ཉེ་ ལམ་ སོག་ ཡུལ་ ནས་ གསར་ རྙེད་ བྱུང་ བའི་ དགེ་ འདུན་ པ་ དེའི་ ཕུང་ པོར་ བརྟག་ དཔྱད་ བྱས་ པ་ བརྒྱུད་ ཁ་ སང་ ཐུགས་ དམ་ ལ་ བཞུགས་ ཡོད་ ཚུལ་ བསྒྲགས་ འདུག
ཁ་ སང་ སོག་ པོའི་ (MongolBeat) ཞེས་ པའི་ གསར་ ལམ་ ཐོག་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཟླ་ སྔོན་ མའི་ ཚེས་ ༢༧ ཉིན་ སོག་ ཡུལ་ རྒྱལ་ ས་ ཨུ་ ལཱན་ བྷ་ ཌར་ (Ulan Bator) མངའ་ ཁོངས་ སུང་ གྷེ་ ཎོ་ ཁཱར་ ཁཱན་ (Songinokhairkhan) གྱི་ ས་ ཁུལ་ ནས་ ལོ་ ༢༠༠ གོང་ སྐུ་ གཤེགས་ པའི་ ནང་ པའི་ ཆོས་ པ་ ཞིག་ གི་ ཕུང་ པོ་ སྒོ་ ཕྱུགས་ སེམས་ ཅན་ གྱི་ པགས་ པས་ བཏུམས་ ཏེ་ དཀྱིལ་ དཀྲུང་ དུ་ བཞུགས་ ཡོད་ པ་ ཞིག་ རྙེད་ སོན་ བྱུང་ རྗེས། ཉིན་ ཤས་ རིང་ སོག་ ཡུལ་ རྒྱལ་ སར་ རྟེན་ གཞི་ བྱས་ པའི་ རྒྱལ་ ཡོངས་
སྙན་ གྲགས་ ཅན་ གྱི་ ནང་ པའི་ དགེ་ འདུན་ པ་ བྷ་ རེ་ ཀཱར་ འཛིན་ (Dr Barry Kerzin) ཞུ་ བ་ ཞིག་ གིས་ སོག་ པོའི་ གསར་ ལམ་ ཐོག “དེ་ སྔོན་ ང་ རང་ ཐུགས་ དམ་ དུ་ བཞུགས་ ཡོད་ པའི་ སྒོམ་ ཆེན་ པ་ མང་ པོ་ ཞིག་ ལ་ ལྟ་ ཞིབ་ བྱེད་ པའི་ གོ་ སྐབས་ ཐོབ་ མྱོང་ ཡོད། གལ་ ཏེ་ མི་ ཞིག་ འདས་ གྲོངས་ སོང་ རྗེས་ ཐུགས་ དམ་ ནང་ བདུན་ ཕྲག་ གསུམ་ ལྷག་ བཞུགས་ ཚེ། ཁོང་ གི་ སྐུ་ ཕུང་ འཁུམ་ མགོ་ བཙུགས་ ཏེ་ མཐའ་ མ་ སྐྲ་ དང་ སེན་ མོ། གྱོན་ གོས་ མ་ གཏོགས་ ལྷག་ གི་ མེད། ཐེངས་ འདིར་ གསར་ རྙེད་ བྱུང་ བའི་ དགེ་ འདུན་ པའི་ སྐུ་ ཕུང་ འཁྲིས་ སུ་ སྡོད་ མཁན་ ཚོས་ ཉིན་ ཤས་ རིང་ ནམ་ མཁར་ འཇའ་ ཤར་ བའི་ རྟགས་ མཚན་ མཐོང་ ཡོད་ སྟབས། ཁོང་ ལ་ གཉུག་ མ་ འོད་ གསལ་ ངང་ དུ་ བཞུགས་ ཡོད་ པ་ རེད། གལ་ སྲིད་ ཁོང་ གིས་ མུ་ མཐུད་ སྒོམ་ བརྒྱབ་ ཚེ་ སངས་ རྒྱས་ ཀྱི་ གོ་ འཕང་ ཐོབ་ སྟེ་ སེམས་ ཅན་ ལ་ ཕན་ བདེ་ བསྐྲུན་ ཐུབ་ པ་ ཞིག་ རེད”ཅེས་ སོགས་ བརྗོད་ འདུག
བྷེ་ རི་ ཡའི་ དུས་ བབ་ (Siberian Times) ཐོག་ སོག་ ཡུལ་ རྒྱལ་ སར་ རྟེན་ གཞི་ བྱས་ པའི་ སོག་ པའི་ ནང་ བསྟན་ གཙུག་ ལག་ སློབ་ གཉེར་ ཁང་ གི་ སློབ་ དཔོན་ ཆེན་ མོ་ པུ་ རེབ་ བྷ་ ཌ་ (Ganhugiyn Purevbata) ཡིས། “བླ་ མ་ ཁོང་ དཀྱིལ་ དྲུང་ དུ་ བཞག་ ལ་ བཞུགས་ ཡོད་ པ་ མ་ ཟད། ཕྱག་ གཡོན་ པ་ ཁ་ ཕྱེ་ བ་ དང་ གཡས་ པས་ ཆོས་ སྟོན་ བཞིན་ ཡོད་ པའི་ ཚུལ་ བསྟན་ ཡོད་ སྟབས། ཁོང་ ཐུགས་ དམ་ ངང་ བཞུགས་ ཡོད་ པ་ ལས་ འདས་ གྲོངས་ སོང་ མེད་ པ་ གསལ་ པོ་ རེད”ཅེས་ བརྗོད་ འདུག
ཟླ་ ༡ ཚེས་ ༢༧ ཉིན་ གསར་ རྙེད་ བྱུང་ བའི་ ནང་ པའི་ དགེ་ འདུན་ པའི་ ཕུང་ བོ་ དེ་ ནི། ༡༨༥༢ ལོར་ ཨུ་ རུ་ སུའི་ བྷུར་ ཡཱ་ ཌི་ ཡཱ་ (Buryatia) མངའ་ ཁུལ་ དུ་ སྐྱེས་ ཤིང་ ། ༡༩༢༧ ལོར་ འདས་ གྲོངས་ སོང་ བའི་ བོད་ ཀྱི་ ནང་ ཆོས་ དོན་ གཉེར་ བ་ བླ་ མ་ ཌཱ་ ཤི་ ཌོར་ ཛོ་ (Dashi-Dorzho Itigilov) ཡི་ སློབ་ དཔོན་ ཡིན་ པའི་ ཚོད་ དཔག་ བྱས་ ཡོད་ ཅིང་ ། བླ་ མ་ ཌཱ་ ཤི་ ཌོར་ ཛོ་ འཚོ་ བཞུགས་ སྐབས་ ཕུང་ པོ་ མ་ རུལ་ བར་ ཉར་ ཚགས་ བྱེད་ ཕྱོགས་ ཀྱི་ སྒོམ་ སྒྲུབ་ ཉམས་ ལེན་ གནང་ མཁན་ ཞིག་ ཡིན་ པ་ མ་ ཟད། ཁོང་ མ་ གྲོངས་ སྔོན་ དགེ་ ཕྲུག་ ལ་ ཁོང་ གྲོངས་ རྗེས་ ཕུང་ པོ་ དཀྱིལ་ དཀྲུང་ བྱས་ ནས་ སར་ སྦེད་ དགོས་ པའི་ ཁ་ ཆེམས་ བཞག་ པ་ ལྟར་ བྷུར་ ཡཱ་ ཌི་ ཡཱ་ མངའ་ ཁུལ་ གྱི་ རྒྱལ་ ས་ ཨུ་ ལན་ (Ulan Ude) ཉེ་ འདབས་ སུ་ སྦས་ རྗེས། ༢༠༠༢ ལོར་ ཁོང་ གི་ ཕུང་ པོ་ སྔོག་ ནས་ རྒྱལ་ སའི་ དགོན་ པ་ ཞིག་ ཏུ་ རུལ་ ཡོད་ མེད་ བརྟག་ དཔྱད་ བྱས་ པར། ཁོང་ ད་ དུང་ འདས་ གྲོངས་ སོང་ མེད་ པ་ མ་ ཟད་ གཟུགས་ པོར་ ཚ་ དྲོད་ རྒྱས་ བཞིན་ ཡོད་ ལུགས་ བརྗོད་ འདུག
ནང་ པའི་ དགེ་ འདུན་ པ་ དེའི་ སྐུ་ ཕུང་ དེ་ ཉེ་ ལམ་ ཨན་ ཌོར་ (Enhtor) ཟེར་ བ་ ཞིག་ གིས་ ཁཱོབ་ ཌི་ སེ་ ཁེ་ (Kobdsk) ས་ ཁུལ་ གྱི་ བྲག་ ཕུག་ ཅིག་ བརྙེད་ དེ། རྒྱལ་ ས་ ཨུ་ ལན་ བྷ་ ཌར་ (Ulaanbaatar)གྱི་ རང་ ཁྱིམ་ དུ་ སྦས་ ཏེ། རྒྱལ་ ཁབ་ གཞན་ ལ་ རིན་ གོང་ མཐོ་ པོ་ བྱས་ ཏེ་ བཙོང་ གྲབས་ ཡོད་ སྐབས་ ཉེན་ རྟོག་ པས་ འཇུ་ བཟུང་ བྱས་ ཡོད་ འདུག
ད་ ལྟ་ དགེ་ འདུན་ པ་ དེའི་ ཕུང་ པོ་ སོག་ ཡུལ་ རྒྱལ་ སར་ ཡོད་ པའི་ རྒྱལ་ ཡོངས་ ཁྲིམས་ དོན་ སྨན་ སྦྱོར་ དཔྱད་ ཞིབ་ བསྟི་ གནས་ ཁང་ ནང་ མུ་ མཐུད་ བརྟག་ དཔྱད་ བྱེད་ བཞིན་ ཡོད་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།

