རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཁམས་པའི་ཕོ་རྒོད་ལ་འཛམ་གླིང་ཐོག་སྐད་གྲགས་ཡོད་རེད་ཟེར།

982_XINརྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་རིགས་གཞོན་སྐྱེས་དམག་མི་ཞིག་ལ་ཁམས་པའི་ཕོ་རྒོད་ལ་འཛམ་གླིང་ཐོག་སྐད་གྲགས་ཡོད་པ་རེད་ཅེས་བརྗོད་འདུག           རྒྱ་ཡིག་གི་བརྒྱུད་ལམ་ཁག་ཅིག་གི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེེས་༡༡ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཙོས་པའི་
འགོ་ཁྲིད་རྣམས་༢༠༡༥ ལོའི་དམག་མིའི་དཔྱིད་གསར་བསུ་བའི་ཇ་སྟོན་ལ་མཉམ་ཞུགས་བྱས་ཡོད་པ་དང་། སྐབས་དེར་རང་ལོ་༢༦ ཡིན་པའི་བོད་རིགས་གཞོན་སྐྱེས་དམག་མི་བྱམས་པ་མཁས་གྲུབ་འབོད་པ་ཞིག་ཀྱང་ཕུལ་བྱུང་དམག་མིའི་སྐུ་ཚབ་ཀྱི་མིང་ཐོག་ནས་མཛད་སྒོའི་ཐོག་མཉམ་ཞུགས་བྱས་ཏེ། སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་མདུན་ཅོག་གཅིག་གི་ཐོག་བསྡད་ནས་གླེང་མོལ་བྱས་འདུག
དེའང་བོད་རིགས་གཞོན་སྐྱེས་དམག་མི་བྱམས་པ་མཁས་གྲུབ་རང་ཉིད་ཀྱིས་<<གོ་ལའི་དུས་བབ་>> གསར་ཁང་ལ་སྐབས་དེའི་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། འདི་ལོའི་དམག་གི་དཔྱིད་གསར་བསུ་བའི་ཇ་སྟོན་ཐོག་སྲིད་འཛིན་ཞི་ཅིན་ཕིང་དང་ལྷན་དུ་མདུན་ཅོག་གཅིག་གི་ཐོག་བསྡད་དེ་གླེང་མོལ་བྱས་པའི་གོ་སྐབས་བྱུང་ཡོད་པ་དང་། སྐབས་དེར་ཞི་ཅིན་ཕིང་གིས་ཁོང་ལ་ཁྱོད་ཁམས་པའི་ཕོ་རྒོད་ཡིན་ནམ་ཞེས་དྲིས་པ་མ་ཟད། ཁམས་པའི་ཕོ་རྒོད་ལ་འཛམ་གླིང་ཐོག་སྐད་གྲགས་ཡོད་རེད་ཅེས་བཤད་ཡོད་འདུག ཁོང་གིས་བརྗོད་པ་ལྟར་ན། སྲིད་འཛིན་ཞི་ཅིན་ཕིང་དང་མཉམ་དུ་གནད་དོན་མང་པོ་ཞིག་གི་ཐོག་ལ་གླེང་མོལ་བྱུང་ཡོད་པའི་ཁྲོད། ཞི་ཅིན་ཕིང་གིས་ཁོང་ལ་སློབ་སྦྱོང་དང་འཚོ་བ། དེ་བཞིན་དམག་སྦྱོང་། ཁམས་པའི་ཕོ་རྒོད་ཡིན་མིན་སོགས་ཀྱི་ཐོག་ལ་སྐད་ཆ་དྲིས་ཡོད་པ་རེད།
རང་ལོ་༢༦ ཡིན་པའི་བོད་རིགས་གཞོན་སྐྱེས་དམག་མི་བྱམས་པ་མཁས་གྲུབ་ནི་ཁམས་མི་ཉག་དར་མདོ་རྫོང་ནས་ཡིན་ཞིང་། ཕྱི་ལོ་༢༠༠༦ ལོར་དམག་ལ་ཞུགས་ཏེ་སྔ་རྗེས་སུ་ཕུལ་བྱུང་དམག་གི་གཟེངས་རྟགས་ཐེངས་མང་ཐོབ་པ་དང་། ཁོང་གི་སྤོ་སྤོ་དང་ཨ་ཕ་གཉིས་ཀའང་དེ་སྔར་དམར་ཤོག་དམག་ལ་འཛུལ་ཞུགས་བྱས་མྱོང་ཡོད་འདུག་པས། ཁོང་ནི་ཁྱིམ་ཚང་གཅིག་གི་མི་རབས་གསུམ་པའི་རྒྱ་ནག་དམར་ཤོག་དམག་མི་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་ནས་ཀྱང་ཕུལ་བྱུང་རྒྱལ་གཅེས་ཁྱིམ་ཚང་གི་མིང་ཐོག་ནས་ལྟ་རྟོག་ཡག་པོ་ཡོད་པ་ཞིག་ཡིན་འདུག
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།  བང་ཆེན་དྲ་བ་ནས།།