རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

ཁ་ཆེའི་དྲག་སྤྱོད་པས་བསྐྱར་དུ་མི་༢༡ གི་སྐེ་བཏུབ།

Img409046843ཁ་ཆེའི་རྒྱལ་ཁབ་ཅེས་འབོད་པའི་འཇིགས་སྐུལ་དྲག་སྤྱོད་པས་སི་རི་ཡ་ནས་བཙན་ཁྲིད་བྱས་པའི་ཨི་རྗེབ་ཀྱི་ཡི་ཤུའི་རྗེས་འབྲངས་པ་མི་༢༡ གི་སྐེ་བཅད་ནས་བསད་འདུག            རེས་གཟའ་ཉི་མའི་དགོང་མོར་ཕྱིར་བསྒྲགས་བྱས་པའི་བརྙན་ཐུང་དེའི་ནང་མངོན་པ་ལྟར་ན། བཙོན་པའི་སྒྲིག་ཆས་ལི་ཁྲི་མདོག་གོན་
པའི་སྐྱེས་པ་རེ་རེའི་རྒྱབ་ཏུ་གདོང་རས་དཀྲིས་པའི་དྲག་སྤྱོད་པས་རྗེས་དེད་དེ་བྱེ་ཐང་ཞིག་ཏུ་སླེབས་པའི་རྗེས། ཁོང་ཚོར་བཙན་གྱིས་པུས་མོ་བཙུགས་བཅུག་ཏེ། དྲག་སྤྱོད་པ་ཞིག་གིས་དབྱིན་སྐད་ཐོག་བརྙན་ལེན་འཕྲུལ་ཆས་ལ་ཁ་གཏད་དེ་སྐད་ཆ་བཤད་པ་གྲུབ་པ་དང་དུས་མཚུངས། མི་དེ་དག་རེ་རེའི་སྐེ་བཏུབ་སྟེ་དམར་གསོད་བཏང་ཡོད་པ་རེད།
གདོང་རས་དཀྲིས་པའི་དྲག་སྤྱོད་པ་ཞིག་གིས་ཐེངས་དེའི་གདུག་རྩུབ་ཅན་གྱི་དམར་གསོད་དེ་ནི་ཨི་རྗིབ་(Egypt) ཀྱི་ཆོས་ཚོགས་ དགྲར་འཛིན་པའི་འཁོན་ལན་ཡིན་སྐོར་བརྗོད་ཡོད་པ་དང་། ཁ་ཆེའི་དྲག་སྤྱོད་པས་དམར་གསོད་བཏང་བའི་མི་དེ་དག་ནི་ཨི་རྗེབ་ནང་གི་ཁོབ་ཀྲི་ཁི་ (Coptic) ཞེས་པའི་མི་རིགས་ཀྱི་ཡི་ཤུའི་ཆོས་ལུགས་རྗེས་འབྲངས་པ་ཡིན་འདུག་ཅིང་། ཁོབ་ཀྲི་ཁི་ཡི་ཡི་ཤུའི་རྗེས་འབྲངས་པས་ཨི་རྗིབ་ཡི་མི་འབོར་གྱི་བརྒྱ་ཆ་༡༠% ལྷག་ཟིན་མེད་པའི་གྲངས་ཉུང་མི་རིགས་ཡིན་པས། ཁོང་ཚོས་རྒྱུན་དུ་ཨི་རྗེབ་ནང་མཐོང་ཆེན་དང་གནོད་འཚེ་མྱོང་བཞིན་ཡོད་པ་རེད།
དོན་རྐྱེན་དེ་བྱུང་ནས་མི་རིང་བའི་རྗེས་ཨི་རྗེབ་ཀྱི་སྲིད་འཛིན་སེ་ཐིས་ (Sethi) ཀྱིས་རྒྱལ་ཡོངས་བརྙན་འཕྲིན་གཏམ་བཤད་ཅིག་སྤེལ་ཡོད་པའི་ནང་། ཨི་རྗེབ་ཀྱི་མི་སུ་གཅིག་ཀྱང་སི་རི་ཡའི་ནང་དུ་འགྲོ་བསྐྱོད་མི་ཆོག་པ་དང་། ཨི་རྗེབ་ལ་ཐེངས་འདིའི་དམར་གསོད་ཐད་དུས་ཚོད་འོས་མཚམས་ཤིག་ལ་བྱེད་ཐབས་སྟབས་བདེ་ཞིག་གི་ཐོག་ནས་ལན་འདེབས་བྱེད་རྒྱུའི་ཐོབ་ཐང་ཡོད་ཅེས་དང་། སྲིད་འཛིན་སེ་ཐིས་ཀྱིས་ཐེངས་འདིའི་དམར་གསོད་དེ་ནི་ངོ་ཚ་མེད་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་སྐོར་བརྗོད་འདུག
Img409046844སེ་ཐིས་ཀྱིས་རྒྱལ་ཡོངས་གཏམ་བཤད་མ་སྤེལ་པའི་སྔོན་ཨི་རྗེབ་ཀྱི་མཐོ་རིམ་བདེ་སྲུང་ཚན་པ་རྒྱལ་སྲུང་ལྷན་ཚོགས་ཀྱིས་ཛ་དྲག་ཚོགས་ཆེན་བསྐོངས་ཏེ། ཐེངས་འདིའི་དམར་གསོད་ཐད་ལན་འདེབས་ཇི་ལྟར་དགོས་མིན་སྐོར་གྲོས་བསྡུར་བྱས་ཡོད་པ་དང་། ཨི་རྗེབ་ཀྱི་ཆོས་ལུགས་ཚོགས་པ་དང་སྒྲིག་འཛུགས་ཁག་གིས་ཐེངས་འདིའི་སྐེ་བཏུབ་པའི་བརྙན་ཐུང་ཐད་དུས་ཐུང་ནང་ལན་འདེབས་བྱས་ཡོད་ཅིང་། ཁོབ་ཀྲི་ཁི་ཆོས་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་ཡི་ཤུའི་རྗེས་འབྲངས་པ་རྣམས་ལ། ཁོང་ཚོའི་རླབས་ཆེའི་རྒྱལ་ཁབ་ཀྱིས་གདུག་རྩུབ་ཀྱི་ནག་ཉེས་དེར་ལྟད་མོ་བལྟས་ནས་མི་སྡོད་པའི་རེ་བ་རྒྱག་དགོས་པའི་སྐུལ་མ་བྱས་འདུག།
གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།   བང་ཆེན་དྲ་བ་ནས།།