དེ་ རིང་ ཆོ་ འཕྲུལ་ དུས་ ཆེན་ གྱི་ སྨོན་ ལམ་ ཆེན་ མོའི་ ཐོག་ ༸གོང་ ས་ མཆོག་ གིས་ སེམས་ པ་ བཟང་ པོ་ བྱས་ ན་ ལུས་ སེམས་ གཉིས་ ལ་ བདེ་ སྐྱིད་ ལྡན་ པ་ མ་ ཟད། ཚེ་ རིང་ ཞིང་ གྲོགས་ མང་ བར་ ཕན་ ཐོགས་ ཡོད་ སྐོར་ བཀའ་ སློབ་ གནང་ སོང་ །
དེ་ རིང་ བོད་ ཟླ་ ༡ ཚེས་ ༡༥ སྟེ་ ཆོ་ འཕྲུལ་ དུས་ ཆེན་ དང་ བསྟུན། སྔ་ དྲོའི་ ཆུ་ ཚོད་ ༨།
༣༠ ཙམ་
གསུང་ ཆོས་ ཀྱི་ ཐོག་ མར་ ༸གོང་ ས་ མཆོག་ གིས་ ནང་ ཆོས་ ངོ་ སྤྲོད་ གནང་ སྐབས། བོད་ ལ་ སངས་ རྒྱས་ པའི་ ཆོས་ དེ་ ཞེ་ དྲགས་ དར་ ཁྱབ་ ཕྱིན་ ཡོད་ ཀྱང་ ། སངས་ རྒྱས་ ཆོས་ ག་ འདྲ་ ཡིན་ པ་ དེ་ ངོ་ ཆ་ འདྲ་ བོ་ འཕྲོད་ ནས་ ཆོས་ བྱེད་ མཁན་ དཀོན་ པོ་ རེད་ འདུག དེ་ རིང་ ཁ་ སང་ དུས་ རབས་ ཉེར་ གཅིག་ པའི་ ནང་ བསླེབས་ བསྡད་ ཡོད་ ལ། འཛམ་ བུ་ གླིང་ གི་ ས་ ཆ་ གང་ དང་ གང་ ཡིན་ ནའང་ དེང་ དུས་ ཀྱི་ ཤེས་ ཡོན་ ཡར་ རྒྱས་ འགྲོ་ བཞིན་ ཡོད་ པ་ དང་ ། དེ་ རིགས་ ལ་ དོ་ སྣང་ ཡང་ ཤུགས་ ཆེ་ རུ་ འགྲོ་ བཞིན་ ཡོད་ པ་ རེད། མིའི་ ཤེས་ ཡོན་ ཡག་ ཏུ་ འགྲོ་ སྐབས་ རང་ བཞིན་ ལྷན་ སྐྱེས་ ཀྱིས་ སེམས་ ནང་ ཐེ་ ཚོམ་ དང་ དོགས་ པ་ བསླེབ་ ཡོང་ གི་ ཡོད་ ཀྱང་ དེ་ དགོས་ པ་ རེད། སངས་ རྒྱས་ པའི་ ཆོས་ ཀྱི་ འགྲོ་ སྟངས་ བརྟག་ དཔྱད་ བྱས་ ཏེ་ བསམ་ བློ་ བཏང་ ། རྒྱུ་ མཚན་ མཐོང་ བའི་ ཐོག་ ནས་ ངེས་ པ་ རྙེད་ དེ་ དེས་ དྲངས་ པའི་ དད་ པ་ དང་ ། དེས་ དྲངས་ པའི་ ངེས་ འབྱུང་ ། དེས་ དྲངས་ པའི་ སྙིང་ རྗེ་ སྐྱེས་ པ་ ཞིག་ དགོས་ པ་ རེད་ མ་ གཏོགས། རྒྱུ་ མཚན་ ལ་ བསམ་ བློ་ མ་ བཏང་ བར་ ནམ་ མཁའི་ མཁའ་ དང་ མཉམ་ པའི་ སེམས་ ཅན་ ཐམས་ ཅད་ ལ་ སངས་ རྒྱས་ ཀྱི་ གོ་ འཕང་ ཐོབ་ པར་ ཤོག་ ཅེས་ ཚིག་ སྐམ་ པོ་ ཞིག་ འདོན་ བསྡད་ པས་ ཁག་ པོ་ ཞེ་ དྲགས་ རེད། སྐལ་ བ་ བཟང་ དུས་ ཟེར་ ན་ འདྲ་ ཡར་ རྒྱས་ མ་ སོང་ གོང་ གང་ ལྟར་ དེ་ འདྲ་ བྱས་ ནས་ ལོ་ དང་ ལོ་ བསྐྱལ་ བ་ རེད། ཡིན་ ནའང་ ད་ ལྟ་ དེས་ ཁོངས་ མི་ འཁྱོལ་ བས་ སྤུས་ དག་ པོ་ ཞིག་ དགོས་ པ་ དེ་ དཔེ་ གལ་ ཆེན་ པོ་ རེད། ཅེས་ དང་ །
ཡང་ ཁོང་ གིས། སེམས་ པ་ བཟང་ པོ་ བྱས་ ན་ ལུས་ བདེ་ བ་ དང་ གྲོགས་ པོ་ ཡོད་ པ། སྣང་ བ་ སྐྱིད་ པོ་ དང་ བག་ ཕེབས་ པོ་ ཡོང་ གི་ རེད། ཁོང་ ཁྲོ་ དང་ ང་ རྒྱལ། རང་ གཅེས་ འཛིན་ བྱས་ ནས་ བསྡད་ པ་ ཡིན་ ན། ལུས་ བདེ་ བོ་ མི་ ཡོང་ ལ། སེམས་ ཡང་ སྐྱིད་ པོ་ ཡོང་ གི་ མ་ རེད། སེམས་ སྐྱིད་ པོ་ མེད་ དུས་ ལུས་ ཡང་ བདེ་ བོ་ ཡོང་ གི་ མ་ རེད་ ལ། གྲོགས་ པོ་ ཡོང་ གི་ མ་ རེད། སུ་ ལ་ ཡིན་ ནའང་ མགོ་ སྐོར་ དང་ ཐུབ་ ཚོད་ གཏོང་ བ། གོ་ སྐབས་ འཛིན་ པར་ བསམ་ བློ་ བཏང་ བསྡད་ པ་ ཡིན་ ན་ གྲོགས་ པོ་ ག་ འདྲ་ ཡོང་ གི་ རེད། དངོས་ གནས་ རང་ དོན་ སྒྲུབ་ ཤེས་ མཁན་ ཞིག་ ཡིན་ ན་ བརྩེ་ བ་ བྱོས་ དང་ ། རང་ དོན་ འགྲུབ་ པའི་ ཐབས་ ཤེས་ ཡག་ ཤོས་ དེ་ རེད། དེ་ ཆོས་ ཀྱི་ སྐད་ ཆ་ གཅིག་ པུ་ མིན་ པ་ མིའི་ རང་ བཞིན་ གྱི་ བསམ་ བློས་ ཤེས་ ཐུབ་ པ་ རེད། རིམ་ པ་ དང་ པོ་ དེ་ ང་ ཚོ་ མི་ ཞིག་ ཡིན་ པའི་ ངོས་ ནས་ མི་ བཟང་ པོ་ ཞིག་ བྱེད་ དགོས་ པ་ རེད། མི་ བཟང་ པོ་ ཡོད་ ན་ དྲང་ པོ་ དྲང་ བཞག་ ཡོང་ གི་ རེད་ ལ། དྲང་ པོ་ དྲང་ བཞག་ ཡོང་ ན་ གྲོགས་ པོ་ ཡོང་ གི་ རེད། ཁྱིམ་ ཚང་ ཡང་ སྐྱིད་ པོ་ ཡོང་ གི་ རེད་ ལ། སྤྱི་ ཚོགས་ ཡང་ སྐྱིད་ པོ་ ཡོང་ གི་ རེད། ཅེས་ གསུངས་ སོང་ །
༸གོང་ ས་ མཆོག་ གིས་ ཞོར་ འཕྲོས་ སུ་ དུས་ རབས་ བདུན་ པ་ བརྒྱད་ པའི་ སྐབས་ བོད་ མི་ ས་ ཡ་ མང་ པོ་ ཡོད་ པ་ དང་ ། ཕྱིས་ སུ་ འབྲོམ་ སྟོན་ པའི་ སྐབས་ མི་ འབོར་ ཞིབ་ བཤེར་ བྱེད་ དུས་ བོད་ མིོ་ ས་ ཡ་ ༡༠ ཡོད་ པ་ གསུངས་ ཡོད་ ཀྱང་ ། དེང་ སྐབས་ ས་ ཡ་ དྲུག་ བདུན་ ཟེར་ གྱི་ ཡོད་ སྟབས། འབྲོམ་ སྟོན་ པ་ བྱུང་ ནས་ ལོ་ ངོ་ ༡༠༠༠ ཡས་ མས་ ཙམ་ གྱི་ ནང་ བོད་ མི་ ས་ ཡ་ བཅུ་ ནས་ ས་ ཡ་ དྲུག་ ཏུ་ མར་ ཆགས་ ཡོད་ པ་ དང་ ། དེའི་ རྒྱུ་ རྐྱེན་ གཙོ་ བོ་ འཕྲོད་ བསྟེན་ དང་ དཔལ་ འབྱོར་ གྱི་ ཆ་ རྐྱེན་ ཡག་ པོ་ མེད་ པར་ མི་ མང་ པོ་ ནད་ མནར་ གྱིས་ གྲོངས་ བ་ དང་ ། དེ་ བཞིན་ རབ་ བྱུང་ ཕོ་ མོ་ མང་ དྲགས་ ནས་ སྐྱེས་ སྒོ་ བཀག་ པ་ ལྟ་ བུ་ ཆགས་ པའི་ སྐྱོན་ ཡང་ ཡོད། སྤྱིར་ བཏང་ རབ་ བྱུང་ ཕོ་ མོ་ ངེས་ པར་ དུ་ དགོས་ ཀྱང་ སྤུས་ དག་ ལ་ མ་ དག་ ལ་ མང་ པོ་ ཞིག་ ཡོད་ ན་ སྐྱེས་ སྒོ་ བཀག་ པ་ ལྟ་ བུ་ ཞིག་ མ་ གཏོགས་ ཕན་ ཐོགས་ མེད་ པ་ དང་ ། ཡང་ བོད་ ས་ ཁུལ་ མང་ པོའི་ ནང་ བུ་ སྤུན་ གཉིས་ གསུམ་ ལ་ མནའ་ མ་ གཅིག་ ལེན་ པའི་ ལུགས་ སྲོལ་ དེས་ ཀྱང་ མི་ འབོར་ འཕེལ་ རྒྱས་ ལ་ གནོད་ ཀྱི་ ཡོད་ སྟབས། མི་ སྒེར་ རེ་ རེར་ མཚོན་ ན་ མི་ ལུས་ དེ་ གལ་ ཆེན་ པོ་ ཡིན་ ལ། ད་ ལྟ་ བོད་ གཞིས་ བྱེས་ གཉིས་ སུ་ མི་ འབོར་ ཉུང་ དྲགས་ ཡོད་ པས། བོད་ སྤྱི་ ཡོངས་ ཀྱི་ ཐོག་ ནས་ བཤད་ ནའང་ མི་ འབོར་ དེ་ གལ་ ཆེན་ པོ་ ཆགས་ ཡོད་ སྐོར་ དང་ ། བོད་ ནང་ ཆོས་ སྒོ་ ཕྱེས་ པའི་ གོ་ སྐབས་ དང་ བསྟུན་ ཏེ་ དེང་ སང་ བོད་ ནང་ དགོན་ པ་ གསར་ རྒྱག་ སོགས་ བྱེད་ སྐབས། དགོན་ པ་ དང་ བླ་ མ་ གྲྭ་ ཚང་ ནས་ དངུལ་ འདུ་ འགོད་ སོགས་ ལོག་ ཚོགས་ རིགས་ བྱུང་ མི་ སྲིད་ པ་ མིན་ སྟབས། དེ་ ཚོར་ ངེས་ པར་ དུ་ གཟབ་ གཟབ་ བྱེད་ དགོས་ སྐོར་ སོགས་ གསུངས་ སོང་ །
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

