རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཉིན་གཅིག་ལ་སྟག་བཞི་བཟུང་།

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཉིན་གཅིག་ལ་ཞིང་ཆེན་རིམ་པའི་སྟག་རྒན་བཞི་ལ་ལྐོག་རྔན་བླངས་པ་དང་དབང་ཆ་སྒེར་སྤྱོད་བཅས་པ་བཅས་ཀྱི་ཉེས་མང་འོག་ཏང་ནས་ཕྱིར་འཕུད་བཏང་ཡོད་འདུག
གཟའ་པ་སངས་ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས། ཐན་ཅིན་གྲོང་ཁྱེར་གྱི་སྲིད་གྲོས་འགན་འཛིན་
གཞོན་པ་དང་གྲོང་ཁྱེར་ཉེན་རྟོག་པའི་མགོ་གཙོ་ཟུར་པ་ཝོ་ཀྲང་ཧྲོན་ (Wuzhang Shun) དང་ ཧྲན་ཞི་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་འགན་འཛིན་ཟུར་པ་ཏཱོ་ཧྲན་ཞོའུ་(Dushan Xue) ཧུ་ནན་ཞིང་ཆེན་མི་དམངས་རྒྱུན་ལས་ཨུ་ཡོན་དང་ཏང་གི་རྩ་འཛུགས་མགོ་གཙོ་ཟུར་བ་ཆིན་ཡོའུ་ཧད་ (Qin Yuhai) ཧེ་ལོན་ཅང་ཞིང་ཆེན་གྱི་མི་དམངས་རྒྱུན་ལས་མགོ་གཙོ་གཞོན་པ་དང་ཞིང་ཆེན་བཟོ་སྐྲུན་ཐོན་སྐྱེད་ལྟེ་གནས་ཀྱི་ཏང་ཨུའི་མགོ་གཙོ་ཟུར་པ་སཱའོ་ཧྥིན་ཧྥོ་ ( Su Fengfu)བཅས་ཞིང་ཆེན་རིམ་པའི་སྟག་རྒན་ ༤ ལ་མི་གཞན་པའི་ལག་ནས་ལག་སྐྱེས་རྩ་ཆེན་བླངས་པ་དང་ གཞུང་གི་ལས་བྱེད་བསྐོ་བཞག་སྐབས་དབང་ཆ་སྒེར་སྤྱོད་བྱས་པ། ཚོང་ལས་བདག་གཉེར་བྱས་ཏེ་གཞན་གྱི་ཁེ་དབང་འཕྲོག་པ། གཞན་པའི་ལག་ནས་ལྐོགརྔན་འབོར་ཆེན་བླངས་པ་བཅས་ཀྱི་ཉེས་མིང་འོགཏང་ནས་ཕྱིར་ཕུད་བཏང་ཡོད་པ་གསལ་བསྒྲགས་བྱས་འདུག
གོང་གི་སྟག་རྒན་དེ་དག་ལས་ཝོ་ཀྲང་ཧྲོན་དང་ཏཱོ་ཧྲན་ཞོའུ། ཆིན་ཡོའུ་ཧད་གསུམ་གྱིས་བུད་མེད་ཚོར་ཆགས་སྲེད་ལོག་གཡེམ་བྱས་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཞག་ཡོད་པའི་ནག་ཉེས་བཙུགས་འདུག
ཝོ་ཀྲང་ཧྲོན་ནི་ ༡༩༥༣ ལོའི་ཟླ་  པའི་ཐན་ཅིན་ནས་སྐྱེས་ཤིང་། སློབ་བྲིང་ཐོན་རྗེས་ཀྱི་རང་ལོ་ ༡༦ སྟེང་ཐན་ཅིན་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་པའི་ལས་ཀ་བྱསཡོད་པ་དང་ ༡༩༧༣ ལོར་ཏང་ནང་ཞུགས། ༡༩༩༨ ལོའི་ཟླ་ བ་ནས་ཐན་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་རྒྱུན་ལས་དང་ཐན་ཅིན་གྲོང་ཁྱེར་འགྲིམ་འགྲུལ་བདག་གཉེར་ཁང་གི་མགོ་གཙོ་བཅས་ཡིན་འདུག
 ཏཱོ་ཧྲན་ཞོའུ་ནི་ ༡༩༥༦ ལོའི་ཟླ་  པའི་ནང་ཧྲན་ཞི་ཞིང་ཆེན་ལིན་ཡཱེ་རྫོང་ནས་སྐྱེས་ཤིང་། ༡༩༨༢ ལོར་ཧྲན་ཞི་དཔལ་འབྱོར་སློབ་ཆེན་ཐོན།༡༩༩༣ ལོའི་ཟླ་  པ་ནས་ཧྲན་ཞི་ཞིང་ཆེན་དཔལ་འབྱོར་ལས་ཁུངས་ཀྱིམགོ་གཙོདང་ ༢༠༡༣ ལོའི་ཟླ་  པའི་ནང་ཧྲན་ཞི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་འགན་འཛིན་གཞོན་པ་བྱས།
ཆིན་ཡོའུ་ཧད་ནི་ ༡༩༥༣ ལོའི་ཟླ་  པའི་ནང་ཧེ་ལོན་ཅང་ཞིང་ཆེན་ཐཱད་ལེ་རྫོང་ནང་སྐྱེས་ཤིང་། ༡༩༧༡ ལོའི་ཟླ་  བ་ནས་བྱ་ར་ཞུགས། ༡༩༧༦ལོར་ཏང་ནང་ཞུགས་རྗེས་ཏང་གི་རྩ་འཛུགས་མགོ་གཙོ་གཞོན་པ་ཡིན་འདུག
སཱའོ་ཧྥིན་ཧྥོ་ནི་ ༡༩༥༦ ལོའི་ཟླ་ ༡༡ པའི་ནང་ཧྲན་ཏོན་ཕུན་ལེའུ་རྫོང་ནས་སྐྱེས་ཤིང་། ༡༩༧༧ ལོ་ནས་བྱ་ར་ཞུགས་ཤིང་། ༡༩༨༧ ལོར་ཏང་ནང་ཞུགས།རྗེས་སུ་ཧེ་ལོན་ཅང་ཞིང་ཆེན་བཟོ་སྐྲུན་ཐོན་སྐྱེད་ལྟེ་གནས་ནས་ལོ་ ༣༧ ལ་བྱ་བ་བསྒྲུབས་ཡོད་པ་དང་ ༢༠༡༣ ལོར་རྒྱལ་ཡོངས་མི་དམངས་ཨུ་ཡོནདུ་བདམས་ཡོད་འདུག
 དུས་བབ་དྲ་བ་ནས།།