རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

འཕྲོད་བསྟེན་བཀའ་བློན་མཆོག་གིས་ཅན་ཌི་སྒར་ཁུལ་གྱི་བོད་མི་རྣམས་དང་ཐུག་འཕྲད་གནང་བ།

image༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་རྒྱ་གར་བྱང་ཕྱོགས་ཅན་ཌི་སྒར་སེག་ཌོར་ ༡༧ དུ་བོད་མི་སུད་ཚོང་བ་རྣམས་དང་། བོད་མི་ནད་པ་ཚོར་དང་བླངས་ཐོག་རོགས་པ་བྱེད་མཁན་ཚེ་རིང་སྒྲོལ་དཀར་ལགས་དང་།
ཁོ་མོའི་སྤུན་མཆེད། སངས་རྒྱས་སྨན་ལྷ་ནད་པའི་རོགས་ཚོགས་ཀྱི་ལས་བྱེད། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ནས་ཅན་ཌི་སྒར་དུ་སྨན་བཅོས་ཆེད་སླེབས་པའི་ནད་པ་བཅས་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། གྲོང་ཁྱེར་དེའི་མཐོ་སློབ་ཁག་གི་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་རྣམས་ལ་སྐབས་ ༡༤ པའི་བཀའ་ཤག་གི་ལྟ་གྲུབ་གསུམ་སྟེ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་རྒྱ་མི་རིགས་གཉིས་སྨན་ཀྱི་ཐབས་ལམ་བཟང་ཤོས་ཤིག་ཡིན་སྐོར། བཀའ་ཤག་སྐབས་ ༡༤ པས་ཤེས་ཡོན་གལ་གནད་ཆེ་ཤོས་སུ་བརྩིས་བཞིན་ཡོད་པའི་སྲིད་བྱུས་སྐོར། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་གཞི་གལ་ཆེན་ཁག་དཔེར་ན། གློ་ནད་ཀྲི་བི་དང་། གཉན་ནད་རེག་དུག མྱོས་རྫས་ངན་གོམས།སྨན་བཅོས་ལྟ་སྐྱོང་ལས་གཞི་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད། བོད་མིའི་སྒྲིག་འཛུགས་དྲ་བནས།།