གསུམ་ བཅུའི་ དུས་ དྲན་ བསླེབ་ ལ་ ཉེ་ བས་ རྒྱ་ གཞུང་ གིས་ དགོན་ པ་ ཁག་ གི་ གཙོས་ བོད་ ཁུལ་ གྱི་ ས་ ཆ་ མང་ པོའི་ ནང་ སྔར་ ལས་ དམ་ དྲག་ བྱེད་ པར་ གྲ་ སྒྲིག་ བྱེད་ བཞིན་ ཡོད་ འདུག
ཕ་ ཡུལ་ རེབ་ གོང་ ཕྱོགས་ ནས་ ཡིན་ པའི་ བོད་ མི་ ཞིག་ གིས་ འདི་ གར་ གནས་ ཚུལ་ མཁོ་
ཡང་ གནས་ ཚུལ་ མཁོ་ སྤྲོད་ པ་ དེས། ལོ་ གསར་ གྱི་ སྔ་ ནུབ་ ནས་ བཟུང་ སྟེ་ མགོ་ ལོག་ ཁུལ་ དགའ་ བདེ་ རྫོང་ དང་ པད་ མ་ རྫོང་ ། དར་ ལག་ རྫོང་ ། རྨ་ ཆེན་ རྫོང་ ར་ རྒྱ་ བཅས་ ཀྱི་ གཞུང་ ལམ་ ས་ ཚིགས་ ཀུན་ ཏུ་ རྒྱ་ གཞུང་ གིས་ དམག་ སྒར་ བརྒྱབ་ སྟེ། ས་ གནས་ བོད་ མི་ ཚོའི་ འགྲོ་ འདུག་ སྤྱོད་ གསུམ་ ལ་ ལྟ་ རྟོག་ དང་ བཀག་ སྡོམ་ བྱེད་ བཞིན་ ཡོད་ པ་ མ་ ཟད། བསླེབ་ ལ་ ཉེ་ བའི་ གསུམ་ བཅུའི་ དུས་ དྲན་ དང་ རྒྱ་ གཞུང་ གིས་ བརྗོད་ པའི་ ༣.༡༤ དོན་ རྐྱེན་ སྐབས་ ཞི་ རྒོལ་ ཟིང་ འཁྲུག་ མི་ ཡོང་ བར་ ད་ ལྟ་ ནས་ དོགས་ ཟོན་ གྲ་ སྒྲིག་ སྣ་ ཚོགས་ བྱེད་ བཞིན་ ཡོད་ སྐོར་ བརྗོད་ བྱུང་ །
གཞན་ ཡང་ ། ས་ གནས་ བོད་ མི་ ཞིག་ གིས་ གནས་ ཚུལ་ མཁོ་ སྤྲོད་ གནང་ བའི་ ནང་ ། ཟླ་ འདིའི་ ཕྱི་ ཚེས་ ༤ ཉིན་ རྨ་ ལྷོ་ ཁུལ་ གཅན་ ཚ་ རྫོང་ ལ་ མོ་ བདེ་ ཆེན་ དགོན་ གྱི་ གར་ འཆམ་ གྱི་ བྱེད་ སྒོ་ མཇུག་ བསྡུས་ ཡོད་ ཀྱང་ ། དཔུང་ རྟགས་ དམར་ པོ་ བཏགས་ པའི་ ཉེན་ རྟོག་ པ་ སོགས་ ཀྱིས་ མུ་ མཐུད་ དུ་ དགོན་ པའི་ འདུ་ ཁང་ གི་ རྒྱབ་ རོལ་ སོགས་ ནས་ ལྟ་ རྟོག་ ནན་ མོ་ བྱེད་ བཞིན་ ཡོད་ པ་ དང་ ། ལོ་ གཅིག་ ནང་ གར་ འཆམ་ ཐེངས་ གཅིག་ མ་ གཏོཊ་ མེད་ ཀྱང་ རྒྱ་ གཞུང་ གིས་ བོད་ མིའི་ ཆོས་ དད་ རང་ དབང་ སོགས་ ལ་ སྒོ་ ཀུན་ ནས་ རྩིས་ མེད་ རྡོག་ རོལ་ གཏོང་ གི་ འདུག གནས་ ཚུལ་ འདི་ དང་ འབྲེལ་ བའི་ འདྲ་ པར་ ཡོད་ ཀྱང་ བདེ་ འཇགས་ ཆེད་ བརྒྱུད་ ལམ་ དུ་ བསྐུར་ མེད་ ཅེས་ བརྗོད་ འདུག
ཨེ་ ཤ་ ཡ་ རང་ དབང་ རླུང་ འཕྲིན་ ཁང་ གིས་ གནས་ ཚུལ་ སྤེལ་ བ་ ལྟར་ ན། ཟླ་ འདིའི་ ཕྱི་ ཚེས་ ༨ ཉིན་ བར་ ཀན་ ལྷོ་ ཕྱོགས་ ཀྱི་ ཁུལ་ དང་ རྫོང་ ཁག་ གི་ སྲིད་ གཞུང་ ལས་ བྱེད་ ཚོ་ ལོ་ གསར་ གྱི་ གུང་ གསེང་ ཡིན་ ཡང་ ། ཟླ་ འདིའི་ ཕྱི་ ཚེས་ ༡ ཉིན་ གློ་ བུར་ དུ་ བརྡ་ ཁྱབ་ ཅིག་ བཏང་ སྟེ་ ཕྱི་ ཚེས་ ༢ ཉིན་ ལས་ བྱེད་ ཚང་ མ་ ལས་ གནས་ སུ་ འབྱོར་ དགོས་ པ་ དང་ ། སློབ་ གྲྭ་ ཁག་ གི་ སློབ་ མ་ ཚོ་ དགུན་ ཁའི་ གུང་ གསེང་ དུ་ ཕྱིན་ ཡོད་ ཀྱང་ དགེ་ རྒན་ རྣམས་ གཞུང་ ལས་ ཁང་ དུ་ འཛོམས་ དགོས་ པའི་ བཀའ་ བཏང་ ཡོད་ པ་ མ་ ཟད། ཛ་ དྲག་ གི་ གནས་ ཚུལ་ མེད་ ན་ ལས་ གནས་ ནས་ དགོངས་ པ་ ཞུ་ མི་ ཆོག་ ལ། སྨོན་ ལམ་ ཆེན་ མོ་ སོགས་ ཆོས་ ཕྱོགས་ ཀྱི་ བྱེད་ སྒོ་ གང་ ལའང་ ཞུགས་ མི་ ཆོག་ པའི་ བཀའ་ རྒྱ་ བཏང་ ཡོད་ འདུག ལས་ གནས་ སུ་ བསྡུས་ བའི་ ལས་ བྱེད་ ཚོ་ མི་ མང་ འདུ་ འཛོམས་ བྱེད་ ས་ དང་ ལྷག་ པར་ དུ་ བླ་ བྲང་ བཀྲ་ ཤིས་ འཁྱིལ་ དང་ གཙོད་ དགོན་ པ། ཤིས་ ཚང་ སྒར་ གསར་ དགོན། ཅོ་ ནེ་ དགོན། འབོ་ ར་ དགོན་ སོགས་ སུ་ བོད་ མིའི་ འགྲོ་ སྡོད་ ལ་ རྟོག་ ཞིབ་ ཆེད་ འགྲེམས་ འཇོག་ བྱས་ ཏེ། བསླེབ་ ལ་ ཉེ་ བའི་ གསུམ་ བཅུའི་ དུས་ དྲན་ ལ་ དམ་ དྲག་ ཤུགས་ ཆེན་ བྱེད་ པར་ སྟ་ གོན་ བྱེད་ བཞིན་ ཡོད་ འདུག
གསར་ འགོད་ པ། པདྨ་ མཚོ།
དུས་བབ་དྲ་བ་ནས།།

