རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཐའེ་ཝན་གྱི་གནམ་གྲུ་ཞིག་གཙང་པོའི་ནང་ཟགས།

150204045228_sp_avion_taiwan_624x351_afpདེ་རིང་ཐའེ་ཝན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཐའེ་ཝན་བྱང་ཤཪ་ཕྱོགས་ཀྱི་ཁི་ལང་ཞེས་པའི་གཙང་པོའི་ནང་དུ་བརྡབ་ལྷུང་བྱུང་སྟེ། ད་ལྟའི་ཆཪ་ཉུང་མཐར་ཡང་མི་བརྒྱད་འདས་གྲོངས་སུ་གྱུར་ཡོད་པ་དང་། མི་བཅུ་ལྷག་གི་སྲོག་སྐྱོབ་ཐུབ་པ་བྱུང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༤ ཉིན་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་༡༠ ཙམ་ལ། ཐའེ་པན་སུང་ཧྲེ་རྫོང་གི་གནམ་ཐང་ནས་ཐའེ་ཝན་གྱི་གླིང་ཕྲན་ཁེན་མཱི་རུ་འཕུར་བའི་ATR72-600 རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག ཐའེ་ཝན་གྱི་བྱང་ཤར་ཕྱོགས་སུ་ཡོད་པའི་ཁི་ལང་གཙང་པོ་ཞེས་པའི་ནང་དུ་བརྡབ་ལྷུང་བྱུང་སྟེ། ད་ལྟའི་ཆར་མི་༨ འདས་གྲོངས་སུ་གྱུར་ཡོད་པ་དང་མི་བཅུ་ལྷག་གི་སྲོག་སྐྱོབ་ཐུབ་པ་བྱུང་ཡོད་འདུག གནམ་ཐང་ནས་འཕུར་ཏེ་སྐར་མ་༡༠ མ་ཟིན་པའི་རྗེས་དམའ་སར་མར་ཟགས་ཏེ། ཟམ་ཆེན་གྱི་གཞུང་ལམ་ལ་བརྡབས་ཏེ་གནམ་གྲུའི་ཆ་ཤས་དུམ་བུར་ཕྱིན་ཡོད་པ་མ་ཟད། གཞུང་ལམ་སྟེང་དུ་རྒྱུགས་བཞིན་པའི་གླ་འཁོར་ཞིག་ལའང་གནོད་སྐྱོན་ཐེབས་ཡོད་པ་དང་། གནམ་གྲུ་དེ་མ་ཐག་ལམ་ཟུར་གྱི་ཁི་ལང་གཙང་པོའི་ནང་དུ་ཟགས་ཡོད་འདུག
འགྲུལ་སྐྱེལ་གནམ་གྲུ་དེའི་ནང་ཁྱོན་མི་༥༨ ཡོད་པའི་ཁྲོད། གནམ་གྲུའི་ལས་བྱེད་ལྔ་དང་། བྱིས་པ་དམར་འབྱར་གཉིས། ཉུང་མཐར་ཡང་རྒྱ་ནག་སྐམ་སའི་ཡུལ་སྐོར་སྤྲོ་འཆམ་རུ་ཁག་གཉིས་ཡོད་འདུག
ད་ལྟའི་ཆཪ་ཐའེ་གྱི་མེ་གསོད་རུ་ཁག་གིས་ཡུལ་དངོས་སུ་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་པ་ཕུད། ད་དུང་ཐའེ་ཝན་དམག་ཕྱོགས་ནས་ཀྱང་མཚོ་དམག་དང་དམིགས་བསལ་དྲག་ཆས་ཉེན་རྟོག་པ་སོགས་མངགས་ཏེ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ཐའེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཆུ་རླབས་འཕྱུར་བ་དང་གཙང་ཆུ་རྒྱས་པའི་སྟབས་ཀྱིས་རོགས་སྐྱོར་ལ་དཀའ་ངལ་འཕར་མ་འཕྲད་བཞིན་ཡོད་པ་རེད།
150204040138_cn_taipei_plane_crash_01_976x549_cnaཐའེ་ཝན་དམངས་སྤྱོད་འཁའ་འགྲུལ་ལས་ཁུངས་ཀྱི་འགན་འཛིན་ལི་ཀྲི་མཱི་ཡིས་བརྗོད་པ་ལྟར་ན། གོད་ཆག་བྱུང་བའི་གནམ་གྲུ་དེ་ལོ་སྔོན་མའི་ཕྱི་ཟླ་༤ པའི་ནང་ད་གཟོད་བཀོལ་སྤྱོད་བྱས་ཏེ། འདི་ལོའི་ཕྱི་ཟླ་༡ པོའི་ནང་མ་ལག་ཡོངས་རྫོགས་བསྐྱར་བཅོས་བྱས་ཟིན་ཡོད་འདུག ན་ནིང་ཕྱི་ཟླ་༧ པའི་ནང་ཐའེ་ཝན་གྱི་ATR72 རྟགས་ཅན་གྱི་གནམ་གྲུ་ཞིག་ཕང་ཧུ་གླིང་ཕྲན་དུ་བརྡབ་ལྷུང་བྱུང་སྟེ། ཁྱོན་མི་༤༨ རྐྱེན་ལམ་དུ་བཏང་ཡོད་པ་དང་། ཐའེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་ཐོན་པ་ལྟར་ན། ལོ་རྒྱུས་ནང་ATR72 རྟགས་ཅན་གྱི་གནམ་གྲུ་བརྡབ་ལྷུང་བྱུང་པ་ཐེངས་བཞི་པ་ཆགས་ཡོད་པ་རེད།།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།
བང་ཆེན་དྲ་བ་ནས།།