་ ལྟ་ བུ་ བྱས་ པ་ མཚོན་ ཡང་ ། ཞིབ་ བཤེར་ ལྷན་ ཁང་ གི་ ཚོགས་ འདུའི་ སྐབས། ཝོང་ ཆེ་ ཧྲན་ གྱིས་ སྲིད་ འཛིན་ ཞི་ ཅིན་ ཕིན་ གྱི་ སྐད་ ཆ་ བསྐྱར་ བཤད་ བྱས་ པ་ དང་ ལྐོག་ ཟ་ རུལ་ སུངས་ རྒོལ་ རྡུང་ གི་ ལས་ འགུལ་ མུ་ མཐུད་ སྤེལ་ རྒྱུ་ ཡིན་ སྐོར་ བསྒྲགས་ པ་ དེར་ གཞིགས་ ན། རུལ་ རྒོལ་ ལས་ འགུལ་ དེ་ ད་ དུང་ མུ་ མཐུད་ སྤེལ་ རྒྱུ་ ཡིན་ པ་ མ་ ཟད། སྔར་ ལས་ ཤུགས་ ཆེ་ རུ་ བཏང་ སྟེ་ ད་ ལྟ་ དབུས་ གཞུང་ ནང་ ལས་ ཀ་ བྱེད་ བཞིན་ པ་ ཚོ་ ཡང་ ཞིབ་ བཤེར་ ནང་ ཚུད་ རྒྱུ་ ཡིན་ སྐོར་ འཁོད་ འདུག
ལའུ་ ཆེ་ པའོ་ ནི་ ཕྱི་ ལོ་ ༢༠༠༧ ནས་ ༢༠༡༢ བར་ སི་ ཁྲོན་ ཞིང་ ཆེན་ གྱི་ མགོ་ གཙོ་ དང་ ཞིང་ ཆེན་ ཨུ་ ཡོན་ རྒྱུན་ ལས་ འགན་ འཛིན་ ཡིན་ འདུག ༢༠༡༢ ལོའི་ ཏང་ གི་ ཚོགས་ ཆེན་ བཅོ་ བརྒྱད་ པ་ ནས་ ཁོའི་ གོ་ གནས་ འཕར་ ཏེ་ དབུས་ ཆབ་ སྲིད་ སྡེ་ ཚན་ ནང་ མགོ་ གཙོ་ དང་ དབུས་ དྲིལ་ བསྒྲགས་ ལས་ ཁུངས་ ཀྱི་ འགན་ འཛིན་ ཡིན་ འདུག
ཧོང་ ཀོང་ གི་ འགྲན་ གླེང་ དུས་ དེབ་ ཀྱིས་ གནས་ ཚུལ་ སྤེལ་ པ་ ལྟར་ ན། ད་ ལྟ་ ཞིབ་ བཤེར་ འོག་ ཚུད་ ཡོད་ པའི་ ལའུ་ ཆེ་ པའོ་ དང་ གནས་ བབ་ གཅིག་ པ་ ཡིན་ པའི་ མཐོ་ རིམས་ དཔོན་ རིགས་ ༥ ཡོད་ པ་ དང་ ། དེ་ དག་ ནི་ ཝང་ ཧྲིན་ ཅོན་ དང་ ཀྲོང་ ཕེན། ལོ་ ཀྲན་ ཀོན། ཝང་ ཅཱ་ རའུ། ཀྲོང་ ཆིན་ ལེ་ བཅས་ ཡིན་ འདུག
ཝང་ ཧྲིན་ ཅོན་ ནི་ རྒྱ་ ནག་ དབུས་ མི་ དམངས་ རྒྱུན་ ལས་ ཨུ་ ཡོན་ འགན་ འཛིན་ གཞོན་ པ་ ཡིན་ པ་ དང་ ། ཁོ་ སྔོན་ ཆད་ རྒྱ་ ནག་ ཆེས་ མཐོའི་ ཁྲིམས་ ཁང་ གི་ འགན་ འཛིན་ དང་ ཏང་ རྩ་ འཛུགས་ མགོ་ གཙོ། དབུས་ ཆབ་ སྲིད་ ལྷན་ ཁང་ གི་ དྲུང་ ཡིག་ སོགས་ ཡིན་ འདུག ཀྲོང་ ཕེན་ ནི་ རྒྱ་ ནག་ འཕེལ་ རྒྱས་ ཨུ་ ཡོན་ འགན་ འཛིན་ ཟུར་ པ་ ཡིན་ འདུག ལོ་ ཀྲན་ ཀོན་ ནི་ ད་ ལྟ་ རྒྱ་ ནག་ སྲིད་ གྲོས་ འགན་ འཛིན་ གཞོན་ པ་ དང་ ། སྔོན་ ཆད་ ཧི་ ནན་ ཞིང་ ཆེན་ གྱི་ མགོ་ གཙོ་ ཡིན་ འདུག ཝང་ ཅཱ་ རའུ་ ནི་ ད་ ལྟ་ རྒྱ་ ནག་ སྲིད་ གྲོས་ འགན་ འཛིན་ གཞོན་ པ་ དང་ སྔོན་ ཆད་ རྒྱ་ ནག་ ཕྱི་ འབྲེལ་ ལྷན་ ཁང་ གི་ འགན་ འཛིན་ ཡིན་ འདུག ཀྲོང་ ཆིན་ ལེ་ ནི་ ད་ ལྟ་ སྲིད་ གྲོས་ འགན་ འཛིན་ གཞོན་ པ་ དང་ སྔོན་ ཆད་ ཧི་ པའེ་ ཞིང་ ཆེན་ གྱི་ མགོ་ གཙོ་ ཡིན་ འདུག དུས་བབ་དྲ་བ་ནས།

