
སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་གནས་ཁག་ཏུ་གནས་ཚུལ་སླེབས་པ་ལྟར་ན། བོད་མི་དེ་གཉིས་ཕན་ཚུན་རྒྱག་རེས་ཤོར་ནས་གསོད་རེས་བྱས་པ་ཞིག་ཡིན་པ་དང་། གྲྭ
་པ་དེ་རྩོམ་པ་པོ་རྔ་པ་ཆོས་གྲགས་དང་། མི་སྐྱ་དེ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཡིན་འདུག
་པ་དེ་རྩོམ་པ་པོ་རྔ་པ་ཆོས་གྲགས་དང་། མི་སྐྱ་དེ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ཡིན་འདུག
ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། གྲྭ་པ་དེའི་མིང་ལ་བསྟན་འཛིན་ཆོས་གྲགས་དང་། མི་སྐྱ་དེའི་མིང་ལ་བློ་བཟང་ཆོས་གྲགས་ཟེར་གྱི་ཡོད་འདུག ཁོང་གཉིས་རྒྱག་རེས་ཤོར་རྗེས་གཅིག་བསད་པ་དང་། གཅིག་གིས་སོ་སོར་བསད་ཡོད་པར་ཚོད་དཔག་བྱེད་ཀྱི་འདུག་ལ། གྲིག་གཅིག་ལས་མེད་པའི་གནས་ཚུལ་འདུག
ས་གནས་ཀྱི་འབྲེལ་ཡོད་ཅིག་ལ་ཁ་པར་ནང་སྐད་ཆ་དྲིས་སྐབས། གནས་ཚུལ་དེ་བྱུང་བ་དངོས་ཡོད་ཡིན་སྐོར་ལས། དོན་རྐྱེན་གང་ཡིན་གསལ་པོ་མེད་སྐོར་འགྲེལ་བརྗོད་བྱས་སོང་།
ས་གནས་ཀྱི་འབྲེལ་ཡོད་ཅིག་ལ་ཁ་པར་ནང་སྐད་ཆ་དྲིས་སྐབས། གནས་ཚུལ་དེ་བྱུང་བ་དངོས་ཡོད་ཡིན་སྐོར་ལས། དོན་རྐྱེན་གང་ཡིན་གསལ་པོ་མེད་སྐོར་འགྲེལ་བརྗོད་བྱས་སོང་།
དོན་རྐྱེན་དེ་བྱུང་ས་མན་ཇིན་ཊི་ལའི་བོད་མིའི་སྡོད་སྒར་གྱི་ཉེ་འགྲམ་ཟམ་པའི་ཁར་དེ་ཡིན་པ་དང་། ཉེན་རྟོག་པས་མཐོང་སྐབས་གྲྭ་པ་དེ་ཤི་ཟིན་པ་དང་། མི་སྐྱ་དེ་སྨན་ཁང་དུ་འཁྲིད་སྐབས་གྲོངས་ཡོད་འདུག
དོན་རྐྱེན་གང་ཡིན་སོགས་ཀྱི་གནས་ཚུལ་ད་དུང་གསལ་ཁ་མེད་པ་དང་། ཕུང་པོ་རྒྱ་གར་ཉེན་རྟོག་པས་བརྟག་དཔྱད་བྱས་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར། བང་ཆེན་དྲ་བ་ནས།།