ཀྲུའུ་ ཡོན་ ཁང་ གིས་ རྒྱ་ ནག་ གཞུང་ དང་ བྱང་ ཀོ་ རི་ ཡའི་ ངལ་ རྩོལ་ ཚོགས་ ཁག་ གི་ གསང་ བ་ ཀོ་ རི་ ཡའི་ སྲིད་ གཞུང་ ལ་ བཤད་ པའི་ དབང་ གིས། ཀོ་ རི་ ཡའི་ གཞུང་ གིས་ ཅཱང་ སུང་ ཐེག་ ལ་ སྲོག་ ཁྲིམས་ བཅད་ པ་ རེད་ ཟེར།
ལོ་ སྔོན་ མའི་ ཕྱི་ ཟླ་ ༡༢ པའི་ ཚེས་ ༦ ཉིན། རྒྱ་ ནག་ དབུས་ སྒྲིག་ ཁྲིམས་ ཞིབ་ བཤེར་
ཁ་ སང་ པའོ་ ཞིན་ དྲ་ བའི་ སྟེང་ ། ཀྲུའུ་ ཡོན་ ཁང་ གིས་ གསང་ བ་ ཕྱི་ གྱར་ བྱས་ པའི་ གནས་ ཚུལ་ བསྐྱར་ དུ་ ཐོན་ པའི་ ནང་ ། ༢༠༡༢ ལོའི་ ཟླ་ ༨ པའི་ ཚེས་ ༡༣ ཉིན། བྱང་ ཀོ་ རི་ ཡ་ དང་ རྒྱ་ ནག་ གཉིས་ ཀྱི་ དཔལ་ འབྱོར་ མཉམ་ འབྲེལ་ ཚོགས་ འདུ་ ཐེངས་ གསུམ་ པ་ པེ་ ཅིན་ དུ་ བསྐོངས་ སྐབས། བྱང་ ཀོ་ རི་ ཡའི་ སྐུ་ ཚབ་ ཅཱང་ སུང་ ཐེག་ (Jang Sung-taek) ༼ཅཱང་ སོམ་ ཙེ་ ནི་ ངལ་ རྩོལ་ ཤོག་ ཁག་ གི་ དབུས་ ཆབ་ སྲིད་ འགན་ འཛིན་ དང་ ། ད་ ལྟའི་ བྱང་ ཀོ་ རི་ ཡའི་ སྲིད་ འཛིན་ ཀེམ་ ཇོང་ ཨུན་ གྱི་ དྲུང་ ཡིག་ གཞོན་ པ་ ཡིན།༽ ཚོགས་ ཐོག་ ཏུ་ བཞུགས་ ཡོད་ པ་ དང་ ། ཟླ་ དེའི་ ཚེས་ ༡༧ ཉིན་ ཅཱང་ སུང་ ཐེག་ དང་ སྐབས་ དེའི་ རྒྱ་ ནག་ གི་ སྲིད་ འཛིན་ ཧུའུ་ ཅིན་ ཐོ། དེ་ བཞིན་ རྒྱ་ ནག་ གི་ སྐད་ སྒྱུར་ བ་ ཞིག་ བཅས་ གསང་ བའི་ ཐོག་ ཟུར་ དུ་ ཐུག་ འཕྲད་ བྱས་ ཏེ། བྱང་ ཀོ་ རི་ ཡཱའི་ སྲིད་ འཛིན་ ཟུར་ པ་ ཀེམ་ ཇོང་ ཨེལ་ (Kim Jong-il) གྱི་ བུ་ ཆེ་ བ་ ཀེམ་ ཇོང་ ནཱམ་ (Kim Jong-nam) དང་ ། བུ་ ཆུང་ བ་ ཀེམ་ ཇོང་ ཨུན་ (Kim Jong-un) གཉིས་ ཀྱི་ གོ་ གནས་ བརྗེ་ བོ་ རྒྱག་ ཕྱོགས་ སྐོར་ ལ་ ཆུ་ ཚོད་ ༡ རིང་ གྲོས་ མོལ་ བྱས་ ཡོད་ སྐོར་ དང་ ། སྐབས་ དེར་ ཧུའུ་ ཅིན་ ཐོ་ ཡིས་ གནད་ དོན་ དེར་ ངོས་ མཐུན་ གྱི་ སྐད་ ཆ་ གང་ ཡང་ བཤད་ མེད་ ཀྱང་ ། གནས་ ཚུལ་ དེ་ ཀྲུའུ་ ཡོན་ ཁང་ གིས་ ཤེས་ རྟོག་ བྱུང་ སྟེ། གསང་ བའི་ ཐོག་ བྱང་ ཀོ་ རི་ ཡའི་ མགོ་ ཁྲིད་ ཀེམ་ ཇོང་ ཨུན་ ལ་ བཤད་ ཡོད་ སྟབས། ༢༠༡༣ ཟླ་ ༡༢ ཚེས་ ༡༢ ཉིན་ ཀེམ་ ཇོནང་ ཨུན་ གྱིས་ ཁོ་ རང་ གི་ ཨ་ ཞང་ ཅཱང་ སུང་ ཐེག་ ལ་ སྲོག་ ཁྲིམས་ བཅད་ པ་ དང་ ། བྱང་ ཀོ་ རི་ ཡའི་ ནང་ གི་ རྒྱ་ ནག་ ལ་ དགའ་ བའི་ ཚོགས་ ཁག་ རྩ་ མེད་ བཟོས་ ཡོད་ འདུག
རྗེས་
ཁ་ སང་ ཀྲུང་ གོར་ ལྟ་ བ་ ཞེས་ པའི་ དྲ་ ཚིགས་ ཀྱིས་ ཀོ་ རི་ ཡའི་ གནས་ ཚུལ་ དེའི་ སྐོར་ ལུང་ འདྲེན་ བྱས་ པ་ ལྟར་ ན། ༢༠༡༣ ལོའི་ ཟླ་ ༡༢ ཚེས་ ༨ ཉིན་ བྱང་ ཀོ་ རི་ ཡའི་ ངལ་ རྩོལ་ ཤོག་ ཁག་ གིས་ དབུས་ ཆབ་ སྲིད་ ལྷན་ ཁང་ གི་ ཚོགས་ འདུའི་ ཐོག་ ཏུ་ ཅཱང་ སོན་ ཙེ་ འཛིན་ བཟུང་ བྱས་ ཡོད་ པ་ དང་ ། ཟླ་ དེའི་ ཚེས་ ༡༢ ཉིན་ བྱང་ ཀོ་ རི་ ཡའི་ སྲིད་ གཞུང་ བདེ་ སྲུང་ ལྷན་ ཁང་ གིས་ ཅཱང་ སོན་ ཙེ་ ལ་ འདྲི་ གཅོད་ བྱས་ རྗེས་ སྲོག་ ཁྲིམས་ གཅོད་ རྒྱུ་ གཏན་ ཁེལ་ བྱས་ ཡོད་ པ་ དང་ ། དེ་ ནི་ འདས་ པའི་ ལོ་ ༡༦ ནང་ བྱང་ ཀོ་ རི་ ཡ་ ཡི་ ཆབ་ སྲིད་ ཨུ་ ཡོན་ མཐོ་ རིགས་ དཔོན་ རིགས་ སྲོག་ ཁྲིམས་ བཅད་ པ་ ཐོག་ མ་ དེ་ ཆགས་ ཡོད་ ཅེས་ བརྗོད་ འདུག
དུས་བབ་དྲ་བ་ནས།།

