དེ་ རིང་ ཉིན་ རྒྱབ་ དྷ་ ས་ མེག་ གྷན་ ཉིན་ སློབ་ ཏུ་ བོད་ རང་ བཙན་ བསྐྱར་ དུ་ གསལ་ བསྒྲགས་ གནང་ བའི་ ཉིན་ མོ་ སྲུང་ གཙི་ དང་ འབྲེལ། བོད་ ཀྱི་ རྒྱལ་ དར་ དང་ རྒྱ་ གར་ གྱི་ རྒྱལ་ དར་ བེད་ སྤྱོད་ གཏོང་ སྐབས་ གཟབ་ གཟབ་ བྱེད་ དགོས་ སྐོར་ བརྗོད་ སོང་ །
དེ་ རིང་ ཉིན་ རྒྱབ་ ཆུ་ ཚོད་ ༣།༣༠ ཙམ་ ལ་ དྷ་ ས་ མེག་ གྷན་ ཉིན་ སློབ་ ཀྱི་ ཚོགས་ ཁང་ དུ།
བོད་
གཞན་ ཡང་ ། སྐབས་ དེར་ ལོ་ ངོ་ ༡༠༠ ལྷག་ གི་ ལོ་ རྒྱུས་ ཡོད་ པའི་ བོད་ ཀྱི་ གངས་ སེང་ དམག་ དར་ ཞིག་ དབུ་ འབྱེད་ དང་ པར་ རིས་ འགྲེམས་ སྟོན། དེ་ བཞིན་ གཞས་ པ་ ཁག་ ཅིག་ གིས་ གཞས་ སྣ་ འཁྲབ་ སྟོན་ སོགས་ བྱས་ སོང་ ལ། དྷ་ ས་ ཁུལ་ གྱི་ བོད་ རིགས་ སེར་ སྐྱ་ མི་ མང་ དང་ ཕྱི་ རྒྱལ་ ཁག་ ནས་ ཡོང་ བའི་ བོད་ དོན་ དོ་ སྣང་ ཅན་ བཅས་ མི་ གྲངས་ ༡༠༠ ཡས་ མས་ ཤིག་ འཛོམས་ འདུག
བགྲོ་ གླེང་ ཐོག་ སྣར་ སྐྱིད་ ངག་ དབང་ དོན་ གྲུབ་ ལགས་ ཀྱིས་ བོད་ ཀྱི་ རྒྱལ་ དར་ གྱི་ བྱུང་ རིམ་ དང་ མཚོན་ དོན་ ངོ་ སྤྲོད་ གནང་ སྐབས། བོད་ ཀྱི་ རྒྱལ་ དར་ གྱི་ ཐོག་ མའི་ བྱུང་ རིམ་ ནི་ བོད་ རྒྱལ་ སྲོང་ བཙན་ སྒམ་ པོའི་ སྐབས་ ནས་ བཟུང་ བྱུང་ ཡོད་ པ་ དང་ ། ཕྱིས་ སུ་ ༸རྒྱལ་ བ་ སྐུ་ ཕྲེང་ བཅུ་ གསུམ་ པ་ མཆོག་ སྐུ་ དངོས་ ནས་ བོད་ ཀྱི་ དམག་ དར་ དེ་ ད་ ལྟའི་ རྒྱལ་ དར་ གྱི་ ངོ་ བོར་ ལྗགས་ བཀོད་ གནང་ བའི་ ལོ་ རྒྱུས་ ཡོད་ སྐོར་ གསུངས་ པ་ དང་ འབྲེལ། བོད་ ཀྱི་ རྒྱལ་ དར་ གྱི་ མཚོན་ དོན་ རྣམས་ ངོ་ སྤྲོད་ གནང་ སོང་ །
དེ་ རྗེས་ ལྷ་ རྒྱལ་ རི་ རྣམ་ རྒྱལ་ སྒྲོལ་ དཀར་ ལགས་ ཀྱིས་ དབྱིན་ སྐད་ ཀྱི་ ཐོག་ ནས་ འཛམ་ གླིང་ ཐོག་ རྒྱལ་ དར་ མང་ པོ་ ཡོད་ པའི་ ཁྲོད་ ནས་ བོད་ ཀྱི་ རྒྱལ་ དར་ ནི་ ལོ་ རྒྱུས་ གང་ འཚམ་ ཡུན་ རིང་ ལྡན་ པ་ ཞིག་ ཡིན་ ཡང་ ། རྒྱ་ གཞུང་ གི་ དབང་ བསྒྱུར་ འོག་ ད་ ལྟའི་ ཆར་ བོད་ ནང་ དུ་ བོད་ ཀྱི་ རྒྱལ་ དར་ བསྒྲེང་ འཕྱར་ བྱས་ ན་ ཁྲིམས་ འགལ་ ཆགས་ ཀྱི་ ཡོད་ པ་ མ་ ཟད། བོད་ ཀྱི་ རྒྱལ་ དར་ འཕྱར་ བའི་ ནག་ ཉེས་ འོག་ བོད་ མི་ མང་ པོ་ འཛིན་ བཟུང་ གཅར་ རྡུང་ དང་ ། མནར་ གཅོད་ འོག་ ཚེ་ སྲོག་ ཤོར་ གྱི་ ཡོད་ པ་ རེད། ཡིན་ ནའང་ ། གཞིས་ ལུས་ བོད་ མི་ ཚོས་ འཛེམས་ ཟོན་ མེད་ པར་ མ་ སྐུལ་ དང་ བླངས་ ཀྱིས་ རང་ ཁྱིམ་ དུ་ བོད་ དར་ སྒྲིག་ ཤོམ་ དང་ ། བོད་ མིའི་ རང་ དབང་ འཐབ་ རྩོད་ བྱེད་ པའི་ ཆོད་ སེམས་ ནམ་ ཡང་ འདོར་ གྱི་ མེད་ སྐོར་ སོགས་ བརྗོད་ སོང་ །
དགེ་ བཤེས་ སྨོན་ ལམ་ མཐར་ ཕྱིན་ ལགས་ ཀྱིས་ བོད་ ཀྱི་ རྒྱལ་ དར་ བེད་ སྤྱོད་ གཏོང་ ཕྱོགས་ ཐད་ ཁྲིམས་ སྲོལ་ གཏན་ འབེབས་ མེད་ པར་ བརྟེན། སྤྱི་ ཚོགས་ ཐོག་ གང་ བྱུང་ བེད་ སྤྱོད་ གཏོང་ གི་ ཡོད་ པ་ མ་ ཟད། བེད་ སྤྱོད་ བཏང་ རྗེས་ བདག་ པོ་ མ་ བརྒྱབ་ པར་ རྒྱལ་ ཁབ་ ཅིག་ གི་ རྒྱལ་ དར་ གྱི་ ཆེ་ མཐོང་ བརླག་ འགྲོ་ ཡི་ ཡོད་ སྐོར་ དང་ ། དེ་ བཞིན། རྒྱ་ གར་ གྱི་ རྒྱལ་ དར་ བེད་ སྤྱོད་ གཏོང་ སྐབས་ གཟབ་ གཟབ་ མ་ བྱས་ ན། དེ་ སྔོན་ བོད་ མིས་ ལས་ འགུལ་ སྤེལ་ སྐབས་ དང་ ཚོགས་ འདུ་ སོགས་ སུ་ རྒྱ་ གར་ གྱི་ རྒྱལ་ དར་ ཁྲིམས་ སྲོལ་ ལྟར་ སྒྲེང་ འཕྱར་ མ་ བྱས་ པའི་ དཀའ་ རྙོག་ བྱུང་ མྱོང་ ཡོད་ སྟབས། གནས་ ཡུལ་ རྒྱལ་ ཁབ་ ཀྱི་ ཁྲིམས་ ཚུལ་ བཞིན་ སྲུང་ དགོས་ ལུགས་ བརྗོད་ ཀྱི་ ཡོད་ པ་ ལྟར། མ་ འོངས་ པར་ ལས་ འགུལ་ སོགས་ སྤེལ་ སྐབས་ ངེས་ པར་ དུ་ བེད་ སྤྱོད་ མ་ ནོར་ བ་ དགོས་ རྒྱུ་ གལ་ ཆེན་ ཡིན་ པའི་ སྐོར་ སོགས་ བརྗོད་ པ་ དང་ འབྲེལ། བཙན་ བྱོལ་ བོད་ མིའི་ སྤྱི་ ཚོགས་ ཁྲོད་ བོད་ དར་ དང་ རྒྱ་ གར་ གྱི་ རྒྱལ་ དར་ བེད་ སྤྱོད་ བྱེད་ སྟངས་ ཚུལ་ མཐུན་ མིན་ པའི་ པར་ རིས་ མང་ པོ་ བརྙན་ རས་ བརྒྱུད་ འགྲེམས་ སྟོན་ གནང་ སོང་ །

གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།