དེ་ རིང་ ཨི་ ཊ་ ལིར་ བྲོས་ བྱོལ་ དུ་ ཕྱིན་ ནས་ ལོ་ ངོ་ ༡༠ ལྷག་ ཕྱིན་ པའི་ རྒྱ་ ནག་ གི་ དཔལ་ འབྱོར་ དོགས་ ཡོད་ ཉེས་ ཅན་ ཞིག་ རྒྱ་ གཞུང་ ལ་ རྩིས་ སྤྲད་ ཡོད་ འདུག
རྒྱ་ ནག་ ཤིན་ ཧྭ་ གསར་ ཁང་ གིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ ནག་ ཧུའུ་ པེ་ ཞིང་ ཆེན་ གྱི་ ལས་ བྱེད་ བུད་ མེད་ ཅིག་ གིས་ རྒྱ་ སྒོར་ ཁྲི་ ༡༤༠ ལྷག་ ལྐོག་ ཟ་ བྱས་ པའི་ དོགས་
ཀྲང་ མིང་ ཅན་ གྱི་ བུད་ མེད་ དེ་ སྔོན་ ཆད་ ཧུའུ་ པེ་ ཞིང་ ཆེན་ གྱི་ དངུལ་ འཛིན་ ཚོང་ གཉེར་ ཁང་ ཞིག་ གི་ ལས་ བྱེད་ ཡིན་ པ་ དང་ ། ཕྱི་ ལོ་ ༢༠༠༠ ཟླ་ ༡ ནས་ ༢༠༠༥ ཟླ་ ༡ བར་ ཁོ་ མོས་ རྒྱ་ སྒོར་ ཁྲི་ ༡༤༠ ལྷག་ ལྐོག་ ཟ་ བྱས་ ཏེ། ཕྱི་ ལོ་ ༢༠༠༥ ཟླ་ ༡༠ ནང་ ཨི་ ཊ་ ལི་ ནང་ བྲོས་ བྱོལ་ དུ་ ཕྱིན་ ཡོད་ པ་ དང་ ། ཕྱིས་ སུ་ ཧུའུ་ པེ་ ཞིང་ ཆེན་ ཧི་ ཅཱ་ ཀྲང་ གྲོང་ ཁྱེར་ ཞིབ་ བཤེར་ ཁང་ གིས་ ཞིབ་ བཤེར་ བྱས་ ནས་ ཁོ་ མོ་ འཛིན་ བཟུང་ དགོས་ པའི་ བཀའ་ རྒྱ་ བསྒྲགས་ ཏེ། རྒྱ་ ནག་ ཉེན་ རྟོག་ ཁང་ བརྒྱུད་ དེ་ རྒྱལ་ སྤྱིའི་ ཉེས་ དོན་ རྩ་ འཛུགས་ ཁང་ ལ་ ནག་ ཉེས་ ཞུ་ གཏུག་ བྱས་ པ་ དང་ ། ཨི་ ཊ་ ལིར་ ཡོད་ པའི་ རྒྱ་ ནག་ ཉེན་ རྟོག་ ལས་ དོན་ འབྲེལ་ མཐུད་ པས་ མཉམ་ འབྲེལ་ བྱས་ པ་ བརྒྱུད། འདས་ ལོའི་ ཕྱི་ ཟླ་ ༡༠ པར་ ཨི་ ཊ་ ལིའི་ ཉེན་ རྟོག་ ཕྱོགས་ ནས་ ཁོ་ མོ་ འཛིན་ བཟུང་ བྱས་ ཡོད་ པ་ མ་ ཟད། རྒྱ་ གཞུང་ གི་ རེ་ སྐུལ་ ལྟར་ ཟླ་ འདིའི་ ཕྱི་ ཚེས་ ༡༦ ཉིན་ ཁོ་ མོ་ རྒྱ་ ནག་ ནང་ ཕྱིར་ སློག་ གཏོང་ བར་ ཆོག་ མཆན་ སྤྲད་ ཡོད་ འདུག
རྒྱ་ ནག་ གཞུང་ ཕྱོགས་ ནས་ གསར་ ལམ་ ཁག་ ཏུ། རྒྱ་ ནག་ ཉེན་ རྟོག་ ཁང་ གིས་ འཛམ་ གླིང་ གི་ རྒྱལ་ ཁབ་ ༡༨༩ ཡི་ ནང་ ཉེན་ རྟོག་ ལས་ དོན་ ཕྱོགས་ ཀྱི་ མཉམ་ འབྲེལ་ བཙུགས་ ཡོད་ པ་ མ་ ཟད། རྒྱལ་ ཁབ་ ༢༧ ནང་ ཉེན་ རྟོག་ འབྲེལ་ མཐུད་ ཁང་ ༤༩ ཆེད་ འཛུགས་ བྱས་ ཏེ། ཕྱི་ རྒྱལ་ དུ་ བྲོས་ བྱོལ་ ཕྱིན་ པའི་ ཉེས་ ཅན་ ཚོར་ གྲུབ་ འབྲས་ ལྡན་ པའི་ ཐོག་ ནས་ རྒོལ་ རྡུང་ བཏང་ སྟེ་ སྤྱི་ མང་ ཀྱི་ ཁེ་ ཕན་ སྲུང་ སྐྱོབ་ བྱེད་ བཞིན་ ཡོད་ སྐོར་ བསྒྲགས་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

