རྒྱ་ གཞུང་ གིས་ ཉི་ རྒྱ་ མཛའ་ འབྲེལ་ སྨན་ ཁང་ གི་ མཛའ་ འབྲེལ་ ཞེས་ པའི་ ཚིག་ དེ་ བེད་ སྤྱོད་ གཏོང་ རྒྱུ་ མིན་ ལུགས་ བསྒྲགས་ འདུག
ཁ་ སང་ ཕྱི་ ཚེས་ ༡༣ ཉིན་ རྒྱ་ ནག་ གཞུང་ འབྲེལ་ དྲ་ ལམ་ ཁག་ ནས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། རྒྱ་ ནག་ རྒྱལ་ ཁབ་ འཕྲོད་ བསྟེན་ ལྷན་ ཁང་ གིས་ བརྡ་ ཁྱབ་ ཅིག་ བཏང་ སྟེ། པེ་
ཅིན་ དུ་ ཡོད་ པའི་ ༼ཉི་ རྒྱ་ མཛའ་ འབྲེལ་ སྨན་ ཁང་ ༽ཞེས་ པ་ དེར།རྗེས་ ཕྱོགས་ ནས་ དམིགས་ བསལ་ གྱི་ ཡིག་ ཆ་ ཁག་ གི་ ཐོག་ མ་ གཏོགས་ ༼ཉི་ རྒྱ་ སྨན་ ཁང༽ཞེས་ མིང་ སྟབས་ བདེ་ རུ་ གཏོང་ རྒྱུ་ ཡིན་ ལ། དེ་ ནི་ ལས་ ཀའི་ དགོས་ མཁོ་ ཞིག་ ཡིན་ པ་ ལས་ དངོས་ མིང་ ལ་ འགྱུར་ བ་ བཏང་ བ་ ཞིག་ མིན་ སྐོར་ དང༌།འབྲེལ་ ཡོད་ ལྷན་ ཁང་ གི་ ཐག་ གཅོད་ ཅིག་ ཡིན་ པ་ མ་ གཏོགས།རྒྱལ་ ཁབ་ གཉིས་ བར་ གྱི་ འབྲེལ་ བར་ འབྲེལ་ བ་ གང་ ཡང་ མེད་ སྐོར་ བརྗོད་ འདུག
ཉི་ རྒྱ་ མཛའ་ འབྲེལ་ སྨན་ ཁང་ ནི་ རྒྱ་ ནག་ གཞུང་ དང་ ཉི་ ཧོང་ གཞུང་ གཉིས་ མཉམ་ འབྲེལ་ གྱིས་ བཙུགས་ ཤིང༌། ད་ ལྟའི་ ཆར་ རྒྱ་ ནག་ རྒྱལ་ ཁབ་ འཕྲོད་ བསྟེན་ ལྷན་ ཁང་ གི་ ལྟ་ རྟོག་ འོག་ ཡོད་ ལ། ཕྱི་ ལོ་ ༡༩༨༤ ཟླ་ ༡༠ ཚེས་ ༢༣ ཉིན་ དངོས་ སུ་ སྨན་ བཅོས་ ཞབས་ ཞུ་ མགོ་ འཛུགས་ བྱས་ ཏེ། རྒྱ་ ནག་ གི་ མཐོ་ རིམ་ དཔོན་ རིགས་ ཚོའི་ སྨན་ བཅོས་ ལྟེ་ གནས་ ཤིག་ ཆགས་ ཡོད་ པ་ མ་ ཟད། ཕྱི་ ལོ་ ༢༠༠༨ ལོའི་ པེ་ ཅིན་ ཨོ་ རྩལ་ འགྲན་ ཚོགས་ སྐབས་ ཀྱི་ རྩེད་ རིགས་ སྦྱོང་ བརྡར་ དགེ་ རྒན་ དང་ དཔྱད་ འདེམས་ པ། རྩེད་ མོ་ བ་ བཅས་ ལ་ སྨན་ བཅོས་ ཀྱི་ འགན་ འཁུར་ ཡོད་ འདུག
ཉི་ ཧོང་ དང་ རྒྱ་ ནག་ བར་ གྱི་ འབྲེལ་ བ་ ཇེ་ སྡུག་ ཏུ་ འགྲོ་ བཞིན་ པའི་ དུས་ སྐབས་ འདིར། རྒྱ་ གཞུང་ གིས་ སྨན་ ཁང་ དེའི་ མིང་ ལ་ འགྱུར་ བ་ བཏང་ བར་ གླེང་ བརྗོད་ སྣ་ ཚོགས་ ཡོང་ བཞིན་ ཡོད་ པ་ དང༌། དྲ་ ལམ་ དུ་ རྒྱལ་ ཁབ་ འཕྲོད་ བསྟེན་ ལྷན་ ཁང་ ལ་ ཉི་ རྒྱ་ མཛའ་ འབྲེལ་ སྨན་ ཁང་ གི་ མིང་ ཆ་ ཚང་ བེད་ སྤྱོད་ གཏོང་ བར་ སྟངས་ འཛིན་ བྱེད་ པའི་ དབང་ ཆ་ མེད། གང་ ཡིན་ ཟེར་ ན། ཁྲིམས་ མཐུན་ དེབ་ སྐྱེལ་ བྱས་ པའི་ ལས་ སྒྲུབ་ ཁང་ ཞིག་ གི་ མིང་ ལ་ ཁྲིམས་ ཀྱིས་ སྲུང་ སྐྱོབ་ ཡོད་ པ་ རེད། གལ་ སྲིད་ འཕྲོད་ བསྟེན་ ལྷན་ ཁང་ གིས་ མིང་ དེ་ འོས་ འཚམ་ མིན་ པར་ འདོད་ ཚེ། སྨན་ ཁང་ དེར་ ཐོ་ མིང་ བསྒྱུར་ དགོས་ པའི་ རེ་ བ་ བཏོན་ ཆོག་ པ་ ལས། གང་ འདོད་ ཀྱིས་ ཐོ་ མིང་ བརྒྱ་ གཞུང་ གིས་ ཉི་ རྒྱ་ མཛའ་ འབྲེལ་ སྨན་ ཁང་ གི་ མཛའ་ འབྲེལ་ ཞེས་ པའི་ ཚིག་ དེ་ བེད་ སྤྱོད་ གཏོང་ རྒྱུ་ མིན་ ལུགས་ བསྒྲགས་ འདུག
གསར་ འགོད་ པ། པདྨ་ མཚོ། དུས་བབ་དྲ་བ་ནས།།
ཁ་
ཉི་
ཉི་
གསར་