ཉེ་ ཆར་ མངའ་ རིས་ ས་ ཁུལ་ རྩ་ མདའ་ རྫོང་ གི་ གྲོང་ ནུབ་ ནས་ ཞང་ ཞུང་ སྐབས་ ཀྱི་ གནའ་ བོའི་ གཟི་ ཞིག་ གསར་ རྙེད་ བྱུང་ ཡོད་ འདུག
ཟླ་ འདིའི་ ཚེས་ ༩ ཉིན་ མི་ དམངས་ དྲ་ བ་ དང་ རྒྱ་ ནག་ གི་ བརྒྱུད་ ལམ་ ཁག་ ཏུ་ གནས་ ཚུལ་ ཐོན་ པ་ ལྟར་ ན། ཉེ་ ཆར་ རྒྱ་ ནག་ སྤྱི་ ཚོགས་ ཚན་ རིག་ ཁང་ གི་ གནའ་ རྫས་ རྟོག་
བོད་ རང་ སྐྱོང་ ལྗོངས་ ཟེར་ བའི་ རིག་ དངོས་ སྲུང་ སྐྱོབ་ ཞིབ་ འཇུག་ ཁང་ གི་ འགན་ འཛིན་ གཞོན་ པ་ ལི་ ལིན་ ཧུའེ་ ཡིས། “གཟི་ དེས་ བོད་ ལྗོངས་ ས་ ཁུལ་ གྱི་ གཟི་ ཐོན་ པའི་ ལོ་ རབས་ དང་ གཟི་ དབྱིབས་ གཟི་ རིས། དེ་ བཞིན་ བེད་ སྤྱོད་ གཏོང་ ཚུལ་ བཅས་ ལ་ རྟོག་ ཞིབ་ བྱ་ རྒྱུར་ དཔྱད་ གཞི་ དང་ པོ་ བྱུང་ ཡོད་ པ་ མ་ ཟད། གནའ་ བོའི་ ཞང་ ཞུང་ དུས་ སྐབས་ སུ་ བོད་ ནང་ གཟི་ ཡོད་ པ་ དང་ དར་ ཁྱབ་ ཆེན་ པོ་ ཡིན་ པ་ ར་ སྤྲོད་ བྱེད་ ཐུབ།”ཅེས་ དང་ ། རྒྱ་ ནག་ སྤྱི་ ཚོགས་ ཚན་ རིག་ ཁང་ གི་ གནའ་ རྫས་ རྟོག་ ཞིབ་ ཁང་ གི་ འབུམ་ རམས་ པ་ ཐུང་ ཐའོ་ ཡིས། “གནའ་ རྫས་ རྟོག་ ཞིབ་ མི་ སྣས་ མངའ་ རིས་ ས་ ཁུལ་ རྩྭ་ མདའ་ རྫོང་ གི་ གྲོང་ ནུབ་ ཀྱི་ ཆུ་ འཐག་ བང་ སོ་ སྔོག་ འདོན་ བྱེད་ སྐབས། བྲག་ ཕུག་ རྣམ་ པའི་ བང་ སོ་ ཁག་ ལྔ་ ཡོད་ པ་ མཐོང་ ཡོད་ པ་ མ་ ཟད། ཞང་ ཞུང་ སྐབས་ ཀྱི་ རྩ་ ཆེའི་ རིག་ དངོས་ འབོར་ ཆེན་ ཡང་ མཐོང་ ཡོད་ ཅིང་ ། དེའི་ ཁྲོད་ ཀྱི་ བང་ སོ་ ཞིག་ ཏུ་ གཟི་ སྤུས་ ལེགས་ ཤིག་ རག་ ཡོད་ པ་ དེ་ ནི་ མདོ་ དབུས་ མཐོ་ སྒང་ དུ་ གནའ་ རྫས་ རྟོག་ ཞིབ་ ལས་ ཐོན་ ཐེངས་ དང་ པོ་ རེད།” ཅེས་ བརྗོད་ འདུག
གསར་ རྙེད་ བྱུང་ བའི་ གཟི་ དེར་ མགོ་ གཞུག་ སྙོམས་ པ་ དང་ ཁུང་ བུ་ ཡོད་ པ། རིང་ ཚད་ ལི་ སྨི་ ༢།༨༥ དང་ ཚངས་ ཐིག་ ཆེ་ ཤོས་ ལ་ ལི་ སྨི་ ཀླད་ ཀོར་ ཚེག་ དགུ་ དང་ ། ཁུང་ བུའི་ ཚངས་ ཐིག་ ལ་ ལི་ སྨི་ ཀླད་ ཀར་ ཚེག་ གཉིས་ ཡོད་ འདུག གནའ་ བོའི་ གཟི་ གསར་ རྙེད་ བྱུང་ སའི་ བང་ སོ་ དེ་ ནི་ ལོ་ ངོ་ ༡༨༠༠ ལྷག་ ཕྱིན་ ཡོད་ པའི་ ཞང་ ཞུང་ སྐབས་ ཀྱི་ སྐུ་ དྲག་ ཅིག་ གི་ བང་ སོ་ ཡིན་ འདུག
གསར་ འགོད་ པ། དོན་ གྲུབ།
དུས་བབ་དྲ་བ་ནས།།