རྒྱལ་བ་རིན་པོ་ཆེའི་དྲྭ་བ།

བོད་མིའི་སྒྲིག་འཛུགསཀྱི་་དྲ་བ།

བོད་མི་མང་སྤྱི་འཐུས་ལྷན་ཙོགས་ཀྱི་དྲྭ་བ།

བོད་ཀྱི་དུས་བབ་དྲྭ་བ།

བོད་ཀྱི་བང་ཆེན་དྲྭ་བ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲྭ་བ།

རིའི་རླུང་འཕྲིན་ཁང་གི་དྲྭ་བ།

ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་དྲྭ་བ།

སློབ་མ་བསྡུ་བའི་བརྡ་སྦྱོར།

༄༅། །བརྡ་སྦྱོར།
       མི་རིགས་ལས་དོན་ལ་བློ་སེམས་དཀར་བའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམ་ལ་ཞུ་རྒྱུ། ངེད་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་ནི་སྤྱི་ལོ་2005ལོར་གསར་དུ་བཙུགས་པ་ཞིག་ཡིན་ལ། སློབ་གྲྭ་འདི་ནི་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་གི་ཡན་ལག་སློབ་གྲྭ་ཐོག་མ་ཡིན། སློབ་གྲྭ་འདི་ནས་སློབ་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་ན་གངས་ལྗོངས་འཇིགས་
མེད་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་རྒྱུའི་སྐལ་བ་རེག་གིན་ཡོད། རྒྱལ་གཉེར་སློབ་གྲྭ་ཆུང་འབྲིང་གང་དུའང་མི་རིགས་སྐད་ཡིག་སྦྱང་ཚན་ཆ་ཚང་མི་འཛོམས་པ་དང་། བོད་རིགས་སློབ་མ་ཁྲི་སྟོང་གི་འདུན་ལམ་ཐད་བསམ་གཞིག་གང་ལེགས་བཏང་བར་མ་ཟད། ཁུལ་དང་གྲོང་ཁྱེར། རྫོང་སོགས་སུ་སྡོད་པའི་བོད་རིགས་ཁྱིམ་ཚང་གི་བྱིས་པར་སྐད་ཡིག་སྦྱོང་རྒྱུའི་དཀའ་ངལ་མང་བོའི་གནས་ཚུལ་དངོས་ལ་གཞིགས་ཏེ་སློབ་གྲྭ་འདི་ནས་ད་ལོར་ཆེད་དུ་སྔར་བས་གཞི་རྒྱ་ཆེར་བསྐྱེད་ཀྱིས་སློབ་མ་བསྡུ་བའི་ཁ་གྲངས་ཇེ་མང་གཏོང་རྒྱུའི་ཐད་དུ་ངེད་སློབ་གྲྭའི་གཞུང་སྒྲུབ་ཁང་གི་ལས་སྣ་ཡོངས་གྲོས་འཆམ་བྱུང་སྟེ་གསར་ཞུགས་སློབ་མ་སུམ་བརྒྱ་བསྡུ་རྒྱུའི་གཏན་ཁེལ་བྱས། དམིགས་བསལ་རོང་འབྲོག་གི་བུ་དང་བུ་མོ་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་པའམ་སློབ་བཤོལ་བྱས་ཏེ་རང་དགར་སྡོད་པའི་བུ་བུ་མོ། དྭ་ཕྲུག་སོགས་བསྡུ་རྒྱུ་ཡིན་ཞིང་སློབ་ཡོན་སོགས་སྐར་གང་མི་དགོས་པར་སློབ་ཞུགས་རྒྱུགས་འབྲས་ལྟར་ཞུགས་ཆོག །

སློབ་སྦྱོང་གི་དུས་ཡུན།   ལོ་རིམ་དང་བོ་ནས་དམའ་འབྲིང་མཐར་ཕྱིན་བར་ཡིན་ལ། 
སྦྱང་བྱའི་རྣམ་གྲངས།    བོད་རྒྱ་དབྱིན་གསུམ་གཙོ་བྱས་ཏེ་བསྡུས་གྲྭ་དང་སྙན་ངག སུམ་རྟགས་དག་གསུམ། རྩིས་རིག  དངོས་ལུགས། རྫས་འགྱུར། རིག་རྩལ་བཅས་ཡིན། 
དཔང་ཡིག་གི་ཚད་གཞི   དམའ་འབྲིང་མཐར་ཕྱིན་གྱི་ལག་རྟགས། 
སློབ་མའི་ལོ་ཚད།    ཆེ་བ་ལོ་ཉེར་ལྔ་ནས་ཆུང་བ་ལོ་བརྒྱད་ཀྱི་བར་ཡིན། 25___8བར་ཡིན། 
མིང་ཐོ་འགོད་ཡུན།   སྤྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་ནས་སྤྱི་ཟླ་ལྔ་བའི་ཚེས་བཅོ་ལྔ་བར་ཡིན་ལ། རང་གི་སྡོད་གནས་དང་ལོ་ཚད།   ཐོབ་ཐང་དཔང་ཡིག་བཅས་ལྡན་དགོས།
ཞེས་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭས་སྤྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་སྦྱར། 
ས་གནས། མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་དཔའ་ལུང་རྫོང་ཀ་མདོ་གྲོང་རྡལ།
འབྲེལ་གཏུག་ཁ་པར་ཨང་གྲངས། 13897027011
                               15003649155
བཙན་པོའི་མགར་གྱི་དྲ་བ་ནས།