བལ་ ཡུལ་ ཀ་ ཐ་ མན་ གྲུའི་ རྫོང་ དཔོན་ ལས་ ཁུངས་ ཀྱིས་ བལ་ སྡོད་ བོད་ མི་ ཚོར་ ད་ ལོ་ སླར་ ཡང་ གསུམ་ བཅུའི་ དུས་ དྲན་ ལ་ ལས་ འགུལ་ རྒྱུར་ ཆོག་ མཆན་ སྤྲད་ མི་ འདུག
ཁ་ སང་ བལ་ ཡུལ་ བོད་ མིའི་ དོན་ གཅོད་ འབྲེལ་ མཐུད་ ཁང་ ལས་ གསལ་ བསྒྲགས་ ཤིག་ སྤེལ་ བའི་ ནང་ ། ད་ ལོའི་ བོད་ མིའི་ རང་ དབང་ སྒེར་ ལངས་ གསུམ་ བཅུའི་ དུས་ དྲན་ ཐེངས་ ༥༦ པ་ སྲུང་ གཙིའི་ ལས་ འགུལ་ སྤེལ་ རྒྱུར། ཀ་ ཐ་ མན་ གྲུའི་ རྫོང་ དཔོན་ ལས་ ཁུངས་ ལ་ ཆོག་ མཆན་ ཞུས་ ཀྱང་
ཕྱི་ ལོ་ ༢༠༠༢ ལོ་ ཡས་ མས་ ནས་ བལ་ ཡུལ་ ནང་ གི་ བོད་ མིའི་ ཚོའི་ ཆབ་ སྲིད་ དང་ སྤྱི་ ཚོགས་ གནས་ སྟངས་ ཇེ་ སྡུག་ ཏུ་ ཕྱིན་ ཡོད་ པ་ དང་ ། དེ་ སྔོན་ བལ་ ཡུལ་ ནང་ ༧གོང་ ས་ མཆོག་ གི་ སྐུ་ ཚབ་ དོན་ གཅོད་ ལས་ ཁུངས་ ཤིག་ ཡོད་ པ་ དེའང་ ཕྱིར་ བསྡུ་ བྱེད་ དགོས་ བྱུང་ ཡོད་ ཅིང་ ། བལ་ ཡུལ་ སྣེ་ ལེན་ འབྲེལ་ མཐུད་ ལས་ ཁུངས་ ལའང་ དཀའ་ ངལ་ ཡང་ ཡང་ འཕྲད་ བཞིན་ ཡོད། བལ་ ཡུལ་ ནང་ གི་ བོད་ མི་ ཚོར་ སྐྱབས་ བཅོལ་ སོགས་ ཀྱི་ ཁྲིམས་ མཐུན་ ཡིག་ ཆ་ གང་ ཡང་ མེད་ པའི་ ངོ་ བོའི་ ཐོག་ གནས་ དགོས་ བྱུང་ ཡོད།
བལ་ ཡུལ་ གཞུང་ གིས་ བོད་ མི་ ཚོར་ གསུམ་ བཅུའི་ དུས་ དྲན་ དང་ ༧གོང་ ས་ མཆོག་ གི་ འཁྲུངས་ སྐར། ཞི་ བདེ་ གཟེངས་ རྟགས་ ཉིན་ མོ་ སོགས་ སྲུང་ གཙི་ བྱེད་ འཇུག་ གི་ མེད་ པ་ མ་ ཟད། བོད་ མིའི་ འདུ་ འཛོམས་ ལས་ འགུལ་ རིགས་ ལ་ ཉེན་ རྟོག་ པ་ དང་ སྐོར་ སྲུང་ བས་ ཉེས་ རྡུང་ བཙོན་ འཇུག་ བྱེད་ བཞིན་ ཡོད། གནས་ སྟངས་ དེ་ ནི་ བལ་ གཞུང་ ལ་ རྒྱ་ ནག་ གི་ གནོན་ ཤུགས་ དང་ དཔལ་ འབྱོར་ གྱི་ བསླུ་ བྲིད་ ཐེབས་ བཞིན་ ཡོད་ པའི་ ངོས་ འཛིན་ ཐོག་ རྒྱལ་ སྤྱིའི་ ཚོགས་ སྡེ་ ཁག་ གིས་ བལ་ གཞུང་ ལ་ སྐྱོན་ བརྗོད་ བྱེད་ བཞིན་ ཡོད།
དུས་བབ་དྲ་བ་ནས།།

